མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་ཁམས་བྲག་གཡབ་བརྟན་བཞུགས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

༄༅། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་བཞུགས་པའི་མདོ་ཁམས་བྲག་གཡབ་ཀྱིི་ཁྱབ་ཁོངས་སེར་སྐྱ་ཐུན་མོང་ལ་ཆེད་ཞུ།།

ལམ་ཙམ་དགོངས་མངའ་ལྟར། ༢༠༡༣/༡༢/༢༤ཉིན་སེ་ར་ཐེག་ཆེན་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་ཞལ་སྔ་ནས་ལམ་རིམ་བཀའ་ཁྲིད་བསྩལ་གནང་མཛད་པའི་སྐབས་དེར། བྲག་ལྗོངས་བསྟན་འགྲོའི་དཔལ་མགོན་མཚུངས་མེད་༸སྐྱབས་མགོན་དགུ་པ་ཆེན་པོ་མཆོག་གིས་དཀྱེལ་ཡངས་དགོངས་བཞེས་གཏིང་ཟབ་ཀྱིས། རང་ཁོངས་བགྲེས་གཞོན་དུ་མས་མ་བགྲོས་བསམ་པ་གཅིག་མཐུན་གྱི་རེ་བ་གཞིར་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་རྗེས་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་། བསྟན་འགྲོ་སྤྱི་བྱེའི་བདེ་ཐབས་༸རྒྱལ་བའི་སྐུ་ཚེ་ཉིད་ལ་རག་ལས་པས་ན། རང་རེ་བྲག་གཡབ་མི་མང་ཡོངས་ནས་ལྷག་བསམ་དམ་ལར་གཅིག་མཐུན་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྙིང་སྟོབས་བསྐྱེད་ཐབས་བྱུང་ན། དེ་ལས་ལྷག་པའི་རླབས་ཆེན་རྣམ་དཀར་གྱི་བྱ་བ་བཟང་པོ་མ་མཆིས་པས། དེའི་ཐད་འཕྲལ་དུ་གྲོས་བསྡུར་བྱ་གལ་ཆེ་སྐོར་བཀའ་སློབ་ཕེབས་པ་གཞིར་བཟུང་། བྲག་གཡབ་༸སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག །ཕྱོགས་འདུས་ཀྱི་མི་འཐུས་བསྡུ་སྐོང་ཐོག་བཀའ་བསྡུར་ལྷུག་པོ་མཛད་པའི་ཐོག་ནས་ཐག་གཅོད་གནང་བའི་གྲུབ་དོན་རྣམས། རང་མགོན་བྲག་གཡབ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་མཛད་བརྒྱའི་བར་གསེང་ཞིག་ཏུ་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ལ་སྙིང་ནས་མི་ཕྱེད་པའི་དད་དམ་ཅན་གུས་འབངས་མདོ་ཁམས་བྲག་གཡབ་སེར་སྐྱ་ཐུན་མོང་གིས། བརྟན་བཞུགས་བསྟར་འབུལ་ཞུ་འཐུས་ཆོག་པའི་༸སྙན་གསན་ཕུལ་བར་མགོན་པོ་གང་ཉིིད་ནས་བརྟན་བཞུགས་བསྟར་འབུལ་ཞུ་འཐུས་ཆོག་པའི་དོན་གྱི་བཀའ་བཟང་གསེར་གྱི་མེ་ཏོག་སྤྱི་བོའི་མཛེས་རྒྱན་དམ་པར་སྩོལ་གནང་མཛད་པར་གཞིར་བཟུང་། དགའ་ལྡན་ཕོ་བྲང་གི་ཡིག་ཚང་དུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་འཛུགས་ཆོག་པའི་སྙན་ཞུ་ཕུལ་བར་ཡིག་ཐོག་གི་བཀའ་ཁྲོལ་ཟབ་མོ་ལེགས་པར་ཐོབ་པ་མ་ཟད། དེ་རྗེས་འབུལ་དུས་ཀྱང་ཕྱི་ལོ ༢༠༡༤ཟླ་བ་༡༢ པའི་ནང་ལྷོ་ཕྱོགས་མོན་གྷོ་ལམ་རིམ་བཀའ་ཁྲིད་སྩོལ་གནང་མཛད་སྐབས་འབུལ་གཏན་འཁེལ་བའི་བཀའ་ཡིག་དམ་པ་བསྩལ་ཐོབ་བྱུང་དོན་བཞིན། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་དངོས་སུ་ཚུགས་ཏེ། རང་ཅག་རྣམས་ནས་བསྟན་པ་འདི་ཡི་སྟོན་པ་གཉིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱི་ནོར་༸གོང་ས༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་། བྱེ་བྲག་རང་ཅག་བོད་གངས་ཅན་པའི་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་གནང་མཛད་པ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་དང་། བདག་སོགས་འགྲོ་བའི་མགོན་དུ་སྐུ་ཚེ་ཞབས་པད་དྲང་སྲོང་ཚེ་མཐའ་ཡས་པའི་ངོ་བོ་བརྟན་པའི་ཆེད་དུ་དམིགས་ཏེ། བཀའ་འབྲེལ་གཞིར་བཟུང་ཕྱི་ལོ། ༢༠༡༤ ཟླ་བ། ༡༢ པའི་ཚེས། ༢༣་ནས་༢༩་བར་ལྷོ་ཕྱོགས་མོན་གྷོ་ལམ་རིམ་བཀའ་ཁྲིད་སྩོལ་གནང་མཛད་སྐབས་སུ་འབུལ་གཏན་འཁེལ་བ་ལགས་ན། དེ་དོན་བཞིན་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་མདོ་ཁམས་བྲག་གཡབ་ཀྱིི་ཁྱབ་ཁོངས་སེར་སྐྱ་ཐུན་མོང་ལ་རླབས་ཆེན་རྣམ་དཀར་གྱི་མཛད་སྒོ་འདིའི་གནས་ཚུལ་རྣམས་མ་གོ་མ་ཐོས་མེད་པ་འབྱུང་ཆེད་ཡོངས་ཁྱབ་གསལ་བསྒྲགས་སུ།

མདོ་ཁམས་བྲག་གཡབ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༤ཟླ་བ ༧ ཚེས་ ༣༠ ཕུལ།

འབྲེལ་བ་གནང་ཡུལ། དགའ་ལྡན།༠༩༨༨༠༠༠༦༦༠༡། འབྲས།༠༩༩༧༢༨༡༧༧༧༣། རྣམ་གྲོལ་གླིང། ༠༩༥༣༥༤༡༧༣༨༤། དྷ་ས། ༠༩༤༡༨༩༩༡༧༧༣། བལ་ཡུལ།༠༠༩༧༧༩༨༠༣༩༠༨༩༨༨། གློག་འཕྲིན། dagyab10@gmail.com

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༢ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese