མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་བཙོན་རོགས་མང་པོ་ཞིག་མེན་ཡཱང་བཙོན་ཁང་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པ་དྷ་ས་སྣེ་ལེན་ཁང་དུ་བསྐྱོད་དེ་ཉེ་ལམ་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་དྷ་ས་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད་པའི་ཆབ་སྲིད་བཙོན་ཟུར་རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་འཇམ་དབྱངས་བརྩོན་འགྲུས་ལགས་སུ། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཁོང་དང་ཁོང་གི་གྲོགས་པོ་ཚོས་ངོ་རྒོལ་གནང་བ་དང་། དེའི་རྗེས་རྒྱ་གཞུང་གི་འཇུ་བཟུང་བྱས་ཏེ་བཙོན་ཁང་རིམ་པའི་ནང་དཀའ་སྡུག་ཅི་མྱངས་བཅས་ཀྱི་སྐོར་ལ་གླེང་མོལ་བྱས།

གྲྭ་འཇམ་དབྱངས་བརྩོན་འགྲུས་ལགས་ཀྱིས་བརྗོད་པ་ལྟར་ན་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། ཁོང་དང་སྤྲོ་ཚིགས་དགོན་པའི་གྲྭ་པ་ ༡༨ ཙམ་གྱིས་མི་མང་དང་མཉམ་དུ་རྔ་པ་རྫོང་གི་སྲང་ལམ་དུ། ༧གོང་ས་མཆོག་བོད་དུ་ཕེབས་དགོས། བོད་མིར་རང་དབང་དང་ཞི་བདེ་དགོས་ཞེས་སྐད་འབོད་རྒྱག་བཞིན་ཁྲོམ་སྐོར་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་འབྱོར་ཏེ་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ཡོད་པ་དང་། ཁོ་རང་གི་མཐོང་ས་ནས་མི་སྐྱ་ཕོ་མོ་ ༡༣ ཙམ་དམར་གསོད་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་དངོས་སུ་མཐོང་ཡོད་འདུག ཉིན་དེའི་དགོང་མོ་ཁོང་དང་རོགས་པ་གྲྭ་པ་ཚོས་སྤྲོ་ཚིགས་ཤང་སྲིད་གཞུང་དང་སློབ་གྲྭའི་རུ་ཁག་གི་ལས་ཁུངས་སོགས་ཀྱི་རྭ་སྐོར་ནང་གི་རྒྱ་ནག་གི་རྒྱལ་དར་ཕབ་ནས་མེར་བསྲེཊ་བཏང་ཡོད་འདུག གནས་ཚུལ་དེ་དག་བྱུང་རྗེས་རྒྱ་གཞུང་གིས་ལས་དོན་རུ་ཁག་བཏང་སྟེ་སྤྲོ་ཚིགས་དགོན་པ་སྒོ་རྒྱག་བཅུག་ཅིང་། དེའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་སློབ་མཚམས་འཇོག་བཅུག་སྟེ་གྲྭ་པ་རྣམས་སློབ་གྲྭའི་ནང་བསྡུ་སྐོང་གིས་བདུན་ཕྲག་གཅིག་རིང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་ཡོད་འདུག

ཟླ་ ༣ ཚེས་ ༢༦ ཉིན་གྱི་དགོང་མོར་རྒྱ་གཞུང་གིས་ཁོང་གི་རོགས་པ་གྲྭ་ཚུལ་ཁྲིམས་དང་དགེ་འདུན། སྐལ་རྒྱམ། རབ་བརྟན། ཐུབ་པ། གདུགས་དཀར་སྐྱབས། བསྟན་འཛིན་ཚེ་བྷོ། སྟམ་ཁོ་སོགས་གྲྭ་པ་ ༩ ལ་སྐད་ཆ་འདྲི་རྒྱུ་ཡོད་ཚུལ་བཤད་དེ་འཛིན་བཟུང་གིས་རྔ་པ་རྫོང་དུ་འཁྲིད་ཡོད་ཅིང་། རྔ་པ་རྫོང་བཙོན་ཁང་སྒོ་ཁར་བསླེབ་མ་ཐག་དམག་མིའི་རུ་ཁག་ཅིག་གིས་ལྕགས་མདུང་དང་འགྱིག་རིང་སོགས་ཀྱིས་གཅར་རྡུང་ཚོད་མེད་བཏང་རྗེས་བཙོན་འཇུག་བྱས་ཡོད་འདུག ཉིན་ལྟར་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་དང་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡས་མས་ལ་ལྕགས་ཕོར་ཆུང་ཆུང་ཞིག་ཏུ་དམག་མིའི་ཟས་ལྷག་རེ་ལས་ཟ་མ་གཞན་གང་ཡང་སྤྲད་མེད་པ་དང་། མཚམས་ཤིག་རྔ་པ་རྫོང་གི་བཙོན་ཁང་བཙོན་པས་ཁེངས་ཏེ་ཁོ་རང་དང་ཚུལ་ཁྲིམས། རབ་བརྟན། དགེ་འདུན། སྐལ་རྒྱམ། ཐུབ་པ་བཅས་སྤྲོ་ཚིགས་དགོན་པའི་གྲྭ་པ་ ༦ དང་། འཇམ་དབྱངས་ཉི་མ་དང་ཚུལ་ཁྲིམས། མགོན་པོ། བརྩོན་ཁོ། བློ་བཟང་ཉི་མ་བཅས་གདོང་རི་དགོན་པའི་གྲྭ་པ་ ༥། སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་དང་རྡོ་རམས་པའི་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར། ཨ་ཁུ་བསོད་ནམས་བཅས་ཨ་མཆོག་མཚན་ཉིད་དགོན་པའི་གྲྭ་པ་ ༣ སོགས་ལ་ལག་ལྕགས་བརྒྱབ་སྟེ་མོང་ཞན་བཙོན་ཁང་དུ་འཁྲིད་ཡོད་འདུག སྐབས་དེར་དམག་མིའི་རླངས་འཁོར་ནང་ཁྲོ་ཆུ་རྫོང་བརྒྱུད་དེ་འགྲོ་སྐབས་ཁ་བ་བབས་ཏེ་རླངས་འཁོར་འགྲོ་མ་ཐུབ་པར་དཀའ་ངལ་མང་པོ་འཕྲད་ཡོད་ཅིང་། དམག་མི་ཚོས་བཙོན་པའི་རྒྱབ་ཀྱི་ཐུལ་བ་འཕྲོག་ནས་རླངས་འཁོར་གྱི་འཁོར་ལོའི་འོག་ཏུ་བཏིང་སྟེ་བགྲོད་ཐབས་བྱེད་པ་དང་། དམག་མི་རླངས་འཁོར་ནང་ཡར་འཛེཊ་མར་འབབ་བྱེད་སྐབས་གྲྭ་པ་ཚོའི་མགོ་ཐོག་ཏུ་རྐང་པས་བརྫི་བ་སོགས་བྱས་ཡོད་འདུག

༢༠༠༨ ལོའི་ཟླ་ ༥ པའི་ནང་སི་ཁྲོན་མོང་ཞན་དང་ཝུན་ཁྲོན། ཉི་ཞན་སོགས་སུ་ས་འགུལ་བྱུང་སྐབས། དམག་མི་ཚོས་བཙོན་ཁང་སྒོ་ལྕགས་བརྒྱབ་སྟེ་བྲོས་ཕྱིན་ཡོད་ཀྱང་། བཙོན་ཁང་དེ་གསར་བ་ཡིན་སྟབས་རྡིབ་སྐྱོན་སོགས་བྱུང་མེད་པ་དང་། རྗེས་སུ་དམག་མི་དང་ཉེན་རྟོག་པ་ཚོ་ཕྱིར་ལོག་སྟེ་བཙོན་པ་ཚོ་རི་མགོར་ཉལ་བཅུག་པ་སོགས་བྱས་ཡོད་འདུག དེ་གར་ཟ་མ་འབྲས་སྐྱ་ཉུང་ངུ་རེ་ལས་ཟ་མ་གཞན་མེད་སྟབས་བཙོན་པ་ཚང་མའི་གཟུཊ་པོ་སྐྱོ་བོ་ཆགས་ཤིང་། ཡར་ལངས་སྐབས་མགོ་ལ་མུན་ནག་འཁོར་ནས་ས་ལ་འགྱེལ་འགྲོ་བ་སོཊ་བྱུང་ཡོད་འདུག ཟླ་གཅིག་གི་རྗེས་སུ་གདོང་རི་དགོན་པའི་གྲྭ་པ་ ༥ དང་། སྤྲོ་ཚིགས་དགོན་པའི་གྲྭ་པ་ ༦། རོང་ངན་གྱི་མི་སྐྱ་རྣམ་སྲས་སོགས་མི་གཉིས་རེ་ཐག་པས་བསྡམས་ཤིང་མགོ་ལ་རས་ནག་པོ་བསྐོན་ཏེ་དམར་ཐང་རྫོང་གི་བཙོན་ཁང་དུ་འཁྲིད་ཡོད་པ་དང་། དེ་གར་ཟླ་ ༧ ཙམ་བཅུག་རྗེས་ངའི་རོགས་པ་གྲྭ་པ་ལྔར་ལོ་ ༡ དང་ཟླ་ ༩ རེ་དང་། གདོང་རི་དགོན་པའི་གྲྭ་པ་ཚོར་ལོ་ ༡ དང་ཟླ་བ་ ༥ རེ། བ་ཆེན་ཤང་གི་འཇམ་དཔལ་སེང་གེ་ལ་ལོ་ ༢ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཁོང་ལ་ནག་ཉེས་གང་འདྲ་ཞིག་གི་འོག་བཙོན་འཇུག་ཁྲིམས་ཐག་བཅད་མིན་དྲིར་པར་ཁོང་གིས། ང་རང་ལ་ལོ་དེའི་བོད་ཀྱི་ལོ་སར་སྐབས་རྔ་པ་རྫོང་ཁྲིམས་ཁང་གིས་སྤྲོ་ཚིགས་དགོན་པའི་ལས་འགུལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་ལོ་ ༢ ཁྲིམས་ཐག་བཅད་པ་དང་། གདོང་རི་དགོན་པའི་གྲྭ་འཇམ་དབྱངས་ཉི་མར་ལོ་ ༢། རོང་ངན་གྱི་རྣམ་སྲས་ལ་ལོ་ ༤ བཅས་ཀྱི་ཁྲིམས་ཐག་བཅད་སོང་། དེའི་རྗེས་ང་ཚོ་མི་གསུམ་དང་མཚན་ཉིད་དགོན་པའི་གྲྭ་པ་ཚོ་མེན་ཡཱང་བཙོན་ཁང་དུ་བསྐྱལ་ཞིང་། ༢༠༡༠ ཟླ་ ༣ ཚེས་ ༣༡ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་སོང་། སྐབས་དེར་ང་རང་ཕྱིར་དགོན་པར་ལོག་སྐབས། རྒྱ་ནག་གི་ཉེན་རྟོག་ཁང་དགོན་པར་བཙུགས་ཏེ་གྲྭ་པ་ཚོའི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་ཀྱི་འདུག ང་བཙོན་གྲོལ་སྐབས་མང་ཚོགས་འདུ་འཛོམས་མི་ཡོང་ཆེད། གསང་སྟབས་ཀྱིས་བཙོན་གྲོལ་བཏང་སྟེ་ཉེན་རྟོག་པའི་རླངས་འཁོར་ནང་བཅུག་ནས་ངའི་ནང་གི་སྒོ་ཁ་བར་བསྐྱལ་སོང་། དུས་དེ་ནས་བཟུང་ས་ཆ་གང་དུ་འགྲོ་དགོས་ཀྱང་ཐོ་འགོད་བྱེད་དགོས་པ་དང་། ཟླ་བ་འགའ་རེའི་མཚམས་སུ་འདྲི་གཅོད་བྱེད་པ་སོགས་སུན་པོ་མང་པོ་བཟོས་ཡོང་གི་འདུག ཐེངས་ཤིག་ཁོང་ཚོར་བརྡ་ལན་མ་སྤྲད་པར་ནང་མི་དང་དགོན་པ་སོགས་ལའང་གསང་བ་བྱས་ཏེ་རྫ་སེར་ཤུལ་དགོན་པར་ཕྱིན་ཏེ་ཟླ་བ་ ༨ ལྷག་གི་རིང་སློབ་སྦྱོང་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཁོང་ཀློད་གྲོལ་སྐབས་སི་ཁྲོན་མེན་ཡཱང་བཙོན་ཁང་ནང་ལྷག་ཡོད་པའི་བོད་པའི་བཙོན་པ་ཚོའི་སྐོར་ངོ་སྤྲོད་གནང་དོན།€œ ངས་ངོ་ཤེས་པ་ད་ལྟ་བཙོན་ཁང་དུ་ལྷག་བསྡད་པ་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོར་ཁྲིམས་ཐག་ལོ་ ༩ དང་། སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལ་ལོ་ ༧། སྐྱོར་དཔོན་ཀླུ་སྒྲུབ་ཕུན་ཚོགས་ལ་ལོ་ ༡༣། ཀླུ་སྒྲུབ་ཡེ་ཤེས་ལ་ལོ་ ༡༣། ལི་ཐང་རོང་རྒྱས་ཨ་གྲགས་ལ་ལོ་ ༨། ཨ་ཁུ་བྷོར་ལོ་ ༡༠། ཀུན་མཁྱེན་ལ་ལོ་ ༩། སྐལ་བཟང་རྒྱལ་མཚོར་ལོ་ ༥། བློས་ཐོག་ལ་ལོ་ ༣། ཀིརྟི་དགོན་གྱི་གྲྭ་འཕྲིན་ལས་ཚེ་རིང་ལ་ལོ་ ༩། ཀུན་དགའ་ལ་ལོ་ ༢། རྡོ་རྗེར་ལོ་ ༢། ལྷ་མོ་ཀིརྟི་དགོན་གྱི་གྲྭ་བསྟན་པ་རྒྱ་མཚོར་ལོ་ ༥། དཀོན་མཆོག་ཚུལ་ཁྲིམས་ལ་ལོ་ ༤། དཀོན་མཆོག་གྲགས་པར་ལོ་ ༤ བཅས་བཅད་འདུག

དེ་བཞིན། རྔ་སྨད་ལོ་རྟའི་སྐར་མར་ཚེ་བཙོན་དང་། ཚེ་ཁོར་ལོ་ ༡༣། གཏེར་མཛོད་ལ་ལོ་ ༡༥། རྔ་མ་འ་ཁམས་ཀྱི་དཔལ་རྒྱས་ལ་ལོ་ ༡༡། འཕགས་པར་ལོ་ ༡༢། འོད་ལྡན་ལ་ལོ་ ༩། བྱམས་མེ་དགོན་གྱི་གྲྭ་སྟོབས་ལྡན་ལ་ལོ་ ༢ དང་ཟླ་ ༦། བྱམས་པ་དགེ་འདུན་ལ་ལོ་ ༢ དང་ཟླ་ ༦། སྐལ་བཟང་བྱམས་པར་ལོ་ ༢། འཛམ་ཐང་གསང་ལུང་དགོན་པའི་བཀྲ་ཤིས་བརྟན་ལ་ལོ་ ༣ ། མཚོ་སྔོན་གྱི་སྐྱབས་གྲོལ་རྒྱ་མཚོར་ལོ་ ༣། སྐྱ་རུ་བའི་ལྷུན་གྲུབ་ལ་ལོ་ ༤། རིན་ཆེན་ལ་ལོ་ ༡༡། དར་རྒྱས་ལ་ལོ་ ༤ ། བློ་གྲོས་ལ་ལོ་ ༥། རྨེ་རུ་མའི་ཚེ་བདག་མགོན་པོར་ལོ་ ༦ ། སངས་རྒྱས་ལ་ལོ་ ༤། དབུར་ཆོས་ལོ་ ༤། རྟོགས་ལྡན་དགོན་པའི་གྲྭ་སེང་གྷར་ལོ་ ༨། འཕྲིན་ཁོར་ལོ་ ༨། རྔ་སྨད་རོང་ངན་གྱི་རྣམ་སྲས་ལ་ལོ་ ༤། རྔ་སྨད་གདོང་རི་དགོན་གྱི་གྲྭ་འཇམ་དབྱངས་ཉི་མར་ལོ་ ༢། སྨེ་བ་ཞང་གི་ཀུན་རྡོར་ལོ་ ༨། ནོ་པར་ལོ་ ༦ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྐུ་ཞབས་འཇམ་དབྱངས་བརྩོན་འགྲས་ལགས་ལ་འཚམས་དྲིས་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese