མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟེངས་ཐོན་སློབ་བུ་ཞིག

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་དབུས་རྒྱུན་ནས་སློབ་བུ་བསྟན་འཛིན་འཕྲིན་ལས་ལཊ་སུ་ད་ལོའི་དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་ཁྲོད་ཨང་དང་པོ་ཐོབ་པར་གཟེངས་སྟོད་ཀྱི་བྱ་དགའ་སྤྲད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ད་ལོར་དབྱིན་ཡུལ་གྱི་ཨེཊ་ལན་ཊིག་མཐོ་སློབ་(UWC Atlantic College Wales)ཀྱིས། བོད་ཕྲུག་སློབ་མ་བསྡུ་བའི་རྒྱུགས་འབྲས་ཨང་དང་པོ་ཐོབ་མཁན་སློབ་བུ་བསྟན་འཛིན་འཕྲིན་ལས་ལགས་སུ། གཟེངས་བསྟོད་རྟིང་སྐུལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་སྤྱི་འཐུས་རྒྱུན་ལས་རྒྱ་རིགས་ཐར་ལགས། དེ་བཞིན་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་བཅས་འཛོམས་པའི་ཐོག་གཟེངས་བསྟོད་རྟགས་མ་དང་ཧིན་སྒོར་ ༡༡༡༡༡ གནང་སོང་།

ཚོགས་གཙོ་ལགས་ཀྱིས་གཟེངས་བསྟོད་ཀྱི་བྱ་དགའི་སྐོར་ལ། སློབ་བུ་བསྟན་འཛིན་འཕྲིན་ལས་ལགས་ལ་རྒྱུགས་འབྲས་ཨང་དང་པོ་ཐོབ་སྟེ། དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ཏུ་འགྲོ་བའི་གོ་སྐབས་ཐོབ་ཡོད་སྟབས། ང་ཚོ་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་མདོ་སྨད་མི་མང་གི་ཚབ་བྱས་ཏེ། མ་འོངས་པར་སློབ་སྦྱོང་ཐོག་ཡར་རྒྱས་གོང་འཕེལ་གཏོང་བའི་རེ་སྐུལ་དང་། བྱིས་པ་ཆུང་ཆུང་ཞིག་ཡིན་དུས་ནས་སློབ་སྦྱོང་ཐོག་རེ་བ་རྒྱག་ས་ཞིག་དང་། ཁོ་རང་གི་པ་ལགས་ཀྱིས་མགོའི་སྐྲ་སེང་བའི་བར་བོད་སྤྱི་པར་ཞབས་ཞུ་ཞུས་པ་ལྟར། མ་འོངས་པར་བུ་ཡིས་ཀྱང་བོད་སྤྱི་དང་མདོ་སྨད་ལ་ཞབས་ཞུ་ཞུ་བའི་ཆོད་སེམས་བརྟན་པོ་དགོས་སྐོར་བརྗོད་སོང་།

དེའི་རྗེས་ཕྱི་འབྲེལ་བཀའ་བློན་མཆོག་གིས་སློབ་སྦྱོང་དང་དཔལ་འབྱོར་ཚད་མཐོ་བོར་སླེབ་པའི་ཐོག སྤྱི་སེམས་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་དོན། དེང་སང་བོད་པ་ཕྱི་རྒྱལ་དུ་འགྲོ་མཁན་དང་སློབ་སྦྱོང་ཡག་པོ་ཐོན་མཁན་མང་དུ་ འགྲོ་བཞིན་ཡོད་པ་རེད། ང་རང་ཕྱི་རྒྱལ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་སེམས་ལ་འཛིན་ དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་ནི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན་ན་རེད། གཏན་འཇགས་གནས་སྤོ་བྱས་པ་ཡིན་ནའང་རེད། ཕྱི་རྒྱལ་ནས་སློབ་སྦྱོང་གནས་ཚད་དང་དཔལ་འབྱོར་གནས་སྟངས་ག་འདྲ་ཞིག་ཆགས་པ་ཡིན་ ནའང་སྤྱི་སེམས་དེ་ཧ་ཅང་གལ་ཆེན་པོ་རེད། སློབ་སྦྱོང་དང་དཔལ་འབྱོར་ཚད་མཐོ་བོ་ཅི་ཙམ་ཡོད་ཀྱང་སྤྱི་སེམས་མེད་ན་སོ་སོ་སྒེར་གཅིག་པུ་མ་གཏོགས་ཕན་ཐོགས་ཀྱི་མེད་སྟབས། གནད་དོན་འདི་ངེས་པར་དུ་སེམས་ལ་འཇོག་རོགས། ཞེས་དང་། མ་འོངས་པར་ལམ་སྟོན་དགོས་པ་དང་དྲི་བ་ག་རེ་ཡོད་ནའང་ང་ལ་འབྲེལ་བ་གནང་རོགས་ཞེས་སོགས་གསུངས་སོང་།

སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་རང་ཚུགས་ཡོད་པའི་ཐོག་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་སྐོར་ལ། ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་ང་ཚོ་བོད་པའི་སློབ་གྲྭའི་ནང་གི་འདི་ཆོག་དང་དེ་མི་ཆོག་ཟེར་བའི་གནད་དོན་མང་པོ་ལྷོད་ཡངས་སུ་བཏང་ཡོད་སྟབས། སོ་སོར་རང་ཚུགས་མེད་ན་གང་མགྱོགས་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་ རེད། གལ་ཏེ་རང་ཚུགས་ཡོད་ན་ཁོར་ཡུག་དེ་ནས་སློབ་སྦྱོང་མང་པོ་ཞིག་ཚུར་སྤྲད་ཡོང་གི་ཡོད་སྟབས། དེ་ཚོ་ཚང་མ་སོ་སོའི་བདེ་བ་དང་ཡོན་ཏན། ཁྱད་ཆོས་ཤིག་ཏུ་ལེན་ཐུབ་ན་མི་ཚད་ལྡན་ཞིག་ཆགས་པའི་གོ་སྐབས་དང་མཐུན་རྐྱེན་དེ་འཛོམས་ཡོང་སྟབས། མ་འོངས་པར་དང་པོ་རང་གི་ཕ་མ་སེམས་ལ་འཛིན་དགོས་པ་དང་། དེ་ནས་རང་གི་མི་རིགས་དང་རྒྱལ་ཁབ་སེམས་ལ་བཟུང་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱས་ན་འབྲས་བུ་ཞིག་འཐོན་ངེས་རེད། ཅེས་བརྗོད་སོང་།

བསྟན་འཛིན་འཕྲིན་ལས་ལགས་ཀྱིས་སོ་སོའི་ཚོར་སྣང་དང་མ་འོངས་པའི་འཆར་གཞིའི་སྐོར་བརྗོད་དོན། ངས་གོ་སྐབས་འདི་བེད་སྤྱོད་ཡག་པོ་ཞིག་གཏོང་འདོད་ཡོད། སྔོན་ཆད་ངས་སློབ་སྦྱོང་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་ཐུབ་ས་མ་རེད་བསམ་པའི་ཚོར་སྣང་བྱུང་མྱོང་། ཡིན་ནའང་། གོ་སྐབས་འདི་ཐོབ་སྟེ་༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ནས་མཇལ་ཁ་བཀའ་སློབ་ཞུ་རྒྱུ་བྱུང་སྐབས། མི་རྙིང་པ་ཞིག་ལ་རེ་བ་དང་སེམས་ཤུགས་གསར་པ་ཞིག་བསླེབས་བྱུང་། མ་འོངས་པར་སློབ་གྲྭ་དེར་སོང་ནས་སློབ་སྦྱོང་ཐོག་ཧུར་ཐག་བྱེད་འདོད་ཡོད་ལ། ལྷག་པར་དུ་ང་རང་གི་ཆེད་སྦྱོང་ཚན་རིག་ཡིན་པས། ཁོར་ཡུག་གི་མཐུན་རྐྱེན་འཛོམས་པ་ལྟར་སོ་སོའི་ཆེད་སྦྱོང་ཐོག་འབད་བརྩོན་བྱས་ཏེ། མ་འོངས་པར་བྱུང་ན་སྤྱི་ཚོགས་ཁྱོན་ཡོངས་དང་མ་བྱུང་ཡང་བོད་མིའི་སྤྱི་ཚོགས་ནང་ཚན་རིག་སྐོར་གྱི་རྩོམ་པ་པོ་ཞིག་(columnist)བྱེད་འདོད་ཡོད་ཅེས་བརྗོད་སོང་།

སློབ་བུ་བསྟན་འཛིན་འཕྲིན་ལས་ནི་ད་ལྟ་རང་ལོ་ ༡༦ ཡིན་ལ། གངས་སྐྱིད་ཉིན་སློབ་དང་དྷ་སྟེང་བོད་ཁྱིམ་གཉིས་སུ་འཛིན་རིམ་དགུ་པ་བར་སློབ་སྦྱོང་བྱས་ཡོད་པ་དང་། དེའི་རྗེས་སློབ་སྦྱོང་དང་སྤྱོད་ལམ་ལེགས་གྲས་སུ་བདམས་ཏེ་ས་ལུ་གྷར་བོད་ཁྱིམ་དུ་ཚུད། སློབ་གྲྭ་དེར་ལོ་ལྟར་སྦྱངས་འབྲས་ཨང་རིམ་རྩེ་ཕུད་ཀྱི་གྲས་སུ་ཐོན་ཡོད་པ་མ་ཟད། ད་ལོའི་དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ཀྱིས་འཛིན་རིམ་བཅུ་པ་ཡན་གྱི་བོད་ཕྲུག་སློབ་མ་གཅིག་བསྡུ་བའི་རྒྱུགས་སྤྲོད་ནང་རྒྱུགས་འབྲས་ཨང་དང་པོ་ཐོབ་ཡོད་འདུག

མདོ་སྨད་དབུས་རྒྱུན་གྱི་ལས་གཞིའི་ཁྲོད་ལོ་རེའི་མདོ་སྨད་ཁྱབ་ཁོངས་ནང་སྤྱི་བའི་ལས་དོན་གྲུབ་འབྲས་གཟེངས་ཐོན་རིགས་དང་། སློབ་སྦྱོང་རྩེར་སོན་གྱི་སློབ་ཕྲུག་སོགས་ལ་གཟེངས་རྟགས་འདི་སྤྲོད་སྲོལ་ཡོད་པ་ལྟར། དེ་སྔོན་གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་རྒྱུགས་འབྲས་ཨང་དང་པོ་ཐོན་མཁན་བུ་མོ་བསྟན་འཛིན་དཔལ་སྒྲོན་གཉིས་ལ་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

མཆན། 2

  1. ཕུན་ཚོགས། says:
    ལོ་ 12 སྔོན།

    རྣམ་དཔྱོད་ལྡན་པའི་སློབ་ཕྲུག་བསྟན་འཛིན་འཕྲིན་ལས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཕྱིན་ཏེ་རྗེས་མ་ཕྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕེབས་ནས་བོད་རྒྱ་ཆེའི་མི་མང་ལ་སྲི་ཞུ་བསྒྲུབ་དགོས། འདི་སེམས་ལ་འཛིན་རོགས།

    Reply
  2. བོད་ཀྱི་བུ། says:
    ལོ་ 12 སྔོན།

    སློབ་མ་བསྟན་འཛིན་འཕྲིན་ལས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡིན་ཡང་ནམ་རྒྱུན་མ་དོ་སྨད་དབུས་རྒྱུན་དང་མདོ་སྨད་སྤྱི་འཐུས་ཚོས་དབུ་མའི་ལམ་ལ་ཤར་སྐྱོད་དགོས་ཞེས་ཤུགས་ཆེན་གླེང་གི་ཡོད། ད་ཐེངས་སྤྱི་འཐུས་རྒྱ་རིགས་ཐར་གྱིས་རྒྱལ་ཁབ་དང་མི་རིགས་སེམས་ལ་བཟུང་ནས་སློབ་སྦྱོང་བྱོས་ལབ་དུས་ག་རེ་ཡིན་ནམ་སྙམ། ང་ཚོའི་དབང་འཛིན་པ་ཚོས་ཁ་གཅིག་ནས་རྒྱལ་ཞེན་དགོས་པའི་སློབ་སྟོན་གནང་བ་དང་། ཁ་གཅིག་ནས་རང་བཙན་རྩོད་མཁན་མད་ོསྨད་ནང་ལ་ཡོང་མི་ཉན་ཟེར་བའི་ཁ་གཅིག་གི་ནང་ནས་ལྕེ་གཉིས་འགུལ་སྟངས་འདི་ངོ་མ་ང་རང་མགོ་འཐོམས་བཅུག་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese