མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྡོམ་པ་ཤོར་ན་གསང་སྔཊ་ཡིན་མདོག་མ་བྱེད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྟེ། སྔོན་མ་རྒྱ་གར་ནང་གསང་སྔགས་ཀྱི་ཆོས་ཚུལ་བཞིན་མ་སྲུང་བའི་དབང་གིས་བསྟན་པ་ཉམས་རྒུད་ཕྱིན་པ་ལྟར་ད་ལྟ་བོད་པར་གནས་སྟངས་དེ་འབྱུང་གི་ཡོད་སྐོར་གསུངས་འདུག

ཁ་སང་ཚེས་ ༡༦ ཉིན་གྱི་སྔ་དྲོར། ༧གོང་ས་མཆོག་ལ་དྭགས་ལྕོག་ལ་སར་ཡོད་པའི་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། མཐོ་སློབ་གནང་གསར་བཞེངས་མཛད་པའི་འཁོར་ལྔ་སྡེ་བཟང་པོའི་སྐུ་བརྙན་དབུ་འབྱེད་རབ་གནས་གནང་རྗེས། སློབ་གྲྭ་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་བཀའ་སློབ་གནང་འདུག

༧གོང་ས་མཆོག་གི་བཀའ་སློབ་ལས་དུམ་ཚན་ཞིག་འདིར་བཀོད་ཡོད། དེ་སྔ་རྒྱ་གར་ནང་དུ་ནང་པའི་དགེ་འདུན་པ་ཚོས་རྒྱུ་ནོར་ལ་ཆགས་ཞེན་དང་གསང་སྔགས་ཀྱི་ཆོས་ཚུལ་བཞིན་མ་སྲུང་བའི་དབང་གིས་ནང་པའི་བསྟན་པ་ཉམས་རྒུད་ཕྱིན་ཡོད། རྒྱུ་རྐྱེན་དེ་དག་ང་ཚོ་བོད་པར་ཏག་ཏག་ཚང་གི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་གྲོགས་པོ་ཁག་གཅིག་ལ་བླ་མ་ལོག་ན་གསང་ཡུམ་བཞེས་པ་རེད། གྲྭ་པ་དཀྱུས་མ་ཞིག་ལོག་ནས་གྲྭ་ལོག་ཅེས་དགོན་པ་ནས་ཕྱིར་འཕུད་གཏོང་རྒྱུ་དེ་ནི་ནོར་འཁྲུལ་རེད། གྲྭ་ལོག་གཅིག་མཚུངས་རེད། ཅེས་བརྗོད་ཀྱི་ཡོད། མདོར་ན། གསང་ཡུམ་བཞེས་ཏེ་མི་འདྲ་བ་ཞིག་དགོས་པ་རེད་མ་གཏོགས་ཕག་ཕྲུག་ལྟར་ཁྲིད་ཡོང་ན་ཆོ་རྩ་བ་ནས་མེད། ང་ཚོས་གསང་སྔགས་ལ་བསྙད་འདོགས་བྱས་པ་དང་སྤྱི་ཚོགས་ནས་ཀྱང་བླ་མས་གསང་ཡུམ་བཞེས་འདུག ཅེས་བརྗོད་ན་འགྲིག་གི་མེད། དཔེར་ན། རྒྱ་གར་ནང་ཨ་ནེ་དགོན་པ་ཞིག་ཡོད། དགོན་པ་དེར་མི་ཁག་གཅིག་གིས་ཁྱེད་རང་ཚོ་བཙུན་མའི་ནང་བསྟན་པར་ཞབས་འདེགས་སྒྲུབ་མཁན་ངོ་མཚར་ཆེ་བའི་ལོ་རྒྱུས་ག་རེ་ག་རེ་ཡོད་དམ་ཞེས་དྲིས་སྐབས། ང་ཚོ་ཨ་ནེའི་ནང་ནས་བླ་མའི་གསང་ཡུམ་བྱེད་མཁན་མང་པོ་ཡོད་ཧ་ཅང་སྐལ་པ་བཟང་པོ་ཡིན། ཞེས་བརྗོད་འདུག བླ་མ་སྡོད་མ་ཚུགས་པ་དང་སྡོམ་པ་སྲུང་མ་ཐུབ་པར་ཨ་ནེའི་སྟེང་གྲྭ་བ་ལོག་པ་རེད། དེར་བརྟེན་རྒྱུ་མཚན་གང་ཡང་མེད་པར་རྨོངས་དད་དབང་གིས་སྐྱབས་སུ་མཆི་ཞེས་པའི་ཐོག་ནས་སྐྱོན་ལྷག་གི་འདུག ངོས་ཀྱིས་དྲང་པོ་དྲང་གཞག་དང་ཁ་རེ་ཁ་ཐུག་ཤོད་ཀྱི་ཡོད། འདི་གར་ཁྱེད་རང་ཚོ་ཨ་ནེ་གང་ཙམ་ཞིག་འདུག གང་ལྟར་གསང་སྔགས་འཆལ་སྤྱོད་ལ་ཕྱིན་ཏེ་ཞབས་འདྲེན་ཞུ་རྒྱུའི་ཉེན་ཁ་འདུག

དེ་བཞིན་དགོན་པ་ཁག་གཅིག་གིས་དགོས་རྒྱུའི་བསླབ་པ་སློབ་གཉེར་མ་བྱས་པར། ཆོ་ག་བཏོན་ནས་སྡོད་རྒྱུ་དེ་བསྟན་པ་འཇིག་རྒྱུའི་སྔ་ལྟས་རེད་མ་གཏོགས་ཡག་པོ་མ་རེད། ནང་ཁུལ་ཕྲག་དོག་གིས་འབྲི་གུང་བཀའ་བརྒྱུད་དང་། དགེ་ལུགས། འབྲུག་པ་བཀའ་བརྒྱུད། ཅེས་ག་ཚོད་འཕག་འཚག་བརྒྱབ་ཀྱང་འཛམ་གླིང་གི་ནང་པ་ཚང་མར་ཁྱབ་ཐུབ་ཀྱི་མ་རེད། དེ་དཔལ་ནཱ་ལེནྡའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱི་གཞུང་ལ་ཤུགས་རྒྱོབས་དང་། རྒྱ་ནག་ཆ་ཚང་ལ་ཁྱབ་ཐུབ་པ་མ་ཟད། ཉི་ཧོང་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ལ་ཁྱབ་ཐུབ་ཀྱི་རེད། ང་ཚོས་རིམ་བཞིན་ནཱ་ལེནྡའི་གཞུང་ལ་སློབ་སྦྱོང་ཡག་པོ་དང་ཉམས་ལེན་བྱས་ན། ཕལ་ཆེར་འཛམ་གླིང་ནང་གི་ནང་པའི་ཡུལ་གྲུ་ཡོངས་རྫོགས་ལ་ཁྱབ་ཐུབ་པ་ཞིག་ཆགས་ཀྱི་ རེད། གང་ལྟར་ང་ཚོས་ཕྱོགས་རིས་ཐོག་བསམ་བློ་བཏང་ནས་ཕྱིན་ན་ཡག་པོ་ཡོང་གི་མ་རེད། ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རིག་བཟང་ཁྱོད་ཀྱི་དགེ་ལུགས་པའི་དགེ་བཤེས་སུས་གྲྭ་ཕྲུག་གསང་ཡུམ་བྱས་འདུག་ཤོད་དང་མ་གཞི་ཡུམ་ཟེར་པ་དེ་བུད་མེད་ཁོ་ནར་གོ པ་མ་རེད་དམ་ཁྱོད་ཀྱི་སྐད་ཆ་དེ་ང་ལྟ་བུ་ལ་ཆ་མཚོན་ན་མ་ཉེས་ཁག་ཡོག་གཟུགས་མེད་གྲིབ་སོ་ཁོ་ན་བྱས་བྱུང་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རིག་བཟང་ཟེར་པ་སྤྱི་ཚོགས་ཀྱི་ཁེ་ཉེས་དང་ཕྲལ་ཕུགས་ལ་མ་བལྟ་མཁན་ཞིག་གི་དགེ་ལུགས་པའི་གྲྭ་ས་ཁག་ནས་དགེ་བཤེས་མང་པོས་གྲྭ་ཆུང་གསང་ཡུམ་བྱས་པ་དེ་བྲིས་འདུག་པར་སྐད་ཆ་དེ་དགེ་ལུགས་པའི་དགེ་བཤེས་ང་ལྟ་བུ་ཆ་མཚོན་ན་ནི་མ་ཉེས་ཁ་གཡོག་ཁོ་ན་བྱས་བྱུང་མ་གཏོགས་ཁོས་སྐད་ཆ་བདེན པ་སྤུ་ཙམ་མེད།མཚན་མཐུན་ཆག་སྤྱོད་ནི་སྤྱི་ཚོགས དང་འཛམ་གླིང་ག་སར་ཡོད་རེད་ངས་ངོས་ཀྱང་དེ་ཚོ་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་གང་ཐད་ནས་བལྟས་ན་འང་ཡག་པོ་མ་རེད་ རིག་བཟང་ཁྱོད་ཀྱི་དགེ་ལུགས་པ་ལ་དེ་ལྟར་རྨ་ཕེབས་བྱེད་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བཙན་བྱོལ་ཁྲོད་ཀྱི་གྲ་བ་ཚོའི་འཛམ་གླིང་གང་སར་འབྲེལ་པ་དང་བོད་ཀྱི་རིགས་གནས་ཁྱབ་སྤེལ་བའི་དེའི་ཞོར་ནས་བོད་དོན་དང་གཞི་ཆགས་ནང་མི་ཚང་མང་པོ་ཞིག་ལ་ཁང་པ་ཐོག་རྩེག་མང་པོ་རྒྱག་རྒྱུ་རག་འདུག་ཡིན་ན་ཡང་གྲྭ་ཆུང་དགེ་བཤེས་ཀྱི་གསང་ཡུམ་ཟེར་པའི་སྐད་ཆ་དེ་མགོ་ན་ན་མགོ་བོ་གཅོད་དགོས་ཟེར་པ་དང་དཔེ་ཚུངས་རེད་འདུག

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བཙན་བྱོལ་ཁྲོད་ཀྱི་དགེ་ལྡན་པའི་གྲྭ་ས་ཡི་གཙོས་པའི་བཙན་བྱོལ་གྲྭ་བ་ཚོའི་བཙན་བྱོལ་པའི་དུས་ཡུན་ནང་ཧི་མ་ལ་ཡི་རི་རྒྱུད་ཀྱི་བུ་ཕྲུག་ཁྲི་ཕྲག་མང་པོ་ལྟ་སྐྱོང་དང་གསོ་སྐྱོངས་བྱས་ཏེ་དང་པོ་གྲྭ་ས་ལ་ཡོང་དུས་བྱིས་པ་རང་མགོ་མི་ཐོན་པའི་ལོ་ན་དྲུག་བདུན་ཙམ་དེ་ཚོ་ཡར་སོ་སོའི་ཕ་ཡུལ་ལ་ལོག་དུས་སོ་སོ་རང་མགོ་ཐོན་ཐག་ཆོད་བཟོས་ཡོད་པ་ཟད་སྤྱི་ཚོགས་ནང་ལ་འང་བྱ་བ་གང་ཚམས་གྲུབ་ཐུབ་མཁན་མང་པོ་ཡོད་པར་བཟོས་ཡོད་དོ་

    Reply
  5. རྣམ་རྒྱལ་ཚེ་རིང་། says:
    ལོ་ 12 སྔོན།

    བླ་སྨྱོན་གྲྭ་སྨྱོན་ཚོས་ཞབས་འདྲེན་འཇོག་ས་ཨ་རི་དང་ཡོ་རོབ་རྒྱ་ནག་སོགས་ཀྱིས་ཀ་ལ་ཚད། དེང་སྐབས་སོག་ཡུལ་དང་ར་ཤི་ཡའི་ནང་དུའང་བླ་སྨྱོན་གྲྭ་སྨྱོན་ཚོས་གསང་ཡུམ་བཞེས་ཏེ་གསང་སྔགས་ཀྱི་བསྟན་པ་དར་སྤེལ་གཏོང་ས་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད། ར་ཤི་ཡ་དང་སོག་པོའི་ནང་གི་བོད་པའི་བླ་སྤྲུལ་དང་གྲྭ་བཙུན་ཚོའི་ཆལ་སྤྱོད་ལ་བལྟས་ཡོང་ན་དངོས་གནས་སྐྱུག་བྲོ་པོ་ཞིག་རེད།

    Reply
  6. རིག་བཟང་། says:
    ལོ་ 12 སྔོན།

    དགེ་ལུགས་པའི་གདན་ས་ཁག་ནས་གྲ་འཕྲུག་མང་པོ་དགེ་བཤེས་རྣམས་ཀྱིས་གསང་ཡུམ་བྱས་པ་དེ་འདི་གི་ཁོང་ལ་བསྡུས་ན་གྲྭ་ས་སྟོང་པ་ཆགས་པའི་ཉན་ཁ་ཡོད་རེད་གཟབ་གཟབ་གནང་ན་མ་གཏོག

    Reply
  7. ལུང་ཤར་བ། says:
    ལོ་ 12 སྔོན།

    རྙིང་མ་དང་བཀའ་བརྒྱུད་ཁོངས་སུ་འདི་ལྟ་བུའི་གྲུབ་ཆེན་པ་དང་གྲུབ་རྟགས་ཡ་མཚན་ཅན་སྟོན་མཁན་མང་ཙམ་ཡོད་པ་རེད། ལྷག་པར་དུ་དེང་སྐབས་ཨ་རི་དང་ཡོ་རོབ། རྒྱ་ནག་ནང་སོགས་སུ་གསང་སྔགས་ཡིན་མདོག་གིས་བུད་མེད་མཛེས་མ་དང་སྦྱིན་བདག་ཕྱུག་པོ་ཚོར་མགོ་སྐོར་བཏང་སྟེ་སྐྱིད་པོ་གཏོང་མཁན་མང་པོ་ཡོད་པ་རེད། ད་དུང་ཁྱི་ཕྲུག་ཕག་ཕྲུག་ལྟ་བུའི་སྐྱེས་དམན་བླངས་པ་གསང་ཡུམ་བཞེས་ཏེ་གསང་སྔགས་ཉམས་སུ་ལེན་གི་ཡོད་མདོག་སྟོན་མཁན་མང་ཙམ་ཡོད་རེད།

    Reply
  8. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ་༈ཐེག་ལེ་བར་ནང་ནས་ཡར་ཐེན་ཐུབ་པ་ལས་ཕག་ཕྲུག་ནང་ལྟར་ཁྲིད་ཡོང་པ་དེ་ད་ལྟའི་དུས་སྐབས་སུ་བོད་མི་རིགས་ལ་ཕན་ཐོག་ཆེ་ས་རེད་ཡིན་ན་ཡང་བོད་མི་རིགས་དང་ནང་པ་སྤྱི་ཡི་ཤ་ཁྲག་ཇིབ་མཁན་ལས་སྲིད་ལ་བྱུས་གཏོགས་མི་བྱེད་ཅེས་བོད་མིའི་བདེ་སྡུག་ལ་སེམས་ཁུར་མེད་མཁན་དེའི་རིགས་རྩ་བ་ཉིད་ནས་མི་དགོས་

    ིི

    Reply
  9. གསལ་ལེ་རྒྱལ། says:
    ལོ་ 12 སྔོན།

    གསང་ཡུམ་ཕག་མ་འདྲ་བོ་དེ་དག་དང་དེ་དག་གི་བདག་པོ་དེ་ཚོར་ངོ་ཚ་ཡོད་བ་མ་རེད། སེམས་ཁྲལ་ཐོལ་བ་མ་གནངས།

    Reply
  10. ལི་ཐང་བཟོད་པ། says:
    ལོ་ 12 སྔོན།

    ད་རེས་ཀྱི་བཀའ་སློབ་འདིས་བླ་སྤྲུལ་ཡིན་ཟེར་མཁན་མང་པོ་ཞིག་གི་རྐུབ་ནང་ལ་ཚ་ཤར་གཏོང་གི་ཡོད་ཤག སོ་སོའི་གམ་དུ་ཡོད་པའི་གསང་ཡུམ་གྱི་མིང་བཏགས་ཡོད་པ་ཚོ་ལ་གདོང་པ་དམར་པོ་ཆགས་ཏེ་ཅི་བྱེད་འདི་བྱེད་མེད་པ་ཞིག་ཆགས་ཡོད་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese