མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་སློབ་ཚན་རྒྱ་གར་སྨན་པའི་ལྷན་ཚོགས་ལ་ཕུལ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་རིག་སློབ་ཚན་གཏན་འབེབས་སྐོར་ལ་ཚོགས་འདུ་ཞིག་ཚོགས་པའི་སྟེང་། རྒྱ་གར་གྱི་སྨན་པའི་ལྷན་ཚོགས་ཚོགས་གཙོ་སོགས་ཀྱིས། མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་སློབ་ཚན་དང་སྒྲིག་གཞི་གཏན་འབེབས་བྱུང་མཚམས་གསོ་རིག་སྐོར་གྱི་ལས་འགུལ་རིགས་ཀྱི་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་གིས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་སྔོན་མའི་ཟླ་མཇུག་ཏུ་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གཉིས་རིང་། རྒྱ་གར་ཨ་ཡུ་ཤའི་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་སྨན་པའི་ལྷན་ཚོགས་(Central Council of Indian Medicine)ཀྱི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་སློབ་ཚན་གཏན་འབེབས་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཝཱ་ནི་ཊཱ་ལགས (Dr. Vanitha Murali kumar )དང་ཚོགས་གཞོན་ཨེ་མི་ཊཱབ་ (Dr. Amitabh Kumar)རྣམ་གཉིས་ཀྱི་གཙོས། བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་དང་ལ་དྭགས་རྒྱལ་ཡོངས་གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་སྨན་རམས་པ་པདྨ་འགྱུར་མེད་ལགས། དེ་བཞིན། སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་སྤྱི། ཝར་ནཱ་མཐོ་སློབ་སྨན་གྱི་སྡེ་ཚན་སྐུ་ཚབ། ལ་དྭགས་སྨན་ཁང་གི་སྨན་པ་གཙོ་བོ། ལ་དྭགས་སྨན་རྩིས་སློབ་གྲྭའི་སློབ་སྤྱི་སྨན་རམས་པ་འཕྲིན་ལས་དབྱངས་འབྱོར་ལགས་བཅས་བོད་ཀྱི་གསོ་བ་རིག་པའི་འཐུས་མི་ ༦ ཆེད་བཅར་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཚོགས་འདུ་དེའི་སྟེང་གྲུབ་འབྲས་ཅི་བྱུང་སྐོར། བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཚོགས་ཐོག་ཏུ་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ནས་ ‘གསོ་བ་རིག་པ’  དེ་མ་འོངས་པར་ཡར་རྒྱས་སུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་གསོ་བ་རིག་པའི་སློབ་ཚན་གང་མགྱོགས་གཏན་འབེབས་གནང་དགོས་པ། མ་འོངས་པར་མཐོ་སློབ་ཀྱི་སློབ་ཚན་དང་སྒྲིག་གཞི་ཆ་ཚང་བསྒྲིག་ཐུབ་ཚེ་ཁོ་རང་ཚོའི་ལས་ཁུངས་ཀྱི་ངོས་ནས་བཀའ་བསྡུར་གྱིས་གཏན་འབེབས་གནང་སྟེ། གསོ་བ་རིག་པའི་ཐོག་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་སྟབས་བདེ་བོ་ཆགས་རྒྱུ་ཡིན་ལུགས་གསུང་གི་འདུག ཅེས་བརྗོད་སོང་། ཁོང་གིས་མུ་མཐུད་དུ་བརྗོད་དོན། སློབ་ཚན་གཏན་འབེབས་བྱེད་པར་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ལ་ཁྲིམས་ཀྱི་འགྲོ་སྟངས་ཤིག་ཡོད་སྟབས། ཁྲིམས་ཀྱི་འགྲོ་སྟངས་ལྟར་བཟོ་དགོས་ཀྱང་བརྗོད་བྱ་དེ་སོ་སོའི་རིག་གཞུང་ག་རེ་ཡིན་ན་དེ་ལྡུག་རྒྱུ་རེད་ཟེར་ནས་སྔོན་མ་ཁོ་ཚོས་བཟོས་བཞག་པ་དེ་ཚོ་དཔེ་མཚོན་དུ་ང་ཚོར་བསྟན་སོང་། ད་རེབ་ང་ཚོ་ལ་དྭགས་དང་ཝར་ན། སྨན་རྩིས་ཁང་བཅས་འཐུས་མི་རྣམས་ལྷན་དུ་འཛོམས་ཏེ། སློབ་ཚན་གཏན་འབེབས་ཐོག་གྲོས་བསྡུར་གནང་ཡོད་ཀྱང་། ང་ཚོ་སྨན་པའི་ལྷན་ཚོགས་ཀྱིས་སློབ་ཚན་གཏན་འབེབས་བཟོས་ཡོད་པ་དེ་ཡག་ཤོས་རེད་ཅེས་མོས་མཐུན་གནང་གི་འདུག་པ་གཞིར་བཟུང་། ད་རེབ་ང་ཚོས་ལོ་ལྔའི་སློབ་ཚན་ཟེར་ན་འདྲ་སྨན་པ་དཀའ་བཅུ་བའི་སློབ་ཚན་ཡར་ཕུལ་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

སྨན་རམས་པ་ངག་དབང་བཟོད་པ་ལགས་ཀྱིས་རྒྱ་གར་གཞུང་གིས་གསོ་བ་རིག་པའི་སྐུ་ཚབ་ཅིག་ཆེད་བསྐོས་གནང་ཡོད་པའི་སྐོར་བརྗོད་དོན། ཉེ་སྔོན་རྒྱ་གར་གཞུང་རང་ནས་ལ་དྭགས་མཚན་ཉིད་སློབ་གྲྭའི་སྨན་པ་འཕྲིན་ལས་དབྱངས་འབྱོར་ལགས་གསོ་བ་རིག་པའི་སྐུ་ཚབ་ལ་ཆེད་བསྐོས་ཡོད་པ་དང་། ཁོང་གསོ་བ་རིག་པའི་སྐུ་ཚབ་དང་པོ་དེ་ཆགས་ཡོད་པ་རེད། ང་ཚོས་ད་རེབ་ཚོགས་འདུའི་སྐབས། གསོ་བ་རིག་པའི་སྐུ་ཚབ་དེ་གལ་ཆེན་པོ་ཡིན་སྟབས་སྐུ་ཚབ་མང་པོ་འཛོམས་ཐོག་ནས་གཏན་འབེབས་བྱ་རྒྱུ་གལ་ཆེན་པོ་ཡིན་ལུགས་ཞུས་སྐབས། ཁོང་ཚོས་ཨ་ཡུ་ཤི་ལས་ཁུངས་ཀྱི་དྲུང་ཆེ་ལ་སྙན་ཞུ་ཕུལ་དགོས་པའི་ལམ་སྟོན་གནང་བ་ལྟར། ང་ཚོ་ཨ་ཡུ་ཤའི་ལས་ཁུངས་ཀྱི་དྲུང་ཆེའི་ལས་རོགས་ལ་ཐུག་སྟེ་སྙན་ཞུའི་ངོ་བཤུས་ཤིག་ཕུལ་ཡོད། སྤྱིར་བཏང་སྐུ་ཚབ་བསྐོ་བཞག་བྱེད་སྟངས་ལ་རྒྱ་གར་གཞུང་གིས་ཐད་ཀར་བཀའ་གནང་སྟེ་བསྐོ་བཞག་བྱེད་པ་ཞིག་དང་། སྨན་པ་ ༡༠༠ ནས་ ༡༠༠༠ བར་ཡོད་ན་འོས་འདེམས་ཀྱི་འགྲོ་སྟངས་ཤིག་བཅས་འདུག མཐའ་མར་ང་ཚོས་གནས་སྐབས་རིང་གཞུང་ངོས་ནས་སྐུ་ཚབ་གཉིས་གསུམ་ཞིག་ཁ་སྣོན་གནང་རོགས་ཞེས་སྙན་ཞུ་ཕུལ་ཡོད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་མ་འོངས་པར་འཛིན་སྐྱོང་སོགས་ཀྱི་ཐོག་འགྱུར་ལྡོག་དང་ཕན་ཐོགས་ག་རེ་འབྱུང་མིན་དྲིས་པར་ཁོང་གིས། དེབ་སྐྱེལ་བྱེད་ཐུབ་པ་ཡིན་ན་འཛིན་སྐྱོང་ལ་འགྱུར་བ་འགྲོ་ངེས་རེད། སློབ་ཚན་དང་ནང་ལོགས་ཀྱི་སྒྲོམ་གཞི་ཚང་མ་གཏན་འབེབས་གནང་ཚར་ན། རྒྱ་གར་དབུས་གཞུང་གིས་གསོ་བ་རིག་པའི་གཙུག་ལག་སློབ་ཆེན་རྒྱག་པར་དངུལ་ཕོན་ཆེན་པོ་གཏོང་རྒྱུའི་འཆར་གཞི་ཡོད་སྟབས། འཛིན་སྐྱོང་གི་ལས་ཀ་མང་པོ་ཞིག་ལ་འགྱུར་བ་འགྲོ་ངེས་རེད། ཡིན་ནའང་གསོ་བ་རིག་པའི་ཐོག་ཉམས་ཞིབ་སོགས་ཀྱི་ལས་འགུལ་ག་རེ་སྤེལ་ནའང་འགྲོ་སོང་ཆ་ཚང་ཁོ་ཚོས་གཏོང་རྒྱུ་མ་ཟད། བོད་རིགས་སྨན་པ་མང་པོ་ཞིག་ལ་ལས་ཀ་རག་པར་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་བོད་ཀྱི་གསོ་བ་རིག་པ་དེ་གསོ་རིག་གི་མིང་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ན་ཕན་གནོད་ག་རེ་ཡོད་དྲིས་པར། ང་ཚོ་བཙན་བྱོལ་ནང་དུས་ཡུན་རིང་པོར་འདུག་དགོས་ཁེལ་ཏེ། ཕུགས་རྒྱང་རིང་པོ་ཞིག་ལ་བསམ་བློ་བཏང་བ་ཡིན་ན། རྩ་བའི་རྒྱ་གར་གཞུང་གི་ཁྲིམས་ཤིག་གི་འོག་ལ་འགྲོ་ཡི་ཡོད་ཀྱང་། ནང་ལོགས་ཀྱི་བརྗོད་བྱ་ཚང་མ་ང་ཚོ་བོད་པ་རང་གི་རིག་གཞུང་ཡིན་སྟབས་བོད་ཀྱི་གསོ་བ་རིག་པ་བརྟན་གནས་དང་ཡར་རྒྱས་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེབ་སྐྱེལ་བྱེད་སྐབས་བོད་ཀྱི་གསོ་བ་རིག་པ་ཞེས་བོད་ཟེར་བའི་ཐ་སྙད་འདི་ཡོད་མེད་ཐོག་བཀའ་མོལ་མང་པོ་བྱུང་བ་རེད་ལ། བོད་ཀྱི་སྨན་པའི་ལྷན་ཚོགས་སྐབས་ ༣ པར་བོད་ཟེར་བའི་ཐ་སྙད་འདི་མེད་ན་ངོས་ལེན་བྱེད་རྒྱུ་མིན་ཞེས་འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཏེ་བཀའ་བསྡུར་རིམ་པ་མང་པོ་བྱུང་རྗེས། རྒྱ་གར་གཞུང་གིས་གསོ་བ་རིག་པ་ངོས་ལེན་བྱེད་པར་རྒྱ་གར་གྲོས་ཚོགས་ནང་ངེས་པར་དུ་འགྲོ་དགོས་སྟབས། ཆབ་སྲིད་ཀྱི་གནས་སྟངས་སོགས་མང་པོ་ཞིག་ལ་དཀའ་ངལ་ཡོད་པ་དངོས་འབྲེལ་རེད། དེར་བརྟེན་བོད་ཟེར་བའི་ཐ་སྙད་འདི་མེད་ཀྱང་གསོ་བ་རིག་པ་ཟེར་དུས་བོད་པའི་ཐ་སྙད་རང་ཆགས་ཡོད་སྟབས། མ་འོངས་པར་ང་ཚོས་འཆར་གཞི་ལེགས་པོ་བསྒྲིག་སྟེ་སྔར་ལས་ཤུགས་རྒྱག་ཐུབ་ན། རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་དེར་གྱོང་ཡོད་པ་མ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

མཆན། 5

  1. མི་རྒོད། says:
    ལོ་ 9 སྔོན།

    རྫིག་རྫིག་པར་གྱི་བོད་མིའི་དོན་མི་སྒྲུབ།
    ཁ་བཤད་དོན་བསླུས་བོད་ཀྱི་གསོ་རིག་ཟད།
    མིང་དོན་དོར་བའི་གསོ་བ་རིག་པ་ནི།
    བོད་པར་མི་ཕན་གཞུང་ལུགས་ཉམས་རྟགས་འདུག།
    གསོ་བ་གསོ་བ་ཞེས་པའི་གོ་དོན་དང་།
    རིག་པ་རིག་པ་ཞེས་པའི་གོ་དོན་ནི།
    འཛམ་གླིང་ནང་གི་སྨན་བཅོས་གོ་དོན་རེད་
    བོད་བོད་མེད་པའི་གཞོན་གསར་འདི་འཚོ་བས།
    གསོ་རིག་ཞེས་ཙམ་བསྒྲུབས་དགའི་སྣང་བ་དེས།
    ཉེར་གཅིག་དུས་ལ་རང་གི་རིག་གཞུང་ཤོར།
    ལན་གཅིག་ཤོར་ཚེ་དགྲ་ལག་བོད་ཤོར་འདྲ།
    ་ཧ་ཧ་ཧ་ཧིིཧིཧི་་་་་

    Reply
  2. འཇམ་གཅེས ། says:
    ལོ་ 9 སྔོན།

    བོད་པའི་གསོ་བ་རིག་པ་འདི་བཞིན་སྐྱབས་བཅོལ་བ་ཉུང་ཤས་ཀྱི་དངུལ་དངོས་ཁེ་དོན་དུ་ཚོང་རྫས་བཟོ་ཆོག་པའི་དབང་ཚད་ཡོད་དམ། གོང་གི་རྒྱུ་མཚན་དེ་ཚོ་ནི་དགོད་མོ་ཤོར་དགོས་པ་མི་འདུག་གམ། གསོ་བ་རིག་པ་བོད་པའི་ཐ་སྙེད་མ་རེད་ཟེར་མཁན་ཡོད་པ་མ་རེད་མོད། བོད་པའི་གསོ་བ་རིག་པ་ཞེས་པ་འདི་གནས་དགོས་འདུག་ཟེར་གྱི་ཡོད། ཁྲིམས་ཐོག་ནས་བོད་སྨན་ཞེས་པའི་མིང་དེ་མེད་པ་བཟོས་ཟིན་ཚེ། མ་འོངས་པར་བོད་སྨན་ཞེས་པའི་མིང་ཐོག་ནས་ཁྲིམས་མཐུན་གྱི་བྱ་བ་གང་ཡང་གཉེར་མི་ཐུབ་པ་བཟོས་པ་མ་ཡིན་ནམ། མདོར་ན་བོད་སྨན་ཟེར་དུས་ཁྲིམས་མཐུན་གྱི་ངོས་ལེན་མེད་པ་འགྱུར་འགྲོ་བ་མ་ཡིན་ནམ། བོད་རིག་ལ་ཐུན་མིན་གྱི་བདག་དབང་ཡོད་པའི་གསོ་བ་རིག་པ་ཟེར་བ་ཞིག་ས་སྟེང་འདིར་མེད་པ་བཟོ་ཡོང་གི་ཡོད་པ་མ་རེད་དམ། དྲི་བ་འདི་དག་བློ་ལ་འཁོར་ཡོད་དམ།

    Reply
  3. བཟོད་པ། says:
    ལོ་ 9 སྔོན།

    ངས་བསམ་ཚུལ་ཙམ་ཞུ་འདོད་བྱུང་། གོང་གི་གསར་འགྱུར་ནང་། “བོད་ཟེར་བའི་ཐ་སྙད་འདི་མེད་ཀྱང་གསོ་བ་རིག་པ་ཟེར་དུས་བོད་པའི་ཐ་སྙད་རང་ཆགས་ཡོད” ཞེས་འཁོད་འདུག འདི་ལ་བསམ་བློ་ཡག་པོ་གཏོང་དགོས་པ་རེད་བསམ་གྱི་འདུག གསོ་བ་རིག་པ་བོད་པའི་ཐ་སྙད་རེད་ཟེར་བ་དེས་བྱེད་ནུས་ལ་བསམ་བློ་གཏོང་དགོས། བོད་པའི་ཐ་སྙད་ཡིན་པ་ཙམ་གྱིས་བོད་ལུགས་ཀྱི་རིག་ཚན་དེ་ཡིན་པ་གོ་ཐུབ་བམ། བཟོ་རིག་པ། སྒྲ་རིག་པ། སྐར་རྩིས་རིག་པ། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ། འདི་དག་བོད་པའི་ཐ་སྙད་རེད་ཟེར་ཆོག་ཀྱང་། འདི་དག་གིས་བོད་ལུགས་བཟོ་རིག་པ་དང་། བོད་ལུགས་མཚན་ཉིད་རིག་པ། བོད་ལུགས་སྐར་རྩིས་རིག་པ་ཡིན་པ་སྟོན་ཐུབ་བམ། གལ་སྲིད་གསོ་རིག་ཟེར་བ་ཙམ་གྱིས་བོད་སྨན་ཡིན་པར་གོ་ཐུབ་ན། བོད་ལུགས་གསོ་རིག་དང་། ནུབ་ལུགས་གསོ་རིག ཀྲུང་ལུགས་གསོ་རིགས། ཞེས་རིག་ཚན་དེའི་མིང་ཚིག་དེའི་དབུ་ལ་བོད་ཅེས་འདོག་དགོས་་དོན་མི་འདུག གསོ་རིག་དང་། ནུབ་ལུགས་གསོ་རིག ཅེས་འཁོད་ཆོག་པ་ལྟ་བུ་རེད། ཐ་སྙད་རང་སྟེང་ན་བོད་སྨན་མཚོན་བྱེད་རང་རྐྱ་ཐུབ་པ་ཞིག་མེད་པའི་རྐྱེན་གྱིས་དབུ་ལ་བོད་ཅེས་བཞག་པ་རེད།

    Reply
  4. གསེར་ས་ལེ་སྦྲམ། says:
    ལོ་ 9 སྔོན།

    ཐབས་སྐྱོ་བོ་ཞེ་དྲག་རེད། བོད་གཞུང་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་ལ་བཙོང་ཚར་བ་རེད། ཡིན་ཡང་། ད་དུང་ལས་ཀ་འཇོན་ཡོད་རབས་ལོང་བ་གང་བཤད་ཀྱི་འདུག མི་ཀླད་མེད་ཀྱིས་ལས་ཀ་བྱེད་སྟངས་རང་རེད། ལོ་ངོ་འགའི་རྗེས་སུ་གཞི་ནས་མ་འགྲིག་པ་གསལ་བོ་ཆགས་ཡོང་གི་རེད། དེ་དུས་འཕྱིས་དྲག་རེད། བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་རིག་གཞུང་བྱེ་བྲག་པ་ཞིག་གི་མིང་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་ཟིན་པ་རེད། གསོ་བ་རིག་པའི་ནང་དོན་བོད་ཀྱི་གསོ་བ་རིག་པ་རང་འཇག་བསྡད་ཡོད་མེད་ལ་མ་ལྟོས་པར་རྗེས་ཕྱོགས་བོད་ཀྱི་གསོ་བ་རིག་པ་ཞེས་པ་ཞིག་མེད་པ་ཆགས་ཚར་བ་རེད། ཚང་མས་ཧ་གོ་བ་བྱོས།

    Reply
  5. ketaka says:
    ལོ་ 9 སྔོན།

    གོང་གི་གསོ་བ་རིག་པའི་ལས་ཀྱི་སྣེ་མོ་པ་ཚོར་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དང་པོ།༡༩༩༧་ཡས་མས་ནས་སྨན་རྩིས་ཁང་གི་སློབ་རྒྱུགས་ལ་གསར་འབྱོར་བའི་ས་མིག་གསུམ་ལས་མེད་པ་དང་།ས་མིག་གསུམ་ཡང་ཨང་དང་པོ་ནས་གསུམ་པ་བར་མ་བླངས་ཚེ།ཡིག་རྒྱུགས་མ་འཕྲོད་པར་ཆ་འཇོག་བྱེད་དགོས་དོན་ཅི། གཉིས་པ།དང་པོའི་ས་མིག་གསུམ་དེ་འགྱུར་བ་བཏང་སྟེ་སློབ་ཡོན་སྤྲོད་དགོས་པར་བཟོས་པ་དེ།སླར་གསར་འབྱོར་བ་ཚོ་འབྱོར་མེད་གྲལ་རིམ་གྱི་ཁུར་པོའིི་འོག་ལ་མནན་པ་ཨེ་ཡིན། གསུམ་པ།ཡང་ལོ་ཉེར་ལྔའི་གོང་ལ་སླེབས་ཚེ་སློབ་རྒྱུགས་བྱེད་མི་ཆོག་པར་བཟོས་པ་དེ།དུས་རབས་ཉེར་གཅིག་པར་དབུལ་ཕྱུག་དོ་མཉམ་པར་གྱུར་བ་ལས་བྱུས་ངན་གསར་བ་ལག་བསྟར་བྱས་པ་ཨེ་རེད། མཇུག་ཏུ་རེ་བ་གཅིག་ཞུ་རྒྱུ་ནི།བོད་ཀྱི་གསོ་བ་རིག་པ་ནི་བོད་མི་ཡོད་དོ་ཅོག་གི་ཁྱད་ནོར་ལས་མི་བོའི་སྐོར་ཞིག་གི་ལྟོ་གོས་ཙམ་གྱི་ཆེད་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་མཚན་སྙན་གྲགས་འཇིག་རྟེན་འདི་ནས་སྨག་མེད་དུ་མི་གཏོང་བར་བྱེད་རྒྱུར་སྙིང་དབུས་ནས་གསོལ་བ་འདེབས་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist