མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཊ་ནཱ་གྷར་གཙང་མ་ཉར་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཨེ་ཊ་ནཱ་གྷར་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་མི་མང་གི་འཕྲོད་བསྟེན་དང་ཁོར་ཡུག་ལ་འགན་ལེན་བྱེད་དགོས་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན། ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨེ་ཊ་ནཱ་གྷར་ (Itanagar) གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་དུ། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་རྒྱ་གར་གྲོས་ཚོགས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དྲུང་ཆེ་ཌེ་ཆེ་ཀཱ་སོ་ (Techi Kaso)རྣམ་གཉིས་ཀྱིས། ཨེ་ཊ་ནཱ་གྷར་བདེ་དོན་ལས་ཁུངས་ཀྱི་འགན་འཛིན་གཙོ་གཞོན་གཉིས་དང་ལས་བྱེད་ཚོ་དང་མཉམ་དུ། མངའ་སྡེའི་རྒྱལ་ས་ཨེ་ཊ་ནཱ་གྷར་གྲོང་ཁྱེར་འཛུགས་སྐྲུན་འཆར་གཞི་དང་ས་ཁང་། གཞུང་ལམ། ཆུ་གློག་སོགས་ཀྱི་དཀའ་ངལ་སྐོར་ལ་བསྐྱར་ཞིབ་ཚོགས་འདུ་ཞིག་བསྐོངས་ཡོད་འདུག

ཚོགས་འདུའི་ཐོག་པདྨ་མཁའ་འགྲོ་ལགས་ཀྱིས། གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་ལས་ཁུངས་དང་ཨེ་ཊ་ནཱ་གྷར་བདེ་དོན་ལས་ཁུངས་གཉིས་ཐུན་མོང་གི་ཚོགས་ཆུང་བཙུགས་ཏེ། མངའ་སྡེའི་ནང་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་དཀའ་ངལ་དག་ལ་རྟོག་ཞིབ་དང་དེའི་སྐོར་གྱི་སྙན་ཞུ་ཁོང་གི་མདུན་ཅོག་སྟེང་གང་མགྱོགས་འབྱོར་དགོས་པ་མ་ཟད། དབུས་གཞུང་གིས་གནད་དོན་གང་དག་ཐོག་དམིགས་བསལ་རོགས་སྐྱོར་དགོས་པའི་སྐོར་ལ་བདེ་དོན་ལས་ཁུངས་ཀྱིས་ཁ་གསལ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་དང་། མངའ་སྡེ་གཞུང་གིས་བདེ་དོན་ལས་ཁུངས་ལ་གང་ཐུབ་ཀྱིས་རོགས་སྐྱོར་དང་མཉམ་རུབ་བྱེད་འདོད་ཡོད་སྟབས། བདེ་དོན་ལས་ཁུངས་ཀྱིས་མི་མང་གི་བདེ་དོན་ལ་རོགས་སྐྱོར་ལས་གཞི་མགོ་འཛུགས་གནང་དགོས་པ། ལྷག་པར་དུ་གྲོང་ཁྱེར་ནང་གི་འཕྲོད་བསྟེན་དང་གད་སྙིགས་སོགས་ལ་དོ་དམ་དང་འགན་ལན་ཡག་པོ་བྱེད་དགོས་སྐོར་སོགས་ནན་བརྗོད་བྱས་འདུག

ཨེ་ཊ་ནཱ་གྷར་བདེ་དོན་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཧེ་གྷོ་ཨ་རོ་ནེ་ (Higio Aruni) ལགས་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་འགྲོ་གྲོན་ཆེན་པོ་ཡིན་པ་མ་ཟད། འཛུགས་སྐྲུན་དང་འབྲེལ་བའི་རྒྱུ་ཆ་ལྕགས་དང་ཨར་འདམ། ལས་ཀ་བྱེད་མཁན་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་མེད་པའི་དཀའ་ངལ་ཡོད་འོག མངའ་སྡེ་གཞུང་གི་འཛུགས་སྐྲུན་ལས་འཆར་དོན་ཚན་ ༦ ཅན་གྱི་སྙན་ཞུ་དེ་རྒྱ་གར་དབུས་གཞུང་ལ་ཕུལ་ཏེ། བསམ་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་ཡོད་འདུག

སྐུ་ཞབས་པདྨ་མཁའ་འགྲོ་ལགས་ནི། དེ་སྔའི་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཀྱི་བུ་ཆེ་བ་ཡིན་པ་དང་། ༢༠༡༡ ལོར་རྡོ་རྗེ་མཁའ་འགྲོ་གནམ་གྲུའི་བརྡབ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་རྗེས། པདྨ་མཁའ་འགྲོ་ལགས་ཀྱིས་ཨ་ཕའི་སྲིད་དོན་ཚོགས་པ་ཀོང་རེ་སིར་ཞུགས་ཏེ། ད་ལོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་སྐབས་ཀོང་རེ་སི་ཚོགས་པའི་ས་གནས་འཐུས་མིར་བཞེངས་ཡོད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༧ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༢༠ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༑སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་ལགས་ལམ་འགྲོ་རྒྱུན་དུ་རྒྱུགས་པའི་སྨོན་འདུན་ཡག་པོ་ཞིག་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese