མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་རྒྱུ་སྒེར་ཟས་བྱས་སོང་།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཀུ་ལུ་དཔལ་རབ་གླིང་གཞིས་ཁོངས་ནས་ཡིན་པའི་ཚེས་གཅིག་སྒྲོལ་མ་ཞུ་བས་ ༡༩༩༢ ལོར་བོད་མིའི་སྒྲིག་འཛུགས་ཀྱི་རོགས་རམ་འོག་ཨ་རིར་གཞིས་སྐྱོད་སྐབས་ས་གནས་མགོ་འཛིན་ལས་ཁུངས་ནས་ཧིན་སྒོར་ ༨༠༠༠ སྔ་གཡར་བྱས་པ་ད་བར་ཕྱིར་སློག་བྱས་མེད་སྟབས་སྤྱི་རྒྱུ་སྒེར་ཟས་བྱེད་པོར་ངོས་འཛིན་བྱས་འདུག

གོང་གནས་གསལ་ཚུལ་སྐོར་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས། ཀུ་ལུ་དཔལ་རབ་གླིང་གཞིས་ཁོངས་ནས་ཡིན་པ་ཚེས་གཅིག་སྒྲོལ་མ་དེ་སྔ་ཕྱི་ལོ་ ༡༩༩༢།༩༣ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་མགོན་ཐབས་སྦྱོར་ཐོག་ཨ་རིར་གཞིས་བསྐྱོད་སྐབས་ལག་སྣེའི་དཀའ་ངལ་འཕྲད་དེ་ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ལས་ཁུངས་ ནས་ཧིན་སྒོར་ ༨༠༠༠།༠༠ (བརྒྱད་སྟོང་) ཐམ་པ་སྔ་གཡར་གནང་བ་ད་བར་གཙང་བཟོ་མ་ཐུབ་པར་ས་གནས་ཀྱི་རྩིས་སྙན་ནང་ལོ་བསྟུད་ མར་གསལ་བའི་ཐབས་སྐྱོའི་གནས་སྟངས་ཆགས་ཡོད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་གྲུབ་དོན་སྙན་ཐོ་དོན་ཚན་ ༣༡། ཅ་ ༤ དགོངས་དོན་ལྟར། འདི་ནས་ཕྱི་ལོ་ ༢༠༡༤།༥།༢༣ འཁོད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ཤོག་དང་དྲ་རྒྱའི་ནང་མཇུག་འདེད་ཀྱིས་ཕྱི་ལོ་ ༢༠༡༤།༦།༣༠ འགྱངས་མེད་དངུལ་འབབ་གྲངས་ཚང་ཕྱིར་སློག་ཞུ་གལ་དང་། གལ་ཏེ་གོང་གསལ་དུས་བཀག་ནང་ཚུད་དངུལ་འབབ་གཙང་འབུལ་མ་ཞུས་ཚེ། གཞུང་འབྲེལ་ཚགས་ཤོག་སོགས་ནང་དོ་བདག་ནས་སྤྱི་རྒྱུ་སྒེར་སྤྱོད་བྱེད་པོར་གསལ་ བསྒྲགས་བྱ་རྒྱུ་ཡིན་སྐོར་གསལ་ཡོད། འདི་ནས་ ༢༠༡༤།༧།༨ འཁོད་ས་གནས་སུ་གོང་གསལ་ཚེས་གཅིག་སྒྲོལ་མའི་དཔར་དང་། ད་ལྟའི་སྡོད་གནས་ཁ་བྱང་། དཔྱ་ཁྲལ་ལག་དེབ་ཨང་སོགས་ཞིབ་ཕྲ་འཕྲལ་འབུལ་ཞུ་དགོས་ཞུས་པར་ས་གནས་ནས་དོ་བདག་ དང་འབྲེལ་བའི་གནས་དོན་འཚོལ་ཞིབ་སླད་ས་གནས་སྤྱི་བརྒྱ་ཁག་ལ་འདྲི་རྩད་ཞུས་པའི་ ཁོ་མོའི་གནས་ཚུལ་སྐོར་ཤེས་རྟོགས་གང་ཡང་མེད་སྐོར་ཞུས་འདུག ས་གནས་ནས་ཨ་རི་སྐུ་ཚབ་དོན་ཁང་བརྒྱུད་བརྡ་འདེད་ཐེངས་ ༣ ཙམ་གནང་ཡོད་རུང་ལན་གསལ་གང་ཡང་འབྱོར་མེད་སྟབས། ཚེས་གཅིག་སྒྲོལ་མ་སྤྱི་རྒྱུ་སྒེར་ཟས་བྱེད་པོར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. ཚེ་དཔག says:
    ལོ་ 12 སྔོན།

    གཞུང་དང་ཁྲིམས་མཐུན་གྱི་དངུལ་ཁང་སོགས་ནས་དངུལ་སྐྱི་གཡར་བྱས་པ་ཕྱིར་སློག་མ་བྱས་ཚེ་སྐྱེད་ཀ་ལྡབ་ནས་ལྡབ་འཕར་བ་དང་སྐྱེད་ཀའི་སྒང་ལ་སྐྱེད་ཀ་འཕར་སྟངས་ཤིག་ཡོད་པ་རེད། ཧིན་སྒོར་བརྒྱད་སྟོང་དེ་ཡང་ཉེས་ཁྲིམས་དེའི་འོག་ཏུ་བཞག་པ་ཡིན་ན་ཚེས་གཅིག་སྒྲོལ་མ་ཁྱོད་རང་གི་དངུལ་བུན་དེ་ད་བར་ལོ་ངོ་ ༢༢ ་ལྷག་སོང་ཚར་བ་དེར་ཧིན་སྒོར་འབུམ་གཅིག་གི་སྒང་ལ་སླེབས་ཡོད་པ་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese