མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུ་ལས་ཁང་དབུས་ས་གཉིས་ཀར་ཆད་པ་ཕོག་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞབ་ཁང་གིས་བཅད་ཁྲ་ཞིག་བཏང་ཡོད་པའི་ནང་། དབུས་འོས་བསྡུ་ལྷན་ཁང་གིས་འགན་དབང་ལག་བསྟར་བྱས་མེད་པར་ཆད་པ་ཧིན་སྒོར་ ༢༠༠༠༠ དང་། བལ་ཡུལ་ཀ་ཐ་མན་གྲུ་ས་གནས་འོས་བསྡུ་ལས་ཁང་སྒྲིག་གཞི་དང་འགལ་ཡོད་པར་ཆད་པ་ཧིན་སྒོར་ ༡༠༠༠༠ ། ཀོང་པོ་དོན་གྲུབ་ཀྱིས་བོད་མིའི་སྒྲུག་འཛུཊ་སྣང་མེད་ཀྱིས་བལ་ཡུལ་སྐོར་སྲུང་ལས་ཁུངས་སུ་སྙན་ཞུ་ཕུལ་ཏེ་འོས་བསྡུའི་ལས་དོན་ལ་འགོག་རྐྱེན་བཟོ་རྩིས་བྱས་པར་ཆད་པ་ཧིན་སྒོར་ ༧༠༠༠ བཅས་བཅད་འདུག

གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་འོས་བསྡུའི་སྐོར་གྱི་ཁ་མཆིའི་བཅད་ཁྲ་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན། བལ་ཡུལ་མཆོད་འཇོར་ཁུལ་གྱི་སྐབས་བཞི་པའི་ས་གནས་མགོ་འཛིན་འོས་བསྡུའི་སྐབས། ཀ་ཐ་མན་གྲུ་ས་གནས་འོས་བསྡུ་ལས་ཁང་གིས། ཀོང་པོ་དོན་གྲུབ་ཀྱིས་དེ་སྔོན་ཟློས་གར་ཚོགས་པའི་ཅ་དངོས་ཚོང་བཅོལ་བཞག་པའི་རྩིས་འཕྲོད་མེད་སྟབས། ས་གནས་མགོ་འཛིན་གྱི་འོས་མིའི་ཁུངས་སུ་ཞུགས་རྒྱུའི་ཆ་རྐྱེན་ཚང་མེད་ལུགས་བརྗོད་དེ་ཁོའི་མིང་དངོས་གཞིའི་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་འདུག

ཀོང་པོ་དོན་གྲུབ་ཀྱིས་ས་གནས་འོས་བསྡུ་ལས་ཁང་ལ་སྙན་ཞུ་ཕུལ་ཏེ་དོན་དག་དེར་བསྐྱབ་ཞིབ་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། དྷ་རམ་ས་ལའི་དབུས་འོས་བསྡུ་ལས་ཁང་ལའང་དེ་བཞིན་རེ་སྐུལ་ཞུས་ཡོད་ཀྱང་། དབུས་འོས་བསྡུ་ལས་ཁང་གིས་ལན་འབྱོར་བའི་ནང་། “འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་ཉིད་ཀྱི་ཞུ་སྦྱོར་དང་འདྲ་མཚུངས་ས་གནས་ཁ་ཤས་ལ་ཡོང་གི་ཡོད་སྟབས། ས་གནས་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་ཚོགས་མི་རྣམས་ནས་སྐབས་དེར་ཞིབ་འཇུག་ཐག་གཅོད་ཇི་ལྟར་བྱུང་མིན་ས་གནས་དེའི་འགན་འཁུར་གནང་མཁན་རྣམས་ནས་ལེགས་པ་ཞིབ་ཁྲ་ཤེས་རྟོགས་ཡོད་པར་སོང་། ས་གནས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་པ་ཞིག་ལ་དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་ཐེ་བྱུས་བྱེད་སྲོལ་མེད” ཅེས་ལན་སྤྲད་ཡོད་འདུག

དེའི་རྗེས་ཀོང་པོ་དོན་གྲུབ་ཀྱིས་དྷ་རམ་ས་ལའི་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉེས་མེད་འོས་གཞིའི་ཐོབ་ཐང་འཕྲོག་པའི་ཞུ་གཏུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༡ ཉིན་སྐབས་བཞི་པའི་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཀོང་པོ་དོན་གྲུབ་ལ་འོས་ཤོག་མང་པོ་ཐོབ་ཡོད་ཀྱང་། ཚེས་ ༢༨ ཉིན་གྱི་དངོས་གཞིའི་འོས་བསྡུ་མ་བྱས་སྔོན་ལ་ས་གནས་འོས་བསྡུ་ལྷན་ཁང་གིས་ཀོང་པོ་དོན་འགྲུབ་ལ་འོས་མིའི་ཆ་རྐྱེན་ཚང་མེད་ལུགས་བརྗོད་དེ་དངོས་གཞིའི་འོས་མིའི་ཁུངས་ནས་ཕྱིར་འཐེན་བྱས་ཡོད་འདུག ཚེས་ ༢༦ ཉིན་བསྟན་འཛིན་ཞུ་བ་ཞིག་གིས་ཟློས་གར་ཚོགས་པའི་བུ་ལོན་སྒོར་འབུམ་ ༢ དེ་ཕྱིར་སྤྲད་ཡོད་འདུག་པ་དང་། དེ་མ་ཐག་ཀོང་པོ་དོན་གྲུབ་ནས་ཀྱང་ཁོང་ལ་འོས་མིའི་ཆ་རྐྱེན་ཚང་ཡོད་ལུགས་བསྐྱར་དུ་འགྲེལ་བཤད་བྱས་ཡོད་ཀྱང་ས་གནས་འོས་བསྡུའི་ལས་ཁང་གིས་ངོས་ལེན་བྱས་མི་འདུག

སྐབས་དེའི་མཆོད་འཇོར་ས་གནས་མགོ་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོག་བདུད་འདུལ་རྡོ་རྗེ་ཡིན་འདུག་ལ། ཁོས་ཀོང་པོ་དོན་གྲུབ་ལ་བུ་ལོན་སྒྲུབ་འཇལ་ཐུབ་མེད་སྟབས་ས་གནས་མགོ་འཛིན་གྱི་འོས་མིའི་ཆ་རྐྱེན་ཚང་མེད་སྐོར་དང་། ཟློས་གར་གྱི་དངུལ་ཕྱིར་སློག་བྱེད་མཁན་བསྟན་འཛིན་རྡོ་རྗེ་ཟེར་བ་དེ་ཀོང་པོ་དོན་གྲུབ་ཀྱིས་མངགས་གཏོང་བྱས་པ། དངོས་གཞིའི་འོས་བསྡུའི་སྐབས་ཀོང་པོ་དོན་གྲུབ་ཀྱིས་མཆོད་འཇོར་ས་གནས་སྐོར་སྲུང་ལས་ཁུངས་ DSP ལ་སྙན་ཞུ་ཕུལ་ཏེ་དངོས་གཞིའི་འོས་བསྡུ་འགོག་ཐབས་བྱས་ཡོད་པ། ད་དུང་ཀོང་པོ་དོན་གྲུབ་ཀྱིས་ཁོ་ལ་ཁ་པར་བརྒྱུད་སྡིགས་ར་སྐུལ་ཚུལ་བཅས་ཀྱི་རྩོད་ལན་བྱས་ཡོད་འདུག

ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་བཅོད་བྱས་པའི་བཅད་ཁྲའི་ནང་། ཁ་མཆི་དེར་གནད་དོན་ ༦ དང་ལྡོག་གཏུག་གི་གནད་དོན་ ༢ བཅས་སུ་ཐག་གཅོད་བྱས་ཡོད་པ་དག་ནི། དང་པོ། ཀོང་པོ་དོན་གྲུབ་ཀྱིས་ཟློས་གར་གྱི་ཅ་དངོས་བཅོལ་ཡུལ་བསྟན་འཛིན་རྡོ་རྗེ་ཡིན་པ་ཁུངས་སྐྱེལ་ཐུབ་མེད་པའི་ངོས་འཛིན་དང་། འོས་བསྡུའི་འགན་འཛིན་གྱིས་བརྗོད་པ་ལྟར་ཟློས་གར་གྱི་ཅ་དངོས་བཅོལ་ཡུལ་ཀོང་པོ་དོན་གྲུབ་ཡིན་པའི་ངོས་འཛིན། སྔོན་འགྲོའི་འོས་གཞི་ལས་ཕྱིར་འཐེན་བྱས་ཟིན་པ་ཞིག་དངོས་གཞིའི་འོས་གཞིར་ཞུགས་པའི་ཆ་རྐྱེན་མེད་པའི་ངོས་འཛིན། ཀོང་པོ་དོན་གྲུབ་ཀྱིས་ལོ་ངོ་ ༢༡ རིང་བུ་ལོན་སྒྲུབ་མཇལ་མ་ཐུབ་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁོ་རང་མཆོད་འཇོར་ས་གནས་མགོ་འཛིན་སྐབས་བཞི་བའི་འོས་ཚོས་མ་ཚང་བར་ཆད་འགེལ་ཐག་གཅོད་བྱས་འདུག དེ་བཞིན་ལྡོག་གཏུག་སྐབས་ཀོང་པོ་དོན་གྲུབ་ཀྱིས་ས་གནས་སྐོར་སྲུང་ལས་ཁུངས་ལ་སྙན་ཞུ་ཕུལ་མེད་པ་ཁུངས་སྐྱེལ་ཐུབ་མེད་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲུག་འཛུགས་ལ་ལྟོས་མེད་ཀྱིས་གནས་ཡུལ་སྐོར་སྲུང་ལས་ཁུངས་སུ་སྙན་ཞུ་ཕུལ་ཏེ་འོས་བསྡུའི་ལས་དོན་ལ་འགོག་རྐྱེན་བཟོ་རྩིས་བྱས་པར་ཀོང་པོ་དོན་གྲུབ་ཆད་པ་ཧིན་སྒོར་ ༧༠༠༠ བཅད་པ།

གཉིས་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་དབུས་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་བྱེད་དགོས་པ་གསལ་ཡོད་ཀྱང་། ས་གནས་འོས་བསྡུའི་ལས་ཁུངས་ཀྱི་ཐག་གཅོད་འགྲིག་མིན་ཞིབ་འཇུག་བྱས་པའི་གནས་ཚུལ་གང་ཡང་མེད་པ་མ་ཟད། “འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་ཉིད་ཀྱི་ཞུ་སྦྱོར་དང་འདྲ་མཚུངས་ས་གནས་ཁ་ཤས་ལ་ཡོང་གི་ཡོད་སྟབས། ས་གནས་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་ཚོགས་མི་རྣམས་ནས་སྐབས་དེར་ཞིབ་འཇུག་ཐག་གཅོད་ཇི་ལྟར་བྱུང་མིན་ས་གནས་དེའི་འགན་འཁུར་གནང་མཁན་རྣམས་ནས་ལེགས་པ་ཞིབ་ཁྲ་ཤེས་རྟོགས་ཡོད་པར་སོང་། ས་གནས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་པ་ཞིག་ལ་དབུས་འོས་བསྡུ་ལས་ཁང་ནས་དམིཊ་བསལ་ཐེ་བྱུས་བྱེད་སྲོལ་མེད” ཅེས་ལན་སྤྲད་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་གིས་འགན་དབང་ལག་བསྟར་མ་བྱས་པར། འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལ་ཆད་པ་ཧིན་སྒོར་ ༢༠༠༠༠ བཅད་པ།

གསུམ་པ། བདུད་འདུལ་རྡོ་རྗེ་ཡིས་ཀོང་པོ་དོན་གྲུབ་ཀྱི་མིང་དངོས་གཞིའི་འོས་ཁུངས་ནས་ཕྱིར་འཐེན་བྱས་པ་དོ་བདག་གིས་ངོས་ལེན་བྱས་ལུགས་ཁུངས་སྐྱེལ་ཐུབ་མེད་པ་དང་། ཀོང་པོ་དོན་གྲུབ་ཀྱིས་ཁ་པར་བརྒྱུད་ཁོ་རང་ལ་སྡུགས་ར་སྐུལ་ཚུལ་བདུད་འདུལ་རྡོ་རྗེ་ནས་ཁུངས་སྐྱེལ་ཐུབ་མེད་པ། ས་གནས་འོས་བསྡུ་ལས་ཁང་གིས་ཀོང་པོ་དོན་གྲུབ་དངོས་གཞིའི་འོས་ཁོངས་ནས་ཕྱིར་འཐེན་བྱས་པ་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པར། བདུད་འདུལ་རྡོ་རྗེ་ལ་ཆད་པ་ཧིན་སྒོར་ ༡༠༠༠༠ བཅས་ཀྱི་ཐག་གཅོད་བྱས་ཡོད་པ་དེ་དག་ཉིན་ ༣༠ ནང་ཚུད་དུ་བོད་མིའི་སྒྲིག་འཛུགས་སྤྲོད་དགོས་སྐོར་སོགས་འཁོད་འདུག

ཁ་མཆི་འདིའི་ཐད་གསར་འགོད་པས་འབྲེལ་ཡོད་མི་སྣ་ཞིག་ལ་བཅར་འདྲི་བརྒྱུད་ཤེས་རྟོགས་བྱུང་བར། ༢༠༡༣ ལོའི་ཕྱི་ཟླ་ ༩ ཚེ་ ༢༡ ཉིན་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་སྐབས་བཞི་བའི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་། ཉིན་དེའི་དགོང་མོར་འོས་བསྡུའི་ཚོགས་མི་དང་ཟུར་དཔང་། འགན་འཛིན་བཅས་འཛོམས་ཏེ་འོས་ཤོག་གྲངས་བཤེར་བྱས་རྗེས་རང་སར་ལོག་ཡོད་ཅིང་། འོས་བསྡུའི་སྒྲིག་གཞི་ལྟར་ན། རྩོད་རྙོག་ཐག་གཅོད་རིགས་དང་། འོས་གཞིར་བརྟག་དཔྱད་བརྩད་གཅོད། འོས་སྒམ་ལ་རྟགས་ཐེལ་རྒྱག་པ། འོས་གྲངས་གསལ་བསྒྲགས་བཅས་ཀྱི་སྐབས་སུ། འོས་བསྡུའི་ཚོགས་མི་དང་ཟུར་དཔང་བཅས་ཀྱི་སུམ་ཆ་གཉིས་འཛོམས་དགོས་ཀྱང་། མཆོད་འཇོར་ས་གནས་མགོ་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོག་བདུད་འདུལ་རྡོ་རྗེ་ཡིས། ཀོང་པོ་དོན་འགྲུབ་ལ་འོས་གྲངས་ ༥༡༦ དང་། གཞན་པ་འོས་མི་ ༦ ཡོད་པ་དག་ལ་འོས་གྲངས་ ༥༡༧ ཡོད་ཚུལ་བསྒྲགས་ཡོད་འདུག

གལ་སྲིད། འོས་ཤོག་གཅིག་ཚུར་ཡོང་བ་ཡིན་ན་སྔོན་འགྲོའི་འོས་བསྡུའི་སྐབས་ཀོང་པོ་དོན་འགྲུབ་ལ་ཁ་གཏད་མེད་པའི་ས་གནས་མགོ་འཛིན་ཆགས་ཀྱི་ཡོད་འདུག བདུད་འདུད་རྡོ་རྗེ་ཡིས་ཀོང་པོ་དོན་འགྲུབ་འོས་མིའི་ཁོང་ནས་ཕྱིར་འཐེན་བྱེད་དོན། ཀོང་པོ་དོན་འགྲུབ་ཀྱིས་ཟློས་གར་ཚོགས་པའི་ཧིན་སྒོར་འབུམ་ ༢ ལྷག་གི་ཟློས་གར་གྱི་ཅ་དངོས་ཁག་ ༨ ཙམ་ཞིག་ཕྱི་ལོ་ ༡༩༩༢ ལོ་ནས་བཅོལ་བཞག་པ་དེའི་བུ་ལོན་གཙང་མ་བཟོས་མེད་པ་དང་། དེ་གཙང་མ་བཟོས་མེད་པ་དེ་རྩིས་ཞིབ་སྙན་ཐོ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། ཟློས་གར་གྱི་ཡིག་ཆ་བཅས་སུ་གསལ་འདུག་སྟབས། ཀོང་པོ་དོན་གྲུབ་འོས་མིའི་ཁོངས་ནས་མར་འཐེན་པ་ཡིན་སྐོར་ས་གནས་འོས་བསྡུ་ལས་ཁང་གིས་བརྗོད་ཡོད་འདུག

དངོས་གཞིའི་འོས་བསྡུ་མ་བྱས་ཡར་སྔོན་ཏེ། ཕྱི་ཟླ་ ༩ ཚེས་ ༢༦ ཉིན་བསྟན་འཛིན་རྡོ་རྗེ་ཞུ་བ་ཞིག་གིས་ཟློས་གར་ཚོགས་པར་བུ་ལོན་འཇལ་ཏེ་གཙང་མ་བཟོས་རྗེས། ཀོང་པོ་དོན་གྲུབ་ཀྱིས་སླར་ཡང་ས་གནས་འོས་བསྡུ་ལས་ཁང་ལ་ཁོ་རང་ལ་འོས་ཆོས་ཚང་ཡོད་ཚུལ་བརྗོད་སྐབས། ས་གནས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་གསལ་བསྒྲགས་ནང་བཏོན་ཚར་བ་ཞིག་བསྐྱར་དུ་དངོས་གཞིའི་འོས་བསྡུའི་ནང་འགྲོ་བའི་སྒྲིག་གཞིའི་ཆ་རྐྱེན་མི་འདུག་ལབ་ཡོད་འདུག

ཀོང་པོ་དོན་འགྲུབ་ཀྱིས་ ༢༠༡༣ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ས་གནས་འོས་བསྡུའི་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་དོན་དག་དེར་བསྐྱར་ཞིབ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ཟླ་དེའི་ཚེས་ ༢༠ བར་བདུད་འདུལ་རྡོ་རྗེས་ས་གནས་འོས་བསྡུའི་ལས་ཁུངས་ཀྱི་འགན་འཛིན་ཡིན་པ་དང་། དེའི་རྗེས་ཁོ་སྒང་ཏོག་ས་གནས་མགོ་འཛིན་དུ་གནས་སྤོར་བཏང་འདུག་སྟབས། ཁོང་ལ་སྙན་ཞུ་དེ་དངོས་སུ་འབུལ་ཐུབ་མེད་སྟབས་ཚེས་ ༢༡ ཉིན་བལ་ཡུལ་འོས་བསྡུའི་འགན་འཛིན་ལས་ཚབ་མིག་དམར་རྡོ་རྗེ་ལ་སྤྲད་དེ་བསྐྱར་ཞིབ་གནང་རོགས་ལབ་སྐབས། ང་རང་ལ་འོས་བསྡུའི་ཚོགས་མིའི་ཁྲོད་འདི་འགྲིག་མི་འདུག་ལབ་མཁན་མི་འདུག་ཅེས་ལབ་ཡོད་འདུག ༢༠༡༤ ལོའི་ཟླ་ ༢ ཚེས་ ༢ ཉིན་ཀོང་པོ་དོན་འགྲུབ་ཀྱིས་དབུས་འོས་བསྡུ་ལས་ཁུངས་ལ་ཡི་གེ་བཏང་སྟེ་བསྐྱར་ཞིབ་གནང་རོགས་ལབ་པའི་ལན་དུ། ས་གནས་ཀྱི་གནས་སྟངས་ས་གནས་རང་གི་མིས་ཐག་གཅོད་བྱས་ན་ཡག་སྐོར་བརྗོད་དེ་ཁ་ཡ་མ་བྱས་སྟབས་གནས་ཚུལ་འདི་བྱུང་ཡོད་འདུག

འབྲེལ་ཡོད་མི་སྣར། ཁོང་ལ་ཀོང་པོ་དོན་འགྲུབ་ཀྱིས་ས་གནས་སྐོར་སྲུང་ལས་ཁུངས་ DSP ལ་སྙན་ཞུ་ཕུལ་བའི་བདེན་དཔང་ཡོད་མེད་དྲིས་པར་ཁོང་གིས། ༢༠༡༣ ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་མཆོད་རྟེན་ཁུལ་གྱི་ DSP ཡིས་མཆོད་འབྱོར་ས་གནས་མགོ་འཛིན་ལས་ཚབ་མིག་དམར་རྡོ་རྗེ་དང་ལས་དྲུང་བསྟན་འཛིན་དཔལ་ལྡན་གཉིས་སྐད་བཏང་སྟེ། ཀོང་པོ་དོན་འགྲུབ་ཀྱིས་སྙན་ཞུ་ཕུལ་ཡོད་པ་དེ་བསྟན་འདུག སྙན་ཞུ་དེའི་ནང་འོས་བསྡུ་དྲང་པོ་བྱུང་མི་འདུག་ཅེས་གསལ་ཡོད་པ་དང་། གལ་སྲིད། ནང་འགྲིག་མ་བྱུང་བ་ཡིན་ན་འོས་བསྡུ་གནང་བཅུག་གི་མིན་པ་མ་ཟད་ཁྱེད་རང་གཉིས་འཛན་རྒྱུ་ཡིན། ཞེས་ལབ་འདུག དེ་ཀོང་པོ་དོན་འགྲུབ་ཀྱིས་ཁས་ལེན་བྱས་མེད་ཀྱང་། བདུད་འདུལ་རྡོ་རྗེ་ཡར་མར་མང་པོར་ཐུག་སྟེ་ཁུངས་སྐྱེལ་ཐུབ་ཡོད་པ་རེད།

མཇུག་ཏུ་གསར་འགོད་པས་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐེངས་འདིར་བཅད་ཁྲ་བཏང་བ་དེར་དགོངས་ཚུལ་དང་ངོས་ལེན་ཡོད་མེད་དྲིས་པར་ཁོང་གིས་ད་ལྟའི་ཆར་གནས་ཚུལ་དེ་སྐོར་ལ་སྐད་ཆ་གང་ཡང་ཞུ་རྒྱུ་མེད་ཅེས་བརྗོད་བྱུང་།

ད་རེབ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བུ་ལོན་སྒྲུབ་མཇལ་མ་ཐུབ་པ་མ་ཡིན་པ་ཞེས་པ་དེར་འགྲེལ་བཤད་ཅིག་བསྐྱོན་ཡོད་པ་ནི། “བུ་ལོན་སྒྲུབ་མཇལ་མ་ཐུབ་པ་མ་ཡིན་པ་ཞེས་པའི་གོ་དོན་ནི་ཁྲིམས་དོན་གྱི་བྱ་རིམ་ཐོག་ནས་སོ་སོའི་ཁ་རྗེ་དབང་ཐང་གིས་གཞན་ནས་གཡར་ལེན་བྱས་པའི་བུ་ལོན་སྒྲུབ་འཇལ་གྱི་ནུས་པ་གང་ཞིག་ལ་ཁྲིམས་ཁང་རང་ནས་ཐག་གཅོད་ཚོང་རྐུབ་རྡིབ་པ་ (bankruptcy)ཅེས་བརྗོད་པ་དང་། རྒྱུ་ནོར་གྱི་གནས་སྟངས་ཆ་ནས་བུ་ལོན་སྒྲུབ་འཇལ་མ་ཐུབ་པའི་སྐྱེ་བོ་གང་ཞིག་ནས་ཞུ་གཏུགས་ཀྱིས་ཁྲིམས་ཁང་ནས་བུ་ལོན་སྒྲུབ་མཇལ་མ་ཐུབ་པ་མ་ཡིན་པའི་གནས་སྟངས་མེད་པར་ཆགས་པའི་ངོས་ལེན་གནང་མེད་པ་ཡིན་ན། (Undischarged insolvent) སྐྱེ་བོ་དེ་གཞུང་གི་གནད་ཡོད་ལས་གནས་ཐོག་འོས་བསྡུའི་ལམ་ནས་འཛུལ་ཞུགས་ཀྱི་འོས་ཆོས་ཚང་གི་མེད་པ་ནི་གཞུང་གི་གནད་ཡོད་ལས་སྣེར་འོས་ཆོས་འདི་བཞག་པའི་རྒྱལ་ཁབ་ཕལ་མོ་ཆེའི་འགྲེལ་བཤད་རྒྱག་སྟངས་ཤིག་ཡིན་ཞིང” ཞེས་དང་། “བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་འཚམ་པའི་འགྲེལ་བརྗོད་ནི། སྐྱེ་བོ་གང་ཞིག་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕོངས་ནས་གཞན་དབང་དུ་གྱུར་བའམ། སྤྱི་སྒེར་ནས་དངུལ་དངོས་གཡར་ལེན་བྱས་པ་དུས་བཀག་ནང་ཚུན་སྐྱིན་གསབ་ཀྱི་འགན་འཁུར་མི་ལེན་པ་ཞིག་ལ་གོ་དགོས་པ་ཡིན” ཞེས་སོགས་འཁོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. བློ་བཟང་བསམ་གཏན། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་དགོས་མཁོ་གཅིག་ཀྱང་མེད་པའི་ལས་ཁུངས་གཅིག་རེད་བསམ་བསྡད་ཡོད། ད་རེས་ལས་ཀ་ཡག་པོ་བསྒྲུབས་འདུག འོས་བསྡུ་ལྷན་ཁང་དབུས་དང་ས་གནས་གཉིས་ཀའི་ནོར་འཁྲུལ་ཆེན་པོ་བཟོས་འདུག ལྷག་པར་དུ་དབུས་ནས་འགན་དབང་མ་སྒྲུབ་པ་དེ་ཁ་གསལ་བོར་བཤད་ན་ལས་ཀ་ཡག་པོ་མ་བྱས་པ་དང་བྱེད་འདོད་མེད་པའི་རྣམ་འགྱུར་ཞིག་རེད།

    Reply
  2. མི་རྒོད། says:
    ལོ་ 12 སྔོན།

    འོ་བླ་མ་མཁྱེན་ སྐྱབས་མགོན་མཁྱེན་ བལ་ཡུལ་འདི་ནང་རྒྱ་དམར་གྱི་ཀྱག་པ་གཏང་ནས་ག་ས་ག་ལ་དྲི་མ་ཡོད་རེད། ཡིན་ན་ཡང་ལས་འབྲས་ཟེར་བ་དངོས་ནས་ཡོད་པ་རེད་ད་བོད་མི་ཚོ། ཚེ་འདིར་དངུམ་དམར་གཅིག་པུར་གལ་ཆེ་མ་རེད་ཁོ། རང་བསྟོད་མི་སྨོན་གྱིས་ཡ་རབས་བཟང་སྤྱོད་ནི་སྙིང་པོའི་ནང་གི་སྙིང་པོ་རེད་དེ་མ་བྱུང་བ་ཡིན་ན་ལོ་རྒྱུས་ཡང་ནག་ཉེས་ཅན་ཞིག་ཆགས་པ་རེད། བདེ་སྲུང་ལས་ཁུངས་ནས་བྱ་བ་འདི་རིགས་ཀྱིས་བརྒྱབ་ལྗོངས་ན་སུ་ཡོད་དང་གང་ལ་བརྟེན་ནས་བྱུང་རྟག་ཏུ་ཞིབ་བཤེར་མུ་འཐུད་གནང་དགོས་པ་འདུག་ བལ་ཡུལ་ས་གནས་ག་ཡོད་དང་། ལྡི་ལི་བོད་མིའི་སྡོད་སྒར་བཅས་ལ་རྒྱ་དམར་གྱིས་དངུལ་གྲོན་གཏོང་བ་ནི་ཧ་ལས་པ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese