མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བུད་མེད་ཚོ་སྲུང་སྐྱོབ་ཀྱི་དམ་བཅའ་འཇོག

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་ཀྱི་བོད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་༼བཙན་བྱོལ་བོད་ཀྱི་བུད་མེད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ།༽ཞེས་པའི་ཉིན་ལྔའི་རིང་གི་ཟབ་སྦྱོང་དེ་རིང་མཇུག་བསྒྲིལ་ཡོད་འདུག

བུད་མེད་ལྷན་ཚོགས་ཀྱིས་མཇུག་བསྡོམས་གནས་ཚུལ་བཏང་འབྱོར་ལྟར་ན། ཐེངས་འདིའི་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་མི་གྲངས་ ༦༠ ཡིས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཕོ་མོ་དབྱེད་འབྱེད་དང་ཁྲིམས་དོན་ནུས་སྟོབས་གོང་སྤེལ་གཏོང་ཐབས་ལ་ཤུགས་རྒྱག་རྒྱུའི་དམ་བཅའ་བཞག་ཡོད་པ་དང་། སྐྱེས་པ་ ༨ ཀྱིས་བོད་པའི་སྤྱི་ཚོགས་ནང་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་ཐབས་ཐོག་ཤུགས་རྒྱག་རྒྱུའི་དམ་བཅའ་བཞག་ཡོད་འདུག

ཟབ་སྦྱོང་ཉིན་བཞི་བར་ཟབ་སྦྱོང་ལ་ཞུགས་མཁན་ཡོངས་ལ། ༧གོང་ས་མཆོག་ལ་མཇལ་བཅར་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། “འདི་ལྟ་བུ་ཁྲིམས་དོན་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་རིགས་མུ་མཐུད་སྤེལ་དགོས་པ་རེད་ལ། བུད་མེད་གཅིག་པུར་མ་ཡིན་པར་སྐྱེས་པ་ཕོ་ལའང་དེ་མཚུངས་སུ་གོ་རྟོགས་སྤེལ་དགོས་པ་རེད། སྤྱི་ཚོགས་ཀྱི་ཕོ་དང་བུད་མེད་གཅིག་པུར་ཕན་ཐོགས་སྒྲུབ་པ་ཙམ་མ་ཡིན་པར། མ་གྱུར་སེམས་ཅན་ཐམས་ཅན་ལ་ཕན་པ་སྒྲུབ་ཐབས་གནང་དགོས” ཞེས་བཀའ་གནང་ཡོད་འདུག

ཟབ་སྦྱོང་སྔོན་འགྲོའི་ཉིན། དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མཇལ་བཅར་ཁོང་གིས། ཁོང་གི་ངོས་ནས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ཁ་དང་ཕྱག་ལེན་ཁྲོད་ན་ཕོ་མོ་དབྱེ་འབྱེད་ཏོག་ཙམ་ཡོད་པའི་དོ་སྣང་བྱུང་མྱོང་ཡོད་སྐོར་དང་། ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་མཁན་ཚོས་མཐོང་རྒྱ་དང་ཐོས་རྒྱ་སྐྱེད་ནས་སྤྱི་ཚོགས་གཞན་དང་གཞན་གྱི་སླད་དུའང་རོགས་ཕན་དང་ཐུགས་ཁུར་གནང་དགོས་པ་དང་། བུད་མེད་ཚོགས་སྡེ་གཞན་དང་མཉམ་རུབ་ཀྱི་ཕྱག་ལས་གནང་ཐབས་ལ་འབད་དགོས་སྐོར་སོགས་གསུངས་ཡོད་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཁྲིམས་དོན་ཀྱི་སྦྱོང་བརྡར་དང་ཟབ་སྦྱོང་ཐོབ་རིགས་ལ་དཔང་རྟགས་ཕྱག་འཁྱེར་སྤྲོད་བཞིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་ ༼རྒྱ་གར་ཁྲིམས་ཁ་ན་བུད་མེད་དང་བྱིས་པ་སྲུང་སྐྱོབ་གང་ཡོད་པ་ངོ་སྤྲོད་ཀྱི་རྒྱུན་སྤྱོད་ལག་དེབ།༽ཅེས་དབྱིན་བོད་གཉིས་ནང་ཡོད་པའི་ལག་དེབ་ཅིག་ཀྱང་བཀྲམས་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་དེ་ཚེས་ ༤ ནས་ ༧ བར་ཉིན་བཞིའི་རིང་སྤྲོད་ཡོད་པ་དང་། ས་གནས་བུད་མེད་ ༡༣ དང་ལྡི་ལི་མཐོ་སློབ་གཙོས་པའི་མཐོ་སློབ་ཁག་ཅིག་བཅས་ནས་མི་ ༦༠ ཙམ་མཉམ་ཞིག་གནང་ཡོད་འདུག

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    བོད་པའི་བུད་མེད་ཚོའི་བོད་ཡིག་མི་བྱང་པ་བོད་ཀྱི་རིགས་གནས་ལ་དོ་སྣང་ཡེ་ནས་མི་བྱེད་བཙན་བྱོལ་བུ་མོ་ཚོའི་ཕྱི་ཡི་སྐད་ཡིག་མ་གཏོག་བོད་ཡིག་རིགས་གནས་ལ་ཞེ་པ་རྟིང་ནས་ལོག སྣང་བྱེད་ཀྱི་ཡོད་པར།བུད་མེད་བོད་ཡིག་དགེ་རྒན་ནི་ཉིན་སྐར་ལྟར་དཀོན།་ བོད་ཀྱི་རིགས་གནས་ཆད་ཁྲིད་བྱེད་མཁན་དེ་ བའི་དཀོན། བུད་མེད་ལ་ཐོབ་ཐང་རི་ཙམ་སྤྲད་ཀྱང།ཕན་ཐོག་རྟིང་འབྲུ་ཙམ་མེད།

    Reply
  2. རྡོ་རྗེ་བཀྲ་ཤིས། says:
    ལོ་ 9 སྔོན།

    བོད་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུ་ཡིན་ཟེར་མཁན་ཁ་ཤས་ཀྱིས་སྐྱེས་པ་ཚོར་སྡང་སེམས་ལྟ་བུ་ཞིག་གི་ཐོག་ནས་ཁྱིམ་ཚང་ནང་ཁུལ་དང་། ཁྱོ་ག་སྐྱེས་དམན་བར། གྲོགས་ཕོ་མོའི་བར་སོགས་སུ་ཐོབ་ཐང་དང་འདྲ་མཉམ་རྩོད་པ་རྒྱག་མཁན་ཡོང་གི་ཡོད་པ་དེ་དག་སྤྱི་ཚོགས་དཀྲུག་མཁན་དང་། བོད་པའི་གོམ་གཤིས་བཟང་བོ་གཏོར་མཁན། ཀླད་པ་སྟོང་པ་དང་སེམས་པ་ནག་པོ་དག་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist