མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་པ་མང་བའི་དྷ་ས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གིས་དེ་སྔོན་བོད་དོན་འཐབ་རྩོད་ཐོག་གོ་གནས་གལ་ཆེན་བཟུང་ཡོད། བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཐད་དུའང་ལག་རྗེས་མི་ཉུང་བཞག་ཡོད། འོན་ཀྱང་བར་ལམ་ཞིག་ནས་དྷ་སའི་ཚོགས་པ་ཁག་ལ་གྲགས་འགུལ་མེད་པ་དང་། གྲགས་འགུལ་ཕྲན་ཙམ་ཡོད་པ་ཡང་ཚོགས་པ་རེ་ཟུང་གི་ནང་ཁུལ་འཆམ་མིན་དང་ཆབ་སྲིད་ལངས་ཕྱོགས་མཐུན་མིན། ཚོགས་པ་ཚོགས་པའི་བར་དུ་མཉམ་འབྲེལ་ཡོང་མིན་སོགས་ཀྱི་རྙོག་གླེང་དག་རེད།

མི་འབོར་ཉིས་ཁྲི་ཙམ་ལས་མེད་པའི་དྷ་རམ་ས་ལའི་རི་སྒང་ཆུང་ཆུང་འདིར་ཚོགས་པ་སྒྲིག་འཛུགས་ཆེ་ཆུང་མང་པོས་ཁེངས་ཡོད། བོད་ནས་ཕེབས་པའི་གསར་འབྱོར་ལས་མེད་ཚོ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་རྒྱ་གར་ཡུལ་མི་སོགས་འཕུད་བའི་དྷ་སའི་སྡོད་དམངས་སུ་ཞིག་ཡིན་ཡང་། དང་པོ་ཚོགས་པ་ཞིག་གི་ཚོགས་མི་ཡིན་པ་དང་། གཉིས་པ་ཚོགས་པ་དེའི་ནང་ཁུལ་གྱི་ཤོག་ཁག་ཅིག་གི་རྒྱབ་རྩ་ཡིན་པ། གསུམ་པ་ཤོག་ཁག་གང་དེའི་སྐུ་ངོ་སུ་དང་ནང་ཚགས་ཡིན་པ་བཅས་ནི་གང་ཟག་གང་དེ་དྷ་སའི་མི་གྲལ་དུ་ཚུད་པའི་ལམ་ཁ་དང་པོ་ཡིན།

སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་དང་། སྒོས་དྷ་རམ་ས་ལར་ཚོགས་པ་སྐྱིད་སྡུག་མང་བའི་རྒྱུ་རྐྱེན་གཅིག་དེ། དམངས་གཙོའི་རྒྱལ་ཁབ་ཁག་ནང་ལྟ་གྲུབ་ཀྱི་ཆེད་དུ་ཚོགས་པ་འཛུགས་པ་དང་། སྤྱི་གཞུང་སྲ་བརྟན་གྱི་ཆེད་དུ་སྒྲིག་འཛུགས་བཟོ་བའི་ལུགས་སྲོལ་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚོགས་པའི་ཆེད་དུ་ལངས་ཕྱོགས་ལོགས་སུ་འཛིན་པ་དང་། གང་ཟག་སྒེར་གྱི་ལྟོ་གོས་གནས་མལ་དང་མཚན་སྙན་གོ་གནས་ཀྱི་ཆེད་དུ་ཚོགས་པ་གསར་བ་འཛུགས་པ་སོགས་ནི་རྒྱལ་ཁ་དང་རྒྱུན་སྲོལ་ཞིག་ཏུ་རྩི་བ་འདིས་ཀྱང་ཡིན་ངེས།

དྷ་རམ་ས་ལ་ནས་མི་གཅིག་ལྟ་བ་ལངས་ཕྱོགས་མི་འདྲ་བའི་ཚོགས་པ་གཉིས་ནང་ཞུགས་པ་དང་། ཚོགས་པ་གཅིག་ནས་ཐོན་ཏེ་ཚོགས་པ་གཞན་ནང་འཛུལ་བ། གོ་སྐབས་རག་ན་ལྟ་བ་ལངས་ཕྱོགས་བསྒྱུར་ཆོག་པ་དང་། རྐྱེན་དང་འཕྲད་ན་ཆོལ་ཁོངས་ལུང་ཚན་བརྗེ་ཐུབ་པ། དགོས་མཁོར་ཐུག་ན་ཆོས་ལུགས་ཆོས་བརྒྱུད་ཀྱང་བསྒྱུར་ནུས་པའི་ཁོག་པའི་ཤོང་ཚད་ཆེན་པོ་དང་གདོང་གི་སྐྱི་ལྤགས་མཐུག་པོ་དེ་ཧ་ཅང་རྒྱུན་ལྡན་དུ་རྩི་བ་མ་ཟད། སྤྱི་བའི་རྩ་དོན་ཆེད་ཡིན་པའི་འགྲེལ་བཤད་ཉི་ཚེ་བ་རེ་རྒྱག་རྒྱུར་ཡང་ངོ་ཚ་མེད། རྒྱལ་ཁབ་རང་བཙན་པ་ཞིག་ལ་མཚོན་ན་དེའི་ནང་དུ་ཚོགས་པ་འདྲ་མིན་གལ་ཆེན་ཡིན་ལ། ཚོགས་པ་ལས་ཀྱང་ལྟ་གྲུབ་འདྲ་མིན་གལ་ཆེན་ཡིན་ཡང་། རྒྱལ་ཁབ་ཤོར་ནས་མིའི་ལུང་པར་ཆབ་སྲིད་སྐྱབས་བཅོལ་དུ་སྡོད་མཁན་བོད་པར་མཚོན་ན། ལངས་ཕྱོགས་བརྟན་པོ་མེད་པར་སྒེར་བའི་དགོས་མཁོ་སྒྲུབ་བྱེད་ཀྱི་ཚོགས་པ་སྒྲིག་འཛུགས་མང་པོ་དགོས་པ་ཆུང་ལ། ཆིག་སྒྲིལ་གྱི་བཀག་རྡོར་འགྱུར་གཞིའི་རྩ་དོན་ཆབ་སྲིད་ཐད་ཀྱི་ལྟ་བ་ལངས་ཕྱོཊ་སྣ་ཚོགས་དེ་བས་ཀྱང་དགོས་དོན་མེད།

ངས་འདི་ལྟར་བཤད་སྐབས་རང་དབང་དམངས་གཙོའི་ལུང་པར་སྐྱེས་འཚར་བྱུང་ཞིང་། རང་ལ་རྒྱལ་ཁབ་དང་ས་ཆ་ཡོད་མེད་ཀྱང་སེམས་ངོས་ན་རབ་རིབ་མག་མོག་ཡིན་མཁན་ཚོས་ཨུ་ཚུགས་ཀྱིས་ལུང་དང་རིགས་པ་དྲངས། ལོ་རྒྱུས་ཆབ་སྲིད་སྐྱོར་ཏེ་ཞྭ་དཔེ་ལྷམ་འགེབ་བྱེད་སྲིད་མོད། སྤྱི་བའི་སྒྲིག་འཛུགས་དམངས་གཙོའི་ཀ་བ་གསུམ་གྱིས་རང་སྐྱ་ཐུབ་ཀྱི་མེད་པའི་གནས་ཚང་དུ། ད་སྔ་འུ་ཚང་གི་ཚོགས་སྐྱིད་མང་པོ་ཞིག་གིས་ཚུར་བླངས་པ་ལས་ཕར་བསྐྱལ་བ་མང་བ་དེས་ཀྱང་རྟོགས་སླའོ།།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༣ སྔོན་ལ།
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

ཆུ་ཚོད་ ༦ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

༢༠༢༥/༡༢/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese