མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་ངོས་ལེན་མེད་ན་ཨ་རུ་ནཱ་ཅལ་ཡང་བདག་གི་མ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

སིམ་ལའི་ཆིངས་ཡིག་བཞག་སྟེ་ལོ་ངོ་ཧྲིལ་པོ་ ༡༠༠ འཁོར་བའི་བགྲོ་གླེང་ཐོག་ཆིངས་ཡིག་དེས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཡོད་ཀྱང་བོད་ས་ཡོངས་རྫོཊ་གཅིག་གྱུར་ཡིན་པའི་ལོ་རྒྱུས་ལ་གནོད་བསྐྱལ་ཡོད་ཟེར།

ཕྱི་ལོ་ ༡༩༡༤ ལོར་བོད་རྒྱ་དབྱིན་གསུམ་གྱི་བར་སིམ་ལའི་ཆིངས་ཡིག་བཞག་སྟེ་ལོ་ངོ་ཧྲིལ་པོ་ ༡༠༠ འཁོར་བའི་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་དབྱིན་ཇིའི་གཙུག་ལག་སློབ་ཆེན་ (University of Westminister )གྱི་ཆེད་མཁས་པ་དྷི་བྷི་ཞི་ཨཱ་ནན་ཌི་ (Dibyesh Anand) ལགས། དེ་བཞིན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཀྱིས་མེག་མོ་ཧན་ས་ཐིག་ (McMahon Line) དང་། རྒྱ་གར་དང་རྒྱ་ནག་བར་གྱི་གྲོས་མཐུན་དོན་ཚན་ལྔ། དེ་བཞིན། ད་ལྟའི་ཧིན་རྒྱ་བར་གྱི་མཐའ་མཚམས་རྩོད་རྙོག་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། དེ་རྗེས་མི་མང་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད་འདུག

བགྲོ་གླེང་ཐོག་ཆེད་མཁས་པ་དྷི་བྷི་ཞི་ལགས་ཀྱིས་བརྗོད་དོན། རྒྱ་གར་པ་ཀི་སི་ཐན་གཙོས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཁག་པོ་ཡོད་པ་མ་ཟད། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་ཁག་པོ་ཆགས་ཡོད། དཔེར་ན་ནོར་ཝེ་ཡིན་ན་སྔོན་མ་བོད་དོན་ཐོག་རྒྱབ་སྐྱོར་ཅུང་བྱེད་མཁན་ཞིག་ཆགས་ ཡོད་ཀྱང་། རྒྱ་གཞུང་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པར་བརྟེན་ད་ལྟ་སྔོན་མ་དང་བསྡུར་ན་བོད་དོན་ཐོག་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མེད། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་ཡང་བོད་དོན་གྱི་མཐའ་མའི་ཐག་གཅོད་དེ་རང་བཙན་དང་། རྒྱ་འོག་ཏུ་འདུག་རྒྱུ་གང་ཡིན་བོད་མི་རང་ལ་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་པ་ལས། རྒྱ་ནག་དང་རྒྱ་གར་གཞུང་སོགས་ལ་དབང་ཆ་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་སིམ་ལའི་ཆིངས་འཇོག་སྐབས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་སྐབས། ང་ཚོས་བསམ་བློ་ཞིག་གཏོང་དུས་སྤོབས་པ་སྐྱེས་བ་ཞིག་ལ་སིམ་ལའི་ཆིངས་ཡིག་དེ་རྒྱལ་ཁབ་རང་བཙན་ཡིན་པའི་ངོ་བོའི་ཐོག་ནས་བཞག་པ་རེད་ཟེར་ནས་ང་ཚོར་བཤད་སྟངས་གཅིག་ཡོད་པ་དང་། ཡང་ཕྱོགས་གཞན་པ་ཞིག་ནས་བལྟས་ཡོང་དུས་བོད་ཆེ་བ་དང་ཆུང་བ་ཟེར་ནས་བོད་ཕྱི་དང་ནང་ཟེར་ཡོང་དུས། རྒྱལ་སྤྱིའི་སྡིངས་ཆ་ཆེན་པོ་ཞིག་གི་ནང་སྐད་ཆ་གསལ་བོ་མེད་པ་དེ་སིམ་ལའི་ཆིངས་ཡིག་སྐབས་སུ་ཆགས་འདུག་སྟབས། དེས་ང་ཚོའི་ལོ་རྒྱུས་ལ་གནོད་བསྐྱལ་ཡོད་པ་རེད། སྐབས་དེར་བློན་ཆེན་མཆོག་གིས་རྩ་བ་ཉིད་ནས་ངོས་ལེན་མ་གནང་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། དུས་ཡུན་རིང་པོ་ཞེ་དྲགས་ཤིག་ཏུ་འབད་བརྩོན་གནང་འདུག ཡིན་ནའང་། དེ་ཁས་མ་བླངས་ན་གཏན་ནས་འགྲིག་གི་མ་རེད་ཟེར་ནས་རྒྱ་གར་དང་དབྱིན་ཇིའི་སྐུ་ཚབ་ཀྱིས་གནོན་ཤུགས་སྤྲད་དེ་མཐའ་མར་མཚན་རྟགས་བཀོད་དགོས་བྱུང་བ་རེད། ཅེས་སོགས་བརྗོད་ཡོད་འདུག

དེ་རྗེས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་བོད་ནི་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱ་གར་གྱིས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་ལེན་གནང་དགོས་པ་རེད། ངས་རྒྱ་གར་གྱི་གྲོགས་པོ་ཚོར། ཁྱེད་ཚོས་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་ལེན་མ་བྱས་ཚེ། ཨ་རུ་ནཱ་ཅལ་མངའ་སྡེ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་བཤད་ཐུབ་ཀྱི་མེད་ཅེས་རྩོད་གླེང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་གར་བཙན་བཟུང་བྱེད་མཁན་དབྱིན་ཇི་དང་བོད་གཉིས་ཆང་ས་བརྒྱབ་ནས་བྱུང་བའི་ཕྲུ་གུ་ཞིག་རེད། གལ་སྲིད། ཁྱེད་ཀྱིས་པ་ལགས་ངོས་འཛིན་མ་ཐུབ་ན་ཁྱེད་ཀྱིས་རང་གི་ཕྲུ་གུ་ཁྲིམས་མཐུན་ཡིན་པར་ཇི་ལྟར་ངོས་འཛིན་ཐུབ་བམ། དེར་བརྟེན་རྒྱ་གར་གྱིས་ངེས་པར་དུ་མངོན་གསལ་དོད་པོས་ལོ་རྒྱུས་ཁྲོད་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་བསྒྲགས་བྱེད་དགོས་པ་རེད། དེ་མིན་ཨ་རུ་ནཱ་ཅལ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་བརྗོད་རྒྱུ་ལྷག་མེད་པ་རེད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. སེམས་ཚོར། says:
    ལོ་ 12 སྔོན།

    རྩ་བའི་སློབ་ཕྲུག་ཚོགས་པ་ཞིག་ཡིན་ན་སློབ་ཕྲུག་ན་གཞོན་རྣམས་ལ་དབང་བའི་ཚོགས་པ་ཞིག་དགོས་པ་ལས། མི་རྒན་ད་དུང་རྒྱུན་ལས་ནང་སྡོད་དེ། དེས་གར་ཁྲིད་དུ་འགྱུར་བ་ཡིན་ན་ཁྱད་མཚར། ལྷག་པར་དུ་དགོས་པའི་དབུ་མའི་ལམ་ལ་ནུས་པ་མཉམ་སྤུངས་མ་བྱས་པར། དབུ་མའི་ལམ་ལ་ཟུར་ཟའི་རྣམ་པ་ཅན་གྱི་ལས་འགུལ་སྤེལ་བ་སྔོན་མ་ཚོགས་པ་འདི་ཉིད་ཀྱི་མིང་ཐོག་ནས་ཕྱི་ལོ་༡༩༡༢ལོའི་ཁྱབ་སྒྲག་གི་ལོ་༡༠༠འཁོར་བའི་ལས་འགུལ་སྤེལ་བ་དང་། དེ་རིང་ཡང་དེ་དང་ཆ་འདྲ་བའི་བགྲོ་གླེང་ལ་བསྙད་བཏགས་པའི་ལས་འགུལ་འདི་སྤེལ།

    ཨརཱུཎཅལ་སྐོར་སྐད་ཆ་བཤད་པ་དེ་དོན་གྱི་བདག་པོ་ས་གནས་དེའི་ཡུལ་མི་རྣམས་ལ་སྐད་ཆ་དེ་ཁོ་ཚོའི་སེམས་ལ་བཟོད་དུ་མེད་པའི་སྐད་ཆ་ཞིག་ཏུ་འགྲོ་ཉེན་ཡོད་པའང་ཚོད་དཔག་མ་བྱས་པའི་བབ་ཅོལ་རེད།

    ཁ་སེང་ཕྱི་ཟླ་༣པའི་ནང་དྷ་སའི་བོད་ཀྱི་འགྲེམས་སྟོན་ཁང་གི་ཁ་སྤྲོད་དྲན་རྟེན་ཡོད་ས་དེར་དགོང་མོ་སྲོད་ཙམ་ལ་མི་ཉི་ཤུ་ཙམ་འཛོམས་པའི་མར་མེའི་ཁྲོམ་སྐོར་མཇུག་བསྡུའི་གཏམ་བཤད་བྱེད་ཀྱི་འདུག །ནུབ་ཕྱོགས་པ་ཞིག་གིས་གཅིག་ཤོད་ཀྱི་འདུག །རྒྱ་གར་བ་གནས་མཇལ་བ་འགའ་གཙུག་ལག་ཁང་ལ་མཆོད་མཇལ་དུ་འགྲོ་བའི་ལམ་དུ་གཏམ་བཤད་བྱེད་ས་དེ་ནས་ཡར་ཕྱིན་སོང་། ཁོ་ཚོ་ནང་ཁུལ་རྒྱ་གར་སྐད་ཐོག་སྐད་ཆ་ཤོད་ཀྱིན་ཕྱིན་སོང། སྐད་ཆེན་པོ་གང་ཡང་མ་རེད། དེ་ནས་གློ་བུར་དུ་རྒྱ་གར་བ་ཁོ་ཚོ་ལ་དཔྲལ་བར་རས་ཅན་པའི་མི་ཞིག་གིས་ཁྱོད་ཚོ་བསམ་བློ་གཏོང་མི་ཐུབ་མཁན་སྐད་ཅོར་ཆེན་པོ་འདི་འདྲ་རྒྱག་གི་འདུག་ཅེས་ཤོད་ཤོད་བཏང་སོང་། རྒྱ་གར་བ་ཁོ་ཚོ་ནི་སུ་ལ་ཟེར་གྱི་ཡོད་དམ་སེམས་པའི་ཕར་བལྟས་ཚུར་བལྟས་བྱས་ཏེ་བརྡ་ལན་མ་སྤྲད་པར་སྐས་འཛེགས་འཛེགས་ཏེ་ཡར་ཕྱིན་སོང་། མི་རས་ཅན་པ་དེ་ནི་ཁོང་ཁྲོའི་རྣམ་པ་དྲག་པོས་ང་ཚོ་མི་རེ་ཟུང་ཁོ་པའི་ཕྱོགས་སུ་ལྟ་བཞིན་སྡོད་ཡོད་པ་ལ་ཚུར་གདོང་བསྟན་ཏེ་ཧིནྡིའི་སྐད་ཐོག་མུག་ཤི་མང་དག་ཅིག་བགྲངས་སོང་། ང་ཚོས་ཧིནྡི་ཤེས་ཀྱི་མེད་པ་ལྟར་མཐོང་ཏེ་ཁོ་པ་གཅིག་པུས་སྐད་ཤེས་ཀྱི་ཡོད་ཅེས་ངོམས་པ་ལྟ་བུའི་རྣམ་རྟོག་ཤར་བྱུང་།

    གནས་མཇལ་བ་རྣམས་ཀྱི་སྐད་སྒྲ་ཆུང་བར་ཁོ་པ་དེ་འདྲ་ཞེ་ཁྲོ་བ་ཅི་ཡིན་ནམ་བསམ་པའི་དྭོགས་པ་ཞིག་བྱུང་། ཁོ་ཚོའི་ལུང་པའི་ནང་སྐྱབས་བཅོལ་ཏེ་ཡོད་པ་ལ་ད་དུང་ཉེས་འདོགས་ཀྱིས་ཤོད་ཤོད་གཏོང་བ་ག་ལ་རུང་ཞེས་ཀྱང་དྲན།

    ཏག་ཏག་སྐར་མ་གཉིས་ཙམ་རྗེས་གཏམ་བཤད་དང་པོ་དེ་ཚར་བ་ན་དེའི་རྗེས་ཀྱི་གཏམ་བཤད་པ་ནི་མི་རས་ཅན་པ་ཁོ་རེད་འདུག །དེར་འདུས་པའི་མི་རྣམས་ནི་ཕལ་ཆེ་བ་བོད་པ་ཡིན་འདུག་ཀྱང་ཁོས་དབྱིན་སྐད་ཐོག་གཏམ་བཤད་བྱས་སོང་།

    ངས་ནི་གཏམ་བཤད་གི་དོན་ལ་རྣ་བ་དང་སེམས་གཏད་པའི་ཚབ་ཏུ་སེམས་ནང་བསམ་བློ་ངང་གིས་འཁོར་བ་ནི། ཡཱ། ད་གིན་རྒྱ་གར་གནས་མཇལ་བ་ཉེས་མེད་རྣམས་ལ་ཁོས་སྐད་ཆ་རྩུབ་པོ་དེ་འདྲ་བཤད་པ་དེ། ཁོ་རང་གི་གཏམ་བཤད་ལ་གནོད་པའི་དྭོགས་པས་ཡིན་པ་འདྲ་སྟེ། འབྱུང་བ་གཉིས་སྣེ་སྦྱོར་བའི་རྗེས་དཔག་ཅིག་བྱས་པ་ཡིན།

    འདིར་བྲིས་པ་འདི་སྡང་སེམས་དང་འཁོན་སེམས་ཀྱིས་ཀུན་ནས་བསླངས་པ་ནི་མིན། སྤྱི་དོན་ཡིག་ཐོག་ཏུ་བཀོད་པ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese