མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་བློ་འགུག་གི་དམག་འཐབ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨུ་རུ་སུ་གཞུང་གིས་ཡུག་རེན་ཤར་ཕྱོགས་ས་ཁུལ་གྱི་དཀའ་ངལ་ནང་ཡོད་པའི་མང་ཚོགས་ལ་སྐྱོབ་གསོ་སྤྲོད་རྒྱུ་ཡིན་སྐོར་བརྗོད་དེ་དོས་སྐྱེལ་རླངས་འཁོར་ ༢༨༠ ཙམ་ཡུག་རེན་གྱི་ཕྱོགས་སུ་བཏང་ཡོད་འདུག

ཁ་སང་ཨུ་རུ་སུ་གཞུང་གིས་རྒྱལ་ས་མོ་སོ་ཁཱོ་ནས་སྐྱོབ་གསོ་དྲུད་ཡོད་པའི་དོས་སྐྱེལ་རླངས་འཁོར་ ༢༨༠ ཙམ་ཞིག་དམག་འཁྲུག་གི་གོད་ཆག་ཤུགས་ཆེན་ཕོག་ཡུལ་ཡུག་རེན་ཤར་ཕྱོགས་ས་ཁུལ་ཌོ་ནེ་སེ་ཁེ་ (Donetsk) དང་ཨུ་རུ་སུ་དང་ཡུག་རེན་བར་གྱི་ས་མཚམས་གྲོང་ཁྱེར་ལུ་ཧན་སེ་ཁེ་ (Luhansk)ཕྱོགས་སུ་བཏང་ཡོད་པ་དང་། སྐྱོབ་གསོ་དེ་དག་དཀའ་ངལ་འོག་ཡོད་པའི་ས་ཁུལ་དེ་དག་ནང་གི་མང་ཚོགས་ཚོར་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཡུག་རེན་གཞུང་གིས་གནས་ཚུལ་དེའི་སྐོར་ལ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པས་རྟོག་ཞིབ་མ་བྱས་བར་ཡུག་རེན་ནང་གཏོང་རྒྱུ་མིན་སྐོར་བརྗོད་འདུག

ཡུག་རེན་གྱི་རྒྱལ་སྲུང་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཨན་ཌེ་ (Andriy Lysenko) ལགས་ཀྱིས། “€œད་ལྟ་ཨུ་རུ་སུའི་དོས་སྐྱེལ་རླངས་འཁོར་ནང་གི་སྐྱོབ་གསོ་དེ་དག་ནི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོས་དག་སྐྱེལ་ངོས་ལེན་བྱས་པའི་སྐྱོབ་གསོ་ཞིག་མིན་སྟབས། ཡུག་རེན་ནང་གཏོང་ཐབས་མེད” ཅེས་བརྗོད་འདུག དེ་བཞིན། ཨོ་སི་ཌོ་ལི་ཡའི་ཕྱི་སྲིད་བློན་ཆེན་བྷེ་ཤོབ་ (Julie Bishop) ལགས་ཀྱིས། “€œཨུ་རུ་སུས་སྐྱོབ་གསོ་ལ་ཁ་གཡར་ནས་ཡུག་རེན་གྱི་བརྟན་ལྷིང་ལ་གནོད་འཚེ་གཏང་ཚེ། ཨོ་སི་ཌོ་ལི་ཡས་གཞུང་གིས་ཨུ་རུ་སུར་ཁ་གཏད་གཅོག་རྒྱུ་ཡིན” €ཞེས་དང་། ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ལཱོ་རན་ཌེ་ (Laurent Fabius) ལགས་ཀྱིས་ཀྱང་། “ཡུག་རེན་ནང་དབོར་འདྲེན་བྱེད་བཞིན་པའི་ཨུ་རུ་སུའི་སྐྱོབ་གསོ་དེ་དག་ནི། ཡུག་རེན་ས་ཁུལ་ལུ་ཧན་སེ་ཁེ་དང་ཌོ་ནེ་སེ་ཁེ་ནང་ཨུ་རུ་སུའི་རྟེན་གཞི་འཛུགས་ཆེད་མཁོ་དངོས་སྐྱེལ་བཞིན་ཡོད་སྟབས། ང་ཚོས་ཨུ་རུ་སུའི་བྱ་སྤྱོད་དེར་ཞིབ་མཇུག་མཐིལ་ཕྱིན་བྱ་དགོས” €ཞེས་བརྗོད་འདུག

ཨུ་རུ་སུའི་ཕྱོགས་ནས་བརྗོད་པ་ལྟར་ན། དོས་སྐྱེལ་རླངས་འཁོར་དེ་དག་ནང་འབྲུ་རིགས་ཏུན་ ༤༠༠ དང་། བྱེ་མ་ཀ་ར་ཏུན་ ༡༠༠། ཕྲུ་གུའི་ཟས་རིགས་ཏུན་ ༦༢། སྨན་བཅོས་ཡོ་ཆས་དང་སྨན་རྫས་ཏུན་ ༥༤། ཉལ་ཁུག་ (sleeping bags) ༡༢༠༠༠། ཆེ་ཆུང་འདྲ་མིན་གྱི་སྐམ་གློག་འཕྲུལ་འཁོར་ ༦༩ བཅས་ཁྱོན་ཏུན་ ༢༠༠༠ ལྷག་ཡོད་འདུག

ཨ་རི་དང་ཧྥ་རན་སི། ཨོ་སི་ཌོ་ལི་ཡ་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཨུ་རུ་སུ་གཞུང་གིས་ཡུག་རེན་ནང་སྐྱོབ་གསོ་སྤྲོད་རྒྱུར་ཁ་གཡར་ཏེ། ཡུག་རེན་ནང་འཛུལ་ནས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཁན་གྱི་ཡུག་རེན་གྱེན་ལོག་ཤོག་ཁག་ཚོར་རོགས་རམ་བྱས་པ་བརྒྱུད་བློ་འགུག་ཐབས་བྱས་ཏེ་མུ་མཐུད་ཡུག་རེན་ནང་རྙོག་ཟིང་བཟོ་འཆར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཡུག་རེན་གཞུང་གིས་མོས་མཐུན་མ་བྱས་བར། ཨུ་རུ་སུས་ཡུག་རེན་གྱི་གནད་དོན་ལ་ཐེ་ཇུས་བྱས་ཚེ། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་སྟབས། ཨ་རིས་ངོས་ལེན་བྱ་ཐབས་མེད་སྐོར་དང་། ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཇོ་སེ་ (Jose Manuel Barroso) ལགས་ཀྱིས་ཀྱང་། ཡུག་རེན་གཞུང་གིས་མོས་མཐུན་མ་བྱས་བར་ཡུག་རེན་ནང་དམག་དཔུང་གཏོང་བ་དང་། སྐྱོབ་གསོ་སྤྲོད་པ་སོགས་ཀྱི་བྱ་སྤྱོད་ལས་འགུལ་སྤེལ་ན་འགོག་རྒོལ་དང་འབྲེལ་ཡ་ལན་སློག་རྒྱུ་ཡིན་སྐོར་བརྗོད་འདུག

ད་བར་ཡུག་རེན་དམག་དཔུང་དང་ཡུག་རེན་གྱེན་ལོག་ཤོག་ཁག་བར་གྱི་དམག་འཁྲུག་ཁྲོད་མི་ ༡༣༦༨ ལྷག་འདས་གྲོངས་དང་། ཟླ་ ༧ ཚེས་ ༡༧ ཉིན་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཡུག་རེན་ཤར་ཕྱོགས་ས་ཁུལ་དུ་འབྱོར་སྐབས་གློ་བུར་གཏོར་རྒོལ་བྱུང་སྟེ་མི་ ༢༩༨ རྐྱེན་འདས་ཕྱིན་པ་མ་ཟད། ད་ལྟ་ཡུག་རེན་གྱེན་ལོག་ཤོག་ཁག་གིས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ལུ་ཧན་སེ་གྲོང་ཁྱེར་གྱི་གྲོང་མི་ ༤༢༠༠༠༠ ཁྲོད་ནས་མི་ ༢༥༠༠༠༠ ཙམ་ལ་ཆུ་དང་གློག་མེད་པར་ཉིན་མཚན་ ༩ འགྲོ་བཞིན་ཡོད་པ་དང་། ད་ལྟ་ཡུག་རེན་ས་མཚམས་ཁུལ་དུ་ཨུ་རུ་སུའི་དམག་མི་ ༤༥༠༠༠ ལྷག་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༡༡ ཉིན་ནེ་ཌོ་ (NATO) དམག་དཔུང་གིས་ཡུག་རེན་ནང་སླར་ཡང་ཨུ་རུ་སུའི་དམག་དཔུང་གིས་ཐེ་ཇུས་བྱེད་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨུ་རུ་སུ་གཞུང་གིས་ཡུག་རེན་ནང་སྐྱོབ་གསོ་མང་དག་ཅིག་དབོར་འདྲེན་བྱེད་བཞིན་ཡོད་ཀྱང་། ཡུག་རེན་གཞུང་གིས་སྐྱོབ་གསོ་དེ་དག་ས་མཚམས་བརྒྱུད་ཡུག་རེན་ནང་གཏོང་འཇུག་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese