མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་ཡུལ་མེད་པའི་མི།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཡུ་རོབ་ནང་གི་བོད་མི་ཚོར་སྐྱབས་བཅོལ་རག་གི་མེད་པའི་གནས་ཚུལ་ཞིག་རྒྱ་ཇེ་ཆེ་ནས་གཏིང་ཇེ་ནག་ཏུ་འགྲོ་བཞིན་འདུག གནས་ཚུལ་འདི་ཐོག་མ་ཡུ་རོབ་སྦེལ་ཇམ་ནས་བྱུང་ཞིང་། སྐབས་དེར་བོད་མི་སུམ་བརྒྱ་ལྷག་ཅིག་ལ་སྦེལ་ཇམ་གཞུང་ནས་སྐྱབས་བཅོལ་མ་སྤྲད་པར་འགག་ཡོད་པ་དང་། དེའི་ཁྲོད་ཀྱི་སྐོར་ཞིག་གི་ཡིག་ཆ་ནག་པོ་ཆཊ་པའི་གནས་ཚུལ་བྱུང་། ཉེ་ལམ་བོད་མི་མང་སྤྱི་འཐུས་གཉིས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ད་ལྟ་སུད་སི་དང་ཧྥ་རན་སི་སོགས་སུའང་དཀའ་ངལ་དེ་འཕྲད་མགོ་ཚུགས་ཡོད་པ་དང་། མ་འོངས་པར་དཀའ་ངལ་དེ་ལས་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་འདུག

མང་ཚོགས་ཁྲོད་དཀའ་ངལ་འདིའི་འབྱུང་ཁུངས་སམ་རྒྱུ་རྐྱེན་གཉིས་ལ་དོགས་པ་ཟ་བཞིན་ཡོད་ཚོད་འདུག གཅིག་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་མཉམ་དུ་ནུབ་ཕྱོགས་སུ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཏེ། རྒྱལ་ཁབ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གི་གནོན་ཤུགས་དང་རྣམ་འགྱུར་དང་ལེན་བྱེད་མགོ་ཚུགས་ཡོད་པ་འདི་རེད། གཉིས་པ་ལོ་འགའི་གོང་ནས་བོད་མི་གསར་འབྱོར་བ་མང་པོ་ཕྱིར་བོད་དུ་ལོག་པ་དང་། རྒྱ་གར་ནང་གཞིས་ཆགས་སྲ་བརྟན་ཡོང་གི་མེད་པར་སྐད་ངན་ཤོར་གྱི་ཡོད་པ་བཅས་ལ་བརྟེན་ཏེ། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་བྱུས་ཤིག་དང་འབྲེལ་བ་ཡོད་པར་དོགས་པ་དེ་རེད། 

གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་འབྲེལ་བ་ཡོད་ན། འདི་ལ་མནོ་བསམ་ཞིབ་ཏུ་གཏོང་དགོས་པ་རེད་སྙམ། སྔར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་སུའང་ཕྱི་རྒྱལ་ཁག་ཏུ་འགྲོ་རྒྱུ་བཀག་འགོག་གི་སྲིད་བྱུས་ཤིག་བཟུང་རབས་ཀྱི་གླེང་རྙོག་མང་པོ་བྱུང་ཡོད། གཞིས་ཆགས་སྲ་བརྟན་ཡོང་གི་མེད་པ་དེ་བོད་པ་ཕྱི་རྒྱལ་ཁག་ཏུ་ཕྱིན་པར་འབྲེལ་བ་ཆེན་པོ་མེད་ཟེར་ཆོག དེང་སྐབས་ཕྱི་རྒྱལ་ཁག་ཏུ་འགྲོ་མཁན་མང་ཆེ་བ་བོད་ནས་ཡོང་བའི་གསར་འབྱོར་བ་རེད། གཞིས་ཆགས་རྩ་སྟོང་དུ་འགྲོ་བཞིན་པ་དེའང་གཞོན་སྐྱེས་ཚོ་གཞིས་ཆགས་ནང་མ་བསྡད་པར་རྒྱ་གར་གྲོང་ཁྱེར་ཁག་ཏུ་ཕྱིན་པ་དང་། ཤུལ་དུ་ལྷག་པ་དག་ཀྱང་ལས་མེད་ཆགས་ཏེ་རང་འཚོ་ཐུབ་ཀྱི་མེད་པའི་ཉེར་འབྲས་ཤིག་རེད། 

གནད་དོན་གསུམ་པ་ཞིག་ལ་བསམ་བློ་གཏོང་ས་དེ་ཡུ་རོབ་ཁུལ་གྱི་གཞུང་སོ་སོའི་སྐྱབས་བཅོལ་གྱི་ཁྲིམས་གཞིར་འགྱུར་བ་ཕྱིན་པ་དེ་རེད། སྔོན་མའང་འགྱུར་བ་རབ་དང་རིམ་པ་ཕྱིན་ཡོད། ད་རེས་ཡུ་རོབ་སྤྱི་འཐུས་ཀྱི་གསལ་བསྒྲགས་ནང་། བོད་ནས་ཡོང་བའི་ཁུངས་སྐྱེལ་གསལ་བོ་དགོས་པ་མ་ཟད། བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་ཡོད་པའི་བདེན་དཔང་ཡང་དགོས་རབས་ཟེར། ད་ལོའི་ལོ་མགོར་སྦེལ་ཇམ་གཞུང་གི་མི་སྣས་རྒྱ་གར་དང་བལ་ཡུལ་ནང་རྟོག་ཞིབ་བྱས་ཤིང་། དེའི་རྗེས་སྦེལ་ཇམ་གཞུང་ནས་ཐད་ཀར་དྷ་སའི་སྣེ་ལེན་ཁང་ལ་ཁ་པར་ཡོང་སྟེ་བོད་མི་རེ་ཟུང་གི་རྒྱབ་ལྗོངས་རྩད་ཞིབ་བྱེད་ཀྱི་ཡོད་རབས་གོ་ལ། འབྲེལ་ཡོད་ལས་བྱེད་ཚོས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་བདེན་པ་དང་འཚེ་བ་མེད་པ་གཞི་ལ་བཞག་ནས་དྲང་མོར་བཤད་ཡོད་ཚོད་འདུག

གང་ལྟར་ད་ལྟ་ཁ་ཚ་དགོས་གཏུགས་ཆགས་ཡོད་པ་དེ། དཀའ་ངལ་དངོས་སུ་འཕྲད་བསྡད་པའི་བོད་མི་དེ་དག་གི་མི་ཚེ་འཕྲོ་བརླག་ཏུ་མ་སོང་བ་ཞིག་ཇི་ལྟར་བྱེད་རྒྱུ་དེ་རེད། འདི་ལ་རྒྱ་ནག་གཞུང་གི་ལྷགས་པ་གྲང་མོ་ཐེབས་པ་ཡིན་ན་གནས་ཚུལ་གཞན་རེད། དེ་མིན་དྷ་སའི་གཞུང་དང་ཡུ་རོབ་གཞུང་གང་གི་ཁྲིམས་སྒྲིག་དང་སྲིད་བྱུས་ཡིན་ཡང་། དཀའ་ངལ་འདི་སེལ་རྒྱུའི་ལས་འགན་དང་ནུས་པ་ཕྱོགས་གཉིས་ཀར་ཡོད་ལ། རྒྱ་བལ་འབྲུག་གསུམ་ནང་བོད་མིར་སྐྱབས་བཅོལ་དངོས་གནས་ཤིག་རག་གི་མེད་པའི་གནས་སྟངས་འོག རྒྱལ་སྤྱིའི་ཐོག་ནས་ཀྱང་གནས་ཚུལ་འདིར་བདག་པོ་འཚོལ་དགོས།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese