མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གི་ཆོས་སྡེ་ནང་བསླབ་པ་ཉམས་ལེན་མིང་དོན་མཚུངས་པ་ཨེ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བོད་པའི་ཆོས་བརྒྱུད་སོ་སོའི་ཆོས་སྡེ་དག་ཏུ་བཅོམ་ལྡན་འདས་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་མིང་དོན་མཚུངས་པ་ཞིག་ཡོད་མེད་དང་། གལ་སྲིད་འཐུས་ཤོར་འགྲོ་བཞིན་པའི་རིགས་ཡོད་ན་ཧ་ཅང་གཟབ་ནན་ཆེན་པོས་བཅོས་བསྒྱུར་གཏོང་དགོས་སྐོར། ཧི་མ་ལ་ཡའི་རི་རྒྱུད་ཁག་གིས་སོ་སོར་ཡུལ་སྐད་མ་འདྲ་བ་རེ་ཡོད་པ་དེར་བདག་པོ་རྒྱག་རྒྱུ་གལ་ཆེན་ཡིན་ཡང་། ནང་ཆོས་ལ་སློབ་གཉེར་མཐར་སོན་པ་ཞིག་གནང་རྒྱུར་ངེས་པར་དུ་བོད་ཡིག་ཡག་པོ་སྦྱོང་གལ་ཆེ་སྐོར་སོགས་གསུངས་སོང་།

དེ་རིང་ཞོགས་པར་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་དགེ་འདུན་གྱི་སྡེ་མཉམ་དུ་དུས་འཁོར་གྱི་ཆོ་ག་གསོག་བསྒྲུབ་གནང་ཡོད་པ་དང་། ཉིན་རྒྱབ་དགའ་ལྡན་ཁྲི་རིན་པོ་མཆོག་དང་ས་སྐྱའི་གདུང་སྲས་མཆོག འབྲི་གུང་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སོགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་དང་མི་མང་ཆིག་འབུམ་བཞི་ཁྲི་བརྒལ་བ་འདུ་འཛོམས་ཐོག ༸གོང་ས་མཆོག་གིས་དུས་དབང་མགོ་འཛུགས་དང་འབྲེལ་ནས་བཀའ་སློབ་གནང་དོན། དེ་རིང་འདིར་དགའ་ལྡན་ཁྲི་རིན་པོ་མཆོག་དང་གདན་ས་ཁག་གི་མཁན་པོ་ལས་ཟུར། དགེ་བཤེས་གང་འཚམ་ཕེབས་འདུག ང་རང་ཚོའི་བོད་ཀྱི་ལོ་རྒྱུའི་ནང་སེ་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ་སོགས་ལ་བཤད་གྲྭ་གལ་ཆེ་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ཆགས་ཡོད་ཀྱང་གནས་སྟངས་འོག་ཡག་ཐག་ཆོད་རེད། ད་དུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ག་རེ་ཡོད་མེད་སྐོར་ཁ་སང་ཁྲི་རིན་པོ་ཆེ་མཆོག་དང་མཉམ་དུ་བཀའ་མོལ་རོབ་ཙམ་བྱུང་སོང་། དུས་དང་ཁོར་ཡུག་གི་འགྲོ་སྟངས་འཆར་ཅན་ཡོད་པ་དག་འགྲིག་བསྡད་བསམ་ནས་ལྷོད་གཡེང་མ་བཏང་བར་སློབ་གཉེར་ལ་འཐུས་ཤོར་ག་རེ་འགྲོ་བཞིན་ཡོད་མེད་དང་། འཐུས་ཤོར་འགྲོ་བཞིན་ཡོད་ན་རྒྱུ་རྐྱེན་ག་རེ་ཐོག་ནས་འགྲོ་བཞིན་ཡོད་པ་དག་འབྲེལ་ཡོད་ཚོས་དུས་དང་དུས་ནས་གོ་བསྡུར་གནང་རྒྱུ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༥ ལྷག་ཕྱིན་ཏེ་མི་རབས་གསར་བ་སླེབ་བཞིན་ཡོད། ཁོང་ཚོས་མི་རབས་གོང་མའི་ཤེས་ཚད་ཀྱི་རྗེས་ཟིན་ཐུབ་ཀྱི་ཡོད་མེད་གཞི་ནས་ལྟ་དགོས། དེ་སྔ་མེད་པའི་གསར་བ་མང་པོ་བསླེབས་ཡོད་པ་དེའི་མཉེན་པོ་ཟེར་ན་འདྲ། གདོང་ལེན་བྱེད་པར་བསམ་བློ་གསར་བ་བཏང་ན་མ་གཏོགས་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་མེད་པ་མ་རེད། དེར་བརྟེན། བདག་གི་རྩ་བའི་བླ་མ་ཁྲི་རིན་པོ་མཆོག་བཞུགས་པའི་ཐོག་ཁྱེད་རང་ཚོས་ཡིན་གཅིག་མིན་གཅིག་དོ་གལ་ཆེན་པོར་བརྩི་དགོས་ཞེས་ཞུ་འདོད་བྱུང་། ཞེས་གསུངས་སོང་།

༸གོང་ས་མཆོག་གིས་འབྲི་གུང་རིན་པོ་ཆེ་དང་ས་སྐྱ་གདོང་སྲས་གཉིས་རྣམ་གཉིས་ལ་དམིགས་ཏེ་གསུངས་དོན། དེ་རིང་འབྲི་གུང་རིན་པོ་ཆེ་དང་ས་སྐྱ་གདུང་སྲས་བཅས་ཕེབས་ཡོད་སྟབས། རང་རང་སོ་སོའི་ཆོས་སྡེ་ཁག་ཏུ་བཅོམ་ལྡན་གྱི་རྗེས་འབྲང་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པ་དེ་མིང་དོན་མཚུངས་བ་ཡོད་མེད་དང་། ལྷག་པར་དུ་ལྷོད་གཡེང་མ་བཏང་བར་ཡང་ནས་ཡང་དུ་གཟིགས་ཏེ་འབྲེལ་ཡོད་ཚོར་གོ་བསྡུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བསླབ་པ་སློབ་གཉེར་དང་དགོན་པའི་སྒྲིག་ལམ་ཀུན་སྤྱོད་སོགས་ག་ལེར་ཉམས་ཆག་འགྲོ་བཞིན་པའི་ཁ་ཐུག་ལ་ཉེན་ཁ་ཞེ་དྲག་མེད་པ་འདྲ་བོ་ཡོད། ཉམས་ཆགས་གང་འཚམ་ཕྱིན་ནས་མངོན་གསལ་དོད་པོ་ཆགས་ཡོང་སྐབས་ལམ་སེང་བཟོ་བཅོས་རྒྱག་དགོས་ན་ཕྱོགས་མང་པོ་ཞིག་ལ་བལྟས་ནས་བཟོ་བཅོས་རྒྱག་དགོས་སྟབས། སྐྱོན་ཕྲན་བུ་ཤོར་སྐབས་གཟབ་གཟབ་དོ་སྣང་བྱས་ཏེ་བསྟན་པ་ཉམས་ཆག་མ་འགྲོ་བ་ཞིག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། བོད་ནང་ཆ་བཞག་ན་གུང་ཁྲན་ཏང་གི་བསམ་བློ་གུ་དོག་པོ་ཅན་དག་གིས་ཤེས་བཞིན་དུ་ཆོས་ལ་དམ་དྲག་བྱེད་ཀྱི་ཡོད་པ་རེད། ང་ཚོས་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་ཟེར་མཁན་སོ་སོའི་ངོས་ནས་རང་དབང་ལུང་པའི་ནང་ཚུགས་མ་ཚུད་པར་འཐུས་ཤོར་ཕྱིན་ན་ཧ་ཅང་ངོ་ཚ་བོ་རེད་དཱ། དེ་འདྲ་ཡིན་དུས་ཆོས་སྐྱོན་རེད་ཟེར་མཁན་གྱིས་དམ་དྲག་བྱེད་པ་དབྱིན་སྐད་ནང་ Understandable €ལབ་ཆོག་གི་རེད། ཆོས་ཁས་ལེན་མཁན་སོ་སོའི་ངོས་ནས་ལྷོད་གཡེང་བཏང་ནས་འཐུས་ཤོར་ཕྱིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། ཅེས་གསུངས་སོང་།

བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པའི་སྐོར་ལ་གསུངས་དོན། ང་རང་ཚོར་མཚོན་ན་བོད་པ་ཞིག་རེད། བོད་པ་ཞིག་གིས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་བོད་ཀྱི་སྐད་ཡིག་གལ་ཆེན་པོ་རེད་བ་ཙམ་མ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་ནང་པ་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེནྜའི་ཆོས་བརྒྱུད་ཟབ་ཅིང་བརླིང་བ་དེར་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་ཐུབ་མཁན་བོད་སྐད་རྩི་བཞིན་ཡོད། ཆོས་ལ་དོ་སྣང་བྱེད་མཁན་ཡིན་ན་བོད་སྐད་ལ་དོ་སྣང་བྱེད་དགོས་ཆགས་ཀྱི་ཡོད། དཔེར་ན། ལོ་བརྒྱ་ཕྲག་མང་པོའི་རིང་སོག་པོ་ཕྱི་ནང་གཉིས་གཙོས་ཨུ་རུ་སུའི་ཁོངས་གཏོགས་སུ་ཡོད་པའི་ཁེལ་མུག་ལ་སོགས་པའི་ས་ཁུལ་དག་བོད་ཀྱི་ཆོས་བརྒྱུད་འཛིན་མཁན་ཡིན་སྟབས། བོད་ཡིག་དང་བོད་སྐད་ཐོག་ནས་ནང་ཆོས་སློབ་སྦྱོང་བྱས་ཏེ་མཁས་པ་མང་པོ་ཐོན་ཡོད། ང་རང་གི་མི་ཚེ་ལ་ཆ་བཞག་ན། ངའི་དྲན་ཐོག་ལ་སེ་འབྲས་དགའ་གསུམ་ནང་སོག་པོའི་དགེ་བཤེས་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད། ༡༩༧༩ ལོར་ང་རང་སོག་ཡུལ་དུ་ཐེངས་པོ་བསླེབས་པ་རེད། ལོ་ཙཱ་བ་མེད་ན་སྐད་ཤེས་ཀྱི་མི་འདུག་ཀྱང་། ཁོང་ཚོས་དྲི་བ་དབུ་ཅན་ཐོག་བྲིས་ནས་ཡོང་གི་འདུག ངས་དེའི་ལན་དབུ་ཅན་ནང་བྲིས་ནས་སྤྲད་ན་ཁོང་ཚོས་ཤེས་ཀྱི་འདུག དེ་སོག་པོ་ཚོས་བོད་པར་དགའ་ཞེན་བྱས་ཏེ་བོད་སྐད་བསླབ་པ་མ་རེད། ནང་ཆོས་ལ་སློབ་སྦྱོང་བྱེད་པར་སྐད་ཡིག་ཡག་ཤོས་བོད་ཡིག་ཡིན་སྟབས་ཁོང་ཚོས་བོད་ཡིག་སློབ་ཀྱི་ཡོད་པ་རེད། བོད་རིགས་ནང་ཆ་བཞག་ནའང་ཨ་མདོའི་སྐད་ཏོག་ཙམ་མ་འདྲ་བ་ཡོད་པ་རེད། མགོ་ལོག་གི་སྐད་ཏོག་ཙམ་མ་འདྲ་བ་ཡོད་པ་རེད། ཁམས་རྟ་བོར་ཆ་བཞག་ན་ལོག་སྐད་ཡོད་པ་རེད། ཡུལ་སྐད་ཕན་ཚུན་མི་འདྲ་ཡང་ཡི་གེ་འབྲི་དུས་གཅིག་གྱུར་ཡིན། ཞེས་དང་།

དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ལ་དྭགས་ལ་སྐད་ཟུར་མེད་པ་འདྲ་བོ་འདུག ཁྱེད་རང་ཚོའི་སྐད་སྒྱུར་དེ་གང་འཚམ་གོ་ཡང་ཁ་ཤས་གོ་ཡི་མི་འདུག གང་ལྟར་ཁྱེད་ཚོར་ཡུལ་སྐད་ག་རེ་ཡོད་མེད་ཁྱད་མེད་པར་བོད་ཡིག་བསླབ་རྒྱུ་གལ་ཆེན་པོ་རེད། བཀའ་བསྟན་ལ་ལྟ་མི་དགོས་ཚེ་བོད་ཡིག་གཡུག་ཀྱང་སྐྱོན་མེད། དེ་མིན་བཀའ་བསྟན་ལ་དད་པ་ཡོད་ན་བོད་ཡིག་སློབ་དགོས། ད་ལྟའི་འཆར་བཀའ་བསྟན་པོ་ཏི་སུམ་བརྒྱ་དེ་ཧི་མ་ཡའི་རི་རྒྱུད་ས་ཁུལ་གྱི་སྐད་ཡིག་ནང་ཕལ་ཆེར་བསྒྱུར་ཡོད་པ་མ་རེད། གལ་སྲིད་བསྒྱུར་རྒྱུ་མགོ་འཛུགས་བྱས་ཀྱང་མི་རབས་གཅིག་གཉིས་འགོར་མདོག་ཁ་བོ་རེད། དེ་བསྒྱུར་བར་དཀའ་ངལ་དང་འགྲོ་སོང་། དུས་ཚོད་གཏོང་བ་ལས་བོད་ཡིག་སློབ་ན་ཡག་གི་རེད། སྔོན་མ་ངས་བོད་ཡིག་གལ་ཆེན་པོ་རེད་ཟེར་དུས་ལ་དྭགས་ཀྱི་གཞོན་ནུ་ཁ་ཤས་ཀྱིས་དེ་ལ་དྭགས་ཀྱི་ཆབ་སྲིད་རེད། ངས་ཆབ་སྲིད་ནང་ཐེ་གཏོགས་བྱེད་ཀྱི་མེད་ཟེར་མཁན་བྱུང་། དེར་ཁག་མི་འདུག སོ་སོས་མི་རིགས་ཀྱི་ཞེན་ཁོག་འདྲ་བྱས་ཏེ་ང་ཚོ་ལ་དྭགས་ལ་ལ་དྭགས་ཀྱི་སྐད་ཡོད་པར་བོད་ཡིག་བསླབ་དགོས་དོན་མེད་པ་དང་། མོན་པར་མོན་པའི་སྐད་ཡོད། འབྲས་ལྗོངས་ལ་འབྲས་ལྗོངས་ཀྱི་སྐད་ཡོད། སྦི་ཏེ་ལ་སྦི་ཏེ་ཀྱི་སྐད་ཡོད་ཟེར་ན་ཁྱེད་རང་ཚོས་ཀ་ཤཱ་སྐད་བརྒྱབ་ནས་དགེ་བཤེས་ཆགས་པ་མིན་པར་བོད་སྐད་བརྒྱབ་ནས་དགེ་བཤེས་ཆགས་པ་རེད། གང་ལྟར། ཧི་མ་ཡའི་རི་རྒྱུད་ཀྱི་ས་ཁུལ་དག་ལ་ཡུལ་སྐད་ཡོད་པ་སོ་སོས་བདག་པོ་རྒྱག་དགོས། ནང་ཆོས་སློབ་སྦྱོང་གི་སྟེང་ལ་སླེབ་ཡོང་སྐབས་ངས་བོད་ཡིག་ཤོད་ཀྱི་མེད་པར་བཀའ་བསྟན་གྱི་ཡི་གེ་དེ་བསླབ་དགོས་ཟེར་གྱི་ཡོད། ཅེས་གསུངས་སོང་།

སང་ཉིན་ཞོགས་པའི་ཆུ་ཚོད་ ༧ སྟེང་ ༸གོང་ས་མཆོག་གིས་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ཆོས་ཞུ་བ་ཚང་མར་སྒྲོལ་དཀར་གྱི་ཚེ་དབང་གནང་རྒྱུ་དང་དེའི་རྗེས་རྟེན་བཞུགས་འབུལ་རྒྱུ་ཡིན་འདུག

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༠ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 1

  1. རིན་ཆེན་ཚེ་རིང་། says:
    ལོ་ 12 སྔོན།

    ད་རེས་ལ་དྭགས་དུས་དབང་དང་འབྲེལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གསུང་ཧ་ཅང་གནད་འགག་ཅན་རྐྱང་རྐྱང་གསུངས་གནང་འདུག
    བོད་པའི་ཆོས་ལུགས་གྲུབ་མཐའ་ཁག་ལ་ཚ་འདྲི་ཞིག་བཏང་བཏང་བ་དེ་ཧ་ཅང་དུས་ཐོག་ཆར་བ་ལྟ་བུ་ཞིག་ཆགས་ཡོད་པ་རེད། ལྷག་དོན་དུ་རྙིང་མ་དང་བཀའ་བརྒྱུད་ལ་མཚོན་ན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་དང་རྒྱ་ནག དེ་བཞིན་རྒྱ་བལ་འབྲུག་གསུམ་སོགས་ཀྱི་ནང་་དེང་སྐྱབས་གནས་ཚུལ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། འདི་ལ་ལེགས་བཅོས་ཟེར་ན་འདྲ་ཕྱོགས་ཡོངས་ནས་ཡར་རྒྱས་དང་འཐུས་ཚང་ཡོང་ཐབས་ཤིག་མ་གནང་ན་ནམ་ཞིག་བོད་པ་ཚང་ལ་ཞབས་འདྲེན་ཞུ་་མཁན་ཞིག་ཆགས་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་དོ།།།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese