མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདན་མ་རུ་བོད་མིར་དྲག་གནོན།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོར་སེལ་ཤུལ་རྫོང་འདན་མ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས་འཛིན་བཟུང་བྱས་ཡོད་པ་མ་ཟད། སྡེ་མི་ཚོར་དྲག་གནོན་བྱས་ཏེ་མི་ ༡༠ ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཟླ་འདིའི་ཕྱི་ཚེས ༡༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་ཁུལ་སེལ་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་སྟབས། ཕྱི་ཚེས་ ༡༢ ཉིན་བོད་མི་བརྒྱ་ཕྲག་ལྷག་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ། སྡེ་དཔོན་དབང་གྲགས་ལགས་ལ་ནག་ཉེས་གང་ཡང་མེད་པས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སྐབས། སྲིད་གཞུང་གིས་བརྡ་ལན་གང་ཡང་མ་སྤྲད་པར་ཉེན་རྟོག་པ་དང་དམག་མི་མང་པོ་ཆེད་གཏོང་གིས་མི་མང་ལ་དྲག་གནོན་བྱས་ཏེ། བོད་མི་ ༡༠ ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ནས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ད་ལྟའི་ཆར་ཤི་གསོན་གང་ཡིན་དང་ས་གནས་ཀྱི་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

སྡེ་དགེ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནས་དཔོན་པོ་ཁག་ཅིག་སེར་ཤུལ་རྫོང་ལ་ལྟ་སྐོར་དུ་ཡོང་འཆར་ཡོད་སྟབས། ཉེ་ཆར་རྫོང་དང་ཁུལ་རིམ་པ་ནས་འདན་མའི་ཕྱོགས་ཀྱི་ཤུག་པ་སྡེ་བ་སོགས་ནས་གླུ་གར་འཁྲབ་སྟོན་པ་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། གླུ་གར་སྦྱོང་བརྡར་སྐབས་ཞབས་བྲོ་བ་བུ་མོ་ཁ་ཅིག་ལ་ཁུལ་གྱི་དཔོན་པོ་འགས་བརྙས་བཅོས་བྱས་ཡོད་འདུག ཕྱིས་སུ་བུ་མོ་དེ་ཚོས་ཤུག་པ་སྡེ་བའི་སྡེ་དཔོན་དབང་དྲག་ལགས་ལ་ཁོང་ཚོར་བརྙས་བཅོས་བྱས་པའི་གནས་ཚུལ་བཤད་ཡོད་སྟབས། སྡེ་དཔོན་དབང་གྲགས་ལགས་ཀྱིས་ཁུལ་དཔོན་ཚོས་དེ་འདྲའི་མཐོང་ཆུང་བརྙས་བཅོས་བྱེད་དོན་ཅི་ཡིན་ཞེས་གཞུང་གི་ལས་བྱེད་ཚོར་གནས་ལུགས་བཤད་སྐབས། ཁོང་ཚོའི་བར་རྩོད་པ་ཤོར་ཡོད་པ་མ་ཟད། ལས་བྱེད་ཚོས་ཉེ་ཆར་འདན་མའི་རྟ་རྒྱུགས་བསང་གསོལ་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ། རྫོང་དང་ཁུལ་རིམ་པས་ཆོག་མཆན་སྤྲད་མེད་པས་ཁྲིམས་འགལ་ཡིན་སྐོར་གྱི་ཉེས་འཛུགས་བྱས་ཡོད་ཀྱང་། དབང་གྲགས་ལགས་ཀྱིས་བསང་གསོལ་དང་རྟ་རྒྱུགས་ནི་གནའ་ནས་བོད་ལ་དར་བའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་སྟབས། ཆོས་ལུགས་དད་པ་རང་མོས་ཡིན་པས་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ཁྲིམས་འགལ་ཡིན་པ་ངོས་ལེན་མེད་ལུགས་བརྗོད་ཡོད་འདུག

སྐབས་དེར་དབང་གྲགས་ལགས་འཛིན་བཟུང་བྱས་མེད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་སྡེ་དཔོན་དབང་གྲགས་ལགས་རང་ཁྱིམ་ནས་གསང་བའི་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་མི་མང་གིས་སྡེ་དཔོན་བཙན་ཁྲིད་བྱས་པ་ཤེས་རྟོགས་བྱུང་སྟེ། བོད་མི་བརྒྱ་ཕྲག་ལྷག་ལོ་ཕྱུག་ས་ཁུལ་གྱི་སྲིད་གཞུང་མདུན་དུ་འདུ་འཛོམས་ཀྱིས། ང་ཚོའི་སྡེ་དཔོན་ཉེས་མེད་ཐོག་བཙན་ཁྲིད་བྱས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱེད་སྐབས། རྒྱ་གཞུང་གིས་སེར་ཤུལ་རྫོང་ཐོག་ནས་དམག་མི་མང་པོ་ཆེད་གཏོང་གིས། མི་མང་ཁྲོད་གང་བྱུང་དུག་རྫས་གཡུགས་པ་དང་མེ་མདའ་བརྒྱབ་སྟེ། དབང་གྲགས་གི་བུ་དང་སྤུན་མཆེད་གཉིས་ལ་མདེའུ་གཉིས་རེ་ཕོག་པ་སོགས་བོད་མི་བཅུ་ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས། ད་ལྟའི་ཆར་སྐྱེ་རྒུ་མདོ་དང་རྒྱ་ནག་ནང་སོགས་སུ་རྨས་མ་ཚོར་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། སྲོག་ཉེན་ལས་སྐྱོབ་ཐབས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཁ་སང་ཚེས་ ༡༢ ཉིན་གྱི་དགོང་མོར་བསྐྱར་དུ་གནས་ཚུལ་འབྱོར་ཏེ། ཉིན་དེའི་མཚན་གུང་སླར་ཡང་དམག་མིའི་རླངས་འཁོར་མང་པོ་སྡེ་བའི་ནང་བསླེབས་ཡོད་སྟབས། ཡུལ་མི་མང་པོ་འཛིན་བཟུང་བྱ་སྲིད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟའི་ཆར་སྐབས་དེར་བོད་མི་འཛིན་བཟུང་བྱས་ཡོད་མེད་དང་ས་གནས་ཀྱི་གནས་སྟངས་སོགས་གསལ་བོ་ཤེས་རྟོགས་ཐུབ་མི་འདུག

སྡེ་དཔོན་དབང་གྲགས་ལགས་ལོ་ན་ ༤༥ ཙམ་ཡིན་ཞིང་། རྒྱུན་དུ་མི་མང་ཉམ་ཐག་དང་གཞན་གྱི་བརྙས་བཅོས་ཐེབས་པ་ཚོར་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་འདུག

གཞན་ཡང་། ལོ་ ༢ ཀྱི་གོང་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བའི་སྐབས་དང་བསྟུན་ཏེ། རྒྱ་གཞུང་གིས་སེར་ཤུལ་རྫོང་ཐོག་ཏུ་གླུ་གར་སྤྲོ་ཚོགས་ཤིག་བསྡུས་ཏེ་བོད་མི་མང་པོར་དགའ་སྐྱིད་འཁྲབ་སྟོན་བྱེད་དུ་བཅུག་ཡོད་པ་ལྟར། སྐབས་དེར་ཤུག་པ་སྡེ་བའང་སྤྲོ་ཚོགས་ཐོག་ཞུགས་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། སྡེ་བའི་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྲིད་གཞུང་གི་བཀའ་ཁྱབ་དང་ལེན་བྱས་མེད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese