མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་སྟོན་སློབ་གྲྭའི་ངལ་གསོ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

དགེ་མིང་འཛིན་པ་གྲྭ་ཐུབ་བསྟན་ཆོས་འཕེལ།

སྐྱིད་སྡུག་གཉིས་ཀྱི་སོ་ཁ་དང་ཆགས་འཇིག་གཉིས་ཀྱི་ས་མཚམས་སུ་སླེབས་པའི་ང་ཚོ་བོད་པ་ཚང་གི་ལས་དབང་འདིར་བསམ་གཞིགས་རེ་བྱས་ཚེ། ཡ་ཁོག་སྙིང་ཆུང་ནད་པ་དང་། ངུས་ན་མཆི་མ་རྣག་ཁྲག་རེད། འོན་ཀྱང་། ང་ནི་རྣམ་དཔྱོད་ཀྱི་ནུས་པ་ཆུང་ལ། ཤེས་ཡོན་གྱི་གོ་རྟོགས་དམའ་བས། ངས་ནུས་པ་ཆེན་པོའི་ཐོག མི་རིགས་འདི་ལ་ཞབས་ཞུ་བྱེད་ག་ལ་ཐུབ།

རེད་དེ། ང་ཡང་བོད་མི་འཁྲུལ་མེད་ཅིག་ཡིན་པར་བརྟེན། མི་ཆུང་རུང་བསམ་པ་ཡར་སེམས་ཀྱི་ངང་ནས་རང་མི་རིགས་འདི་གནས་དགོས་ན་མི་རིགས་འདིའི་ཁྱད་ནོར། རིགས་ལམ་ནང་ཆོས་དེ་སློབ་ཕྲུག་ཚོར་བསླབ་དགོས་པ་དང་། དེ་སློབ་པར་ཡང་མི་རིགས་འདིའི་བླ་སྲོག་ལྟ་བུའི་སྐད་ཡིག་དེ་ཡར་རྒྱས་གཏོང་དགོས་པ་ཟློག་མེད་ཀྱི་ང་ཚོའི་ལས་འགན་ཞིག་དང་། ང་ཚོའི་མི་རིགས་འདི་སྐྱོབ་ཐབས་ཀྱི་ལམ་གྱི་བདེན་པ་ངོ་མ་ཡིན་པ་ངས་སྔ་མོ་ཞིག་ནས་རྟོགས་ཡོད་ལ། རང་སོ་སོའི་ངོ་ནས་ཀྱང་། རང་ནུས་གང་ཡོད་ཀྱིས་དེའི་ཐོག་འབད་འབུངས་བྱས་དང་བྱེད་བཞིན་ཡོད།

ཡིན་ན་ཡང་ད་བར་རང་ཉིད་ཀྱི་བློ་འདོད་ཁེངས་ཐག་ཆོད་པ་ཞིག་ཕར་ཞོག བློ་སེམས་བདེ་པོ་ཙམ་ཡང་ཡོང་ཐུབ་ཀྱི་མི་འདུག དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རང་ཉིད་ཀྱི་རྒྱལ་ཁབ་གཞན་ལག་ཏུ་ཡོད་པ་དང་། བཙན་བྱོལ་གཞུང་དེ་རང་གི་འདོད་འདུན་ཐོག་ཤར་སྐྱོད་བྱེད་ཐུབ་ཀྱི་མེད་པ་སོགས་ཡིན་པ་མཐོང་ཆོས་སུ་གྱུར་སོང་། གང་ཡིན་ཞེ་ན། ང་རང་གཞུང་སྒེར་གྱི་སློབ་གྲྭ་དང་། དགོན་པ་མང་པོའི་ནང་སྐོར་བསྐྱོད་བྱས་ཀྱང་། ཉེ་ཆར་དཔེ་སྟོན་སློབ་གྲྭའི་ནང་བདུན་ཕྲག་ཁ་ཤས་ཀྱི་སློབ་ཁྲིད་བྱེད་སྐབས་དེར་ངའི་སེམས་ཀྱི་བདེ་སྐྱིད་དང་། ལུས་ཀྱི་ངལ་གསོ། མདོར་ན་བདེ་བ་ཅན་ཏུ་བསླེབས་པའི་ཚོར་སྣང་ཞིག་འགོག་མེད་དུ་སྦྱིན་སོང་།

བོད་པར་ལ་རྒྱ་ཞེན་ཁག་དང་བོད་ཡིག་བོད་སྐད་ལ་བརྩེ་བ་ཟབ་མོ་ཡོད་མཁན་ཚོ་དངོས་སུ་བསྐྱོད་དེ་ཞིབ་འཇུག་གྱིས་དང་། མ་མཐར་ཡང་མིག་ཙམ་ལྟོས་ཏེ་ཨ་ཅོག་གཡོར་དང་། དཔེ་སྟོན་སློབ་མའི་བོད་ཡིག་གི་གནས་ཚད་ནི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་དང་། བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། གང་ལ་ཞེ་ན། སྐྱབས་བཅོལ་ལུང་པ་ཞིག་ནས་གཞན་དབང་སྟབས་བསྟུན་འོག་ཏུ། བོད་སྐད་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་ཙམ་ཡང་མེད་ས་ཞིག་ནས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཕྲུག་ཅིག་གིས། ལོ་ངོ་བཅོ་ལྔ་མ་སོན་གོང་ནས་རང་སྟོབས་ཀྱིས་དཔྱད་རྩོམ་དང་སྙན་རྩོམ་སོགས་འབྲི་ཐུབ་པ་འདི་མིག་འཁྲུལ་མིན་པར། ཟམ་གདོང་རིན་པོ་ཆེས་བྱིན་གྱིས་རླབས་ཤིག་གམ། ངོ་མ་ཡ་མཚན་གྱི་གནས་ཆེན་པོ་ཞིག་རེད། ད་དུང་དེ་ལས་ངོ་མཚར་བ་ཞིག་ལ། ད་སྐབས་འཛིན་གྲྭ་བཅུ་བའི་ནང་སློབ་བཞིན་པའི་སློབ་ཕྲུག་འགའ་ཤས་ཀྱིས་དབྱིན་ཡིག་གི་གསར་འགྱུར་ཐད་ཀར་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་ཐུབ་པ་སོགས་ང་ལ་མིག་མཐོང་ལག་ཟིན་བྱུང་སོང་ལ། དེར་ཚིག་སྦྱོར་དང་ནང་དོན། དག་ཆ་སོགས་ཕྱོགས་གང་ཐད་དུ་ཧ་ལམ་ནོར་འཁྲུལ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཟེར་ཆོག་པའི་ཚོད་དུ་གདའ།

ཨེ་མ་ཧོ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་འདི་གསར་འཛུགས་གནང་མཁན་གྱི་རྒན་རབས་རྣམ་པ་དང་། དེ་ལ་མཐུན་འགྱུར་གནང་མཁན་སྤྱིན་བདག་ད་དུང་དངོས་སུ་ཕྱག་ལས་གནང་བཞིན་པའི་དགེ་ལས་སློབ་ཕྲུག སློབ་ཕྲུག་གི་ཕ་མ་བཅས་ལ་ངས་ལག་ཟུང་ཐལ་མོ་སྤྱར་ནས་ཐུགས་རྗེ་ཞུ། གང་ཞེ་ན། ཁྱེད་ཚོ་མི་རིགས་འདིའི་དྲིན་ཆེན་རེད་ ལ། བོད་མི་ཡོངས་ཀྱི་མིག་དཔེ་ཡག་ཤོས་དེ་ཡང་ཁྱེད་ཅག་རེད། བཀའ་དྲིན་ཆེ། བོད་པ་ཚང་གི་ནོར་བུ། བོད་ཡོངས་ཀྱི་བླ་སྲོག འཛམ་གླིང་ཞི་བདེའི་སྣེ་ཁྲིད། མེས་པོ་གོང་མའི་ཤུལ་བཞག བོད་ཀྱི་སྐད་དང་ཡི་གེ་འདི་ཇི་འདྲའི་བདག་གཅེས་ལེགས་པོ་གནང་འདུག ངོ་མ་བཀྲིན་ཆེ། བོད་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 1

  1. རི་བོང། says:
    ལོ་ 12 སྔོན།

    དེ་འདྲ་ཞིག་ཡིན་ན་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese