མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཚང་གི་མི་རབས་གསུམ་ཀྱིས་བོད་སྤྱི་དོན་ཐོག་ཤ་ཚ་ཞེ་དྲག་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་ལ་དྭགས་ནང་གི་དུས་འཁོར་དབང་ཆེན་མཇུག་བསྒྲིལ་བ་དང་བསྟུན་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་བཅས་ཀྱིས་གཏམ་བཤད་གནང་སོང་།

ཁ་སང་ཞོགས་པའི་ཆུ་ཚོད་ ༧ པ་ནས་ ༡༡ བར་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་གྱི་ཚེ་དབང་གནང་གྲུབ་རྗེས་གནས་ཆུང་ཆོས་རྒྱལ་དང་ཚེ་རིང་མཆེད་ལྔ་གཉིས་སྦྱན་འདྲེན་ཞུས་ཡོད་པ་དང་། དེའི་རྗེས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་ལ་དྭགས་ཀྱི་ཡུལ་མི་ཁག་ཅིག་གིས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་བཅས་གནང་སོང་།

དུས་དབང་གི་ཉིན་མཐའ་མའི་མཛད་སྒོའི་ཐོག་ཇ་མུ་ཀ་ཤི་མུར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨཱ་ཌོབ་ (Omar Abdullah) མཆོག་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། མངའ་སྡེའི་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས།ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས། ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས། བོད་དོན་རྒྱབ་སྐྱོར་བ་རེ་ཅཱ་ཊི་གྷིར་(Richard Gere) ལགས་སོགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་དང་མི་མང་ཆིག་འབུམ་བཞི་ཁྲི་ལྷག་འཛོམས་པའི་ཐོག གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས་ཀྱིས་བརྗོད་དོན། དེ་རིང་ ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཆེད་ལ་དྭགས་སུ་དུས་དབང་ཐེངས་ ༣༣ པ་གནང་གྲུབ་པའི་ཉིན་མཐའ་མ་ཆགས་ཡོད། ཐེངས་འདིའི་དུས་དབང་ཐོག་བོད་རིགས་ཚུད་པའི་ལ་དྭགས་དང་ཁུ་ནུ་གཉིས་ཀྱི་མི་ ༨༦༠༠༠ ཙམ་དང་། ཧི་མ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་ནས་མི་ ༩༠༠༠ ། ཨ་རུ་ནཱ་ཅལ་མངའ་སྡེ་དང་ཧི་མ་ཅལ་མངའ་སྡེ། འབྲས་ལྗོངས་སོགས་ནས་ཆོས་ཞུ་བ་ ༡༢༠༠༠། གཞན་རྒྱལ་ཁབ་ ༧༣ ནས་ཆོས་ཞུ་བ་ ༦༠༠༠། ཐོ་འགོད་མ་བྱས་པའི་བྱིས་པ་ལོ་ ༡༥ མན་གྱི་ ༢༥༠༠༠ ཙམ། དང་བླངས་ཞབས་ཞུ་བ་ ༡༠༠༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་གཅིག་འབུམ་ལྔ་ཁྲི་ལྷག་ཕེབས་ཡོད། ཅེས་སོགས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ལ་དྭགས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལ་དམིགས་བསལ་འབྲེལ་བ་ཡོད་མ་ཟད། ལ་དྭགས་པ་ཚོ་༸གོང་ས་མཆོག་གི་ཆོས་འབྲེལ་གྱི་རྗེས་འབྲང་པ་ཡིན་སྟབས། ལ་དྭགས་ཀྱི་མི་སྒེར་དང་ཁྱིམ་ཚང་། ཚོགས་སྡེ་ཚང་མས་གང་ཐུབ་ཀྱིས་རྒྱབ་སྐྱོར་རོགས་འདེགས་བྱས་ཡོད། ལ་དྭགས་དཔལ་འབྱོར་ཐོག་ནས་ས་ཁུལ་གཞན་དང་བསྡུར་ན་ཡག་པོ་མེད་ཀྱང་གང་ཐུབ་གནང་ཡོད། ཐེངས་འདིར་གོ་སྒྲིག་ཚོགས་ཆུང་གིས་བསམ་བཞིན་མིན་པའི་ལས་ཕྱོགས་ཁག་མང་པོ་ཞིག་དགའ་ལྡན་ཕོ་བྲང་གི་རྩ་བའི་དམིགས་ཡུལ་དང་འགལ་ཡོད་སྟབས་༸གོང་ས་མཆོག་ལ་སེམས་གཏིང་ནས་དགོངས་སེལ་ཞུས་བ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས་དང་མངའ་སྡེ་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་རྣམ་གཉིས་ནས་ཀྱང་༸གོང་ས་མཆོག་གིས་དུས་དབང་ཐེངས་ ༣༣ པ་ལ་དྭགས་ནང་བསྩལ་བར་ལ་དྭགས་མི་མང་གི་ཚབ་བྱས་ཏེ་ཐུགས་རྗེ་ལེགས་གསོལ་དང་། འབྱུང་འགྱུར་ཡང་༸གོང་ས་མཆོག་གིས་ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ལ་དུས་དང་དུས་སུ་གཟིགས་སྐྱོང་ལམ་སྟོན་གནང་རོགས་ཞེས་སོགས་བརྗོད་སོང་།

ཇ་མུ་ཀ་ཤི་མུར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨཱ་ཌོབ་མཆོག་གིས། ༸གོང་ས་མཆོག་གིས་ལ་དྭགས་ནང་ཡང་བསྐྱར་དུས་འཁོར་དབང་ཆེན་སྐུར་བའི་གོ་སྐབས་བསྩལ་བར་ལ་དྭགས་མི་མང་དགའ་སྤྲོ་ཚད་མེད་སྐྱེས་ཡོད། ལ་དྭགས་མི་མང་གིས་༸གོང་ས་མཆོག་གི་དུས་དབང་ཞུ་རྒྱུ་བྱུང་བ་དེ་སྐྱིད་པའི་ཉི་མ་དང་། ལ་དྭགས་མི་མང་དང་ས་ཆ། མངའ་སྡེར་ཐུགས་རྗེ་བྱིན་རླབས་ཀྱིས་ཞི་བདེ་སླར་གསོ་ཡོང་བར་ཡིད་ཆེས་ཡོད། ང་རང་དོ་སྣང་བྱུང་བར།  ༸གོང་ས་མཆོག་གིས་ལ་དྭགས་ནང་དུས་དབང་དང་པོ་གནང་སྐབས་ངའི་སྤོ་བོ་ལགས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རེད། ཐེངས་གཉིས་པའི་སྐབས་ངའི་ཕ་ལགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རེད། དེ་རིང་༸གོང་ས་མཆོག་གི་དུས་དབང་ཐེངས་གསུམ་པ་གནང་སྐབས་ང་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་པ་སྟས་དབང་ཞིག་རེད། གལ་སྲིད།  དུས་དབང་གོ་སྒྲིག་འཐུས་ཚང་མེད་པ་དང་དཀའ་ངལ་སོགས་བྱུང་ཡོད་ཚེ་ང་དང་ངའི་གཞུང་གིས་དགོངས་དག་ཞུས་པ་ཡིན། མ་འོངས་པར་མངའ་སྡེའི་མི་མང་ལ་ཡང་ཡང་བྱིན་རླབས་གནང་རྒྱུ་དང་གུས་པར་ཡང་ཡང་ཐུག་འཕྲད་གནང་རོགས། ཞེས་སོགས་གསུངས་སོང་། 

མཇུག་ཏུ་༸གོང་ས་མཆོག་གིས།  དུས་འཁོར་དབང་ཆེན་ཐོག་མཐའ་བར་གསུམ་དུ་རྒྱས་ཤིང་ཞིབ་པ་ཡག་པོ་བྱུང་བར་ཚང་མར་ཐུགས་རྗེ་ཞུས་བ་ཡིན། དེ་རིང་ཉིན་མཐའ་མའི་བར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱིས་སྒྲོལ་དཀར་གྱི་ཚེ་སྒྲུབ་བདུན་ཕྲག་ཅིག་རིང་གསོག་གནང་རྗེས། ང་ལ་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་བ་ཡིན། ངའི་ངོས་ནས་ཡུན་རིང་དུ་འཚོ་བཞུགས་བྱེད་པར་སྨོན་ལམ་བྱ་རྒྱུ་ཡིན། དེ་རིང་བརྟན་བཞུགས་སྐབས་གཟུགས་ཅན་མིའི་ཐོག་ལ་གཟུགས་མེད་དྲག་པ་ཕོ་རྒྱུད་མོ་རྒྱུད་རྗེས་འབྲང་པ་བཅས་པ་མང་པོ་ཞིག་བསླེབས་པ་རེད། སངས་རྒྱས་ཀྱི་གཞུང་ནས་སྲིད་པ་གསུམ་གསུང་གི་འདུག འདོད་ཁམས་ནང་ཆ་བཞག་ན་མིའི་འགྲོ་བ་དང་དུད་འགྲོའི་འགྲོ་བ། དེ་མིན་གྱི་ཕུང་བོ་རགས་པ་མིན་པའི་འགྲོ་བ་མང་པོ་ཞིག་འདིར་ཡོང་བསྡད་པ་རེད། དེར་བརྟེན། གཟུགས་མེད་གྲོགས་པོ་ཚོར་ཆ་བཞག་ན་མི་ལ་ཕན་ཐོགས་བྱེད་པར་གལ་ཆེན་པོ་རེད། སྐབས་རེར་ལྷ་དང་ཀླུ། རྒྱལ་བོ་ཟེར་བ་དེ་ཚོས་མི་ལ་གནོད་པ་སྐྱེལ་པ་དེ་འདྲ་ཡོང་གི་ཡོད། མི་ལ་ཕན་འདོག་དགོས་པ་རེད་མ་གཏོགས་གནོད་པ་བྱེད་རྒྱུ་ཡོད་པ་མ་རེད། ཅེས་སོགས་གསུངས་སོང་།

༸གོང་ས་མཆོག་གིས་མུ་མཐུད་གསུངས་དོན། དེ་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདིར་ཕེབས་འདུག ཁོང་ལ་ཆ་བཞག་ན་མི་རབས་གསུམ་པ་དེ་རེད། དང་པོ་ཤི་ཁུ་ཨ་ཌོབ་ (Sheikh Abdullah) ལགས་རེད། སྔོན་མ་རྒྱ་གར་སྲིད་བློན་ནེའུ་རུ་སྐབས་ནས་ང་ལ་ཡག་པོ་བྱེད་ཀྱི་ཡོད། དེའི་རྗེས་ཧྤོབ་རོབ་ཨ་ཌོབ་ (Farooq Abdullah) ལགས་རེད། ངེད་གཉིས་ཀྱང་གྲོགས་པོ་ཡག་པོ་ཡིན། དེ་ནས་ཨོ་མ་ཨ་ཌོབ་ཁོ་རང་རེད། དེར་བརྟེན། ང་མི་རྒན་པ་རེད་ཁྱེད་རང་གཞོན་པ་རེད། ངས་ཁྱེད་རང་གི་སྤོ་བོ་ལགས་དང་ཕ་ལགས་ངོ་ཤེས་ཀྱི་ཡོད། མི་རབས་གསུམ་ཀས་བོད་ཀྱི་སྤྱི་དོན་ཐོག་ཤ་ཚ་ཞེ་དྲག་ཡོད་བསྡད་པ་རེད། ང་རང་སྒེར་ལ་ཆ་བཞག་ན་ཁོང་ཚོ་གྲོགས་པོ་ནང་ཚགས་དེ་འདྲ་ཡིན། དེ་རིང་ཆེད་མངགས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   དེ་ནས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ངོས་ནས་དངུལ་གྱི་སྐོར་གསལ་བོ་ཞུས་པར་དགའ་བོ་བྱུང་སོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་།  ངས་འབུལ་བ་རྩ་བ་ཉིད་ནས་ལེན་རྒྱུ་མིན། འབུལ་བ་ལེན་པ་ཡིན་ན་ཆོས་བཙོང་པ་དང་གཅིག་པ་རེད། ཅེས་སོགས་གསུངས་སོང་།

གོ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་གནང་བ་ལྟར་ན། ཐེངས་འདིའི་དུས་འཁོར་དབང་ཆེན་དངུལ་བྱུང་བ་ཧིན་སྒོར་ས་ཡ་ ༡༢༠ ལྷག་དང་། ཕར་འགྲོ་སོང་ཕྱིན་པ་ཧིན་སྒོ་ས་ཡ་ ༡༡༠ ཙམ་ཡིན་འདུག

ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་ཆོས་ཞུ་བ་ཚོར་དཀྱིལ་འཁོར་ལ་མཇལ་ཁ་གཏོང་རྒྱུ་ཡིན་འདུག

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༣ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༦ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 1

  1. གནས་ཚང་། says:
    ལོ་ 12 སྔོན།

    མང་གཙོའི་སྤྱི་ཚོགས་ནང་མི་རབས་གསུམ་ལ་མངའ་སྡེ་བློན་ཆེན་གནང་པ་འདི་དང་མང་གཙོ་མ་ཡིན་པའི་སྤྱི་ཚོགས་ནང་ཕ་ཤུལ་བུ་འཛིན་གཉིས་ལ་ཁྱད་པར་ཡོད་མེད་ཐད་བགྲོ་གླེང་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese