མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཨ་ལཊ་འཇིཊ་མེད་རིན་པོ་ཆེའི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། རྡོ་རྗེ་དབང་ཕྱུག་ལགས་ཀྱིས་རྩོམ་སྒྲིག་གནང་བའི་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་ལོ་རྒྱུས་དེབ་གཉིས་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༼བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་སྐུ་ཚེའི་བྱུང་བ་བརྗོད་པ་ཆོས་སྲིད་གཏམ་གྱི་ཐེམ་སྐས༽་ཟེར་བའི་ལོ་རྒྱུས་དེབ་སྟོད་སྨད་གཉིས་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་དབུས་ཀིརྟིའི་བྱེས་པ་གྲྭ་ཁང་གི་དགེ་བཤེས་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་མདོ་སྨད་ཀྱི་སྤྱི་འཐུས་ཁག་ཅིག དེ་བཞིན་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་དང་རྒྱུན་ལས། དེ་བཞིན་རྩོམ་པ་པོ་སོགས་མི་གྲངས་ ༡༠༠ མ་ཟིན་ཙམ་འདུ་འཛོམས་གནང་འདུག

དབུ་འབྱེད་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དེབ་དང་འབྲེལ་བའི་གསུང་བཤད་གནང་དོན། ཨ་ལགས་ཀྱི་སྐོར་ལ་མང་པོ་ཞུ་དགོས་པ་མ་རེད། བོད་ཕྱི་ནང་གཉིས་ཀྱི་མི་ཚང་མར་རྒྱུས་མངའ་ཡོད་པ་རེད། ཁོང་སྐུ་བཞུགས་པའི་སྐབས་ཀྱི་མཛད་པ་འཕྲིན་ལས་དེ་ཚོའང་མི་ཚང་མའི་བློ་ལ་ངེས་པ་ཞིག་རེད། ཡིན་ནའང་། ཁོང་གི་བྱས་རྗེས་རྣམས་ཡིག་ཐོག་ཏུ་འགོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། རྩོམ་སྒྲིག་གནང་སྟེ་ཡིག་ཐོག་ཏུ་བཀོད་ཐུབ་པ་བྱུང་བ་དེ་ཕན་ཐོགས་ཆེན་པོ་ཞིག་དང་། མ་འོངས་པར་ཨ་ལགས་ཀྱི་སྐོར་ལ་ཤེས་རྟོགས་དང་འདྲི་དོགས་ཡོད་མཁན་ཚོར། ཤེས་རྟོགས་བྱུང་བདེ་པོ་ཞིག་ཡོང་འདུག་པས་ཞེ་དྲགས་ཡག་པོ་རེད། རྡོ་རྗེ་དབང་ཕྱུག་ལགས་ཀྱིས་དཀའ་ལས་ཞེ་དྲག་བརྒྱབ་སྟེ་དེབ་འདི་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། མ་འོངས་པར་ཡང་ཨ་ལགས་སྐོར་གྱི་ལོ་རྒྱུས་གང་ཐུབ་ཐུབ་ཀྱིས་རྩོམ་སྒྲིག་གནང་བའི་དགོངས་པ་བཞེས་ཀྱི་ཡོད་ས་རེད། དེབ་འདི་གཉིས་ཀྱི་ནང་མ་གསལ་བའི་ཨ་ལགས་ཀྱི་ལོ་རྒྱུས་ཞེ་དྲགས་མང་པོ་ལྷག་ཡོད་པ་རེད་བསམ་གྱི་འདུག་པས། མ་འོངས་པར་དེ་ཚོར་ཡང་རིམ་གྱིས་ཞིབ་འཇུག་གནང་སྟེ་རྩོམ་སྒྲིག་བྱེད་པར་ཐབས་ཤེས་གནང་གི་ཡོད་པ་དེ་ཞེ་དྲགས་ཡག་པོ་ཡིན་པས་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན། ཞེས་དང་།

མཇུག་ཏུ་ཁོང་གིས། ཨ་ལགས་ཀྱིས་བོད་སྤྱི་པའི་ཆེད་ཕྱག་ལས་གནང་བའི་མཛད་རྗེས་རྣམས་ལ་རྗེས་སུ་ཡི་རང་ཡོད་ལ། ༧གོང་ས་མཆོག་གིས་ཐུགས་སྨོན་སྐྱབས་འཇུག་གནང་བ་ལྟར། སྐུ་ཕྲེང་རྗེས་མ་དེའང་བསླབ་པ་སློབ་གཉེར་མཐར་ཕྱིན་པ་གནང་ཐུབ་མཁན་དང་། སྐུ་གོང་མ་ལྟར་བོད་བསྟན་སྲིད་ལ་ཕན་ཐོགས་ཡོད་པ་ཞིག་ཕེབས་པར་རེ་བ་རྒྱག་བཞིན་ཡོད། ཨ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་ཡོད་སྟབས། སྐུ་ཕྲེང་རྗེས་མའང་བོད་བསྟན་སྲིད་ཐོག་ཕན་ཐོགས་ཡོད་པ་ཞིག་ཕེབས་ཐུབ་ངེས་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ལོ་རྒྱུས་རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་རྩོམ་སྒྲིག་གི་བརྒྱུད་རིམ་སྐོར་བརྗོད་དོན། ཕྱི་ལོ་ ༢༠༠༦ ལོར་དུས་དབང་ཐེངས་སུམ་ཅུ་པའི་སྐབས་རེབ་གོང་རོང་བོ་དགོན་པའི་དགེ་བཤེས་ཁག་ཅིག་རྒྱ་གར་དུ་ཕེབས་ཡོད་པ་དང་། དེ་བཞིན་བོད་ནང་དང་ཕྱི་སྡོད་བོད་མི་གནད་ཡོད་ཚོས་ཨ་ལགས་ལ་མཇལ་ཁ་ཞུ་སྐབས། ཁོང་དགུང་ལོ་ཆུང་དུས་ནས་ལྷ་སར་ཕེབས་ཏེ་སློབ་གཉེར་གནང་ཡོད་པ་དང་། དེ་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་བར་བོད་སྤྱི་བར་ཕྱག་ལས་གནང་ཡོད་པས་རྣམ་ཐར་ལོ་རྒྱུས་ཤིག་ངེས་པར་དུ་ཡིག་འཇོག་གནང་རོགས། ཁྱེད་ལ་གལ་ཆེན་པོ་མིན་ཡང་ང་ཚོར་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསོལ་འདེབས་རིམ་པར་ཞུས་པ་ལྟར་ཞལ་བཤེས་གནང་སྟེ། ཁོང་ལ་རྒྱུས་ཡོད་པ་དང་ཡུན་རིང་མཉམ་དུ་ལས་ཀ་མང་པོ་བྱས་མྱོང་བའི་ཆ་ནས་ང་ལ་ལས་ཀ་དེ་ཁྱེད་རང་གིས་བྱས་ན་ཞེས་བཀའ་གནང་སྟབས། ཁོང་དང་མཉམ་དུ་ལོ་རྒྱུས་ཀྱི་སྒྲོམ་གཞིའི་ཐད་ཐེངས་ཁ་ཤས་ལ་གྲོས་བསྡུར་བྱས་པ་རེད། ཡིན་ནའང་། ཁོང་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུ་དང་རྩོམ་སྒྲིག་ཚོགས་ཆུང་གི་ལས་ཀ་སོགས་ཀྱིས་རྒྱུན་དུ་བྲེལ་བ་ཧ་ཅང་ཆེན་པོ་རེད། དེ་འདྲ་ཞིག་གི་བར་ནས་ཁོང་གློ་བུར་དུ་སྐུ་གཤེགས་པ་རེད། ཁོང་འཁྲུངས་པ་ནས་བཟུང་རྒྱ་གར་དུ་སྐྱབས་བཅོལ་ལ་བསླེབས་པའི་བར་གྱི་ལོ་རྒྱུས་རྣམས་ཞིབ་ཕྲ་བཀོད་ཐུབ་ཡོད་པ་རེད། ཡིན་ནའང་། དེའི་རྗེས་ཀྱི་ལོ་རྒྱུས་རྣམས་ཁོང་གི་ཉིན་དེབ་དང་ཡིག་ཚགས་ཁག གསར་འགྱུར་བརྒྱུད་ལམ་གྱི་ཁོང་གི་གསུང་བཤད། དེ་བཞིན་ཁོང་གིས་བསྟེན་མྱོང་བའི་བླ་མ་དང་ཆོས་གྲོགས་ཀྱི་རྣམ་ཐར་ལོ་རྒྱུས་སོགས་ནས་ཁོང་གི་སྐོར་འཚོལ་སྡུད་བྱས་པ་མ་ཟད། གནས་ཚུལ་གསལ་བོ་མེད་པ་དེ་ཚོ་འབྲེལ་ཡོད་ལ་སྐད་ཆ་དྲིས་ནས་རྩོམ་སྒྲིག་བྱས་པ་རེད། གནས་ཚུལ་ཁ་ཤས་ཨ་ལགས་སྐུ་དངོས་སུ་མེད་ནའང་གསལ་ཁ་བཟོ་ཐུབ་པ་དང་། ཡང་ཁ་ཤས་ཁོང་དངོས་སུ་མེད་ན་གསལ་ཁ་བཟོ་ཐབས་མེད་པས། རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་ནས་བརྐྱང་སྐུམ་དང་ཉུང་འཕྲི་གང་ལ་གང་འཚམ་བྱེད་དགོས་བྱུང་། དེ་ནས་པར་སྐྲུན་མ་བྱས་གོང་སྐུ་སྒེར་ཡིག་ཚང་ལ་ཕུལ་ཏེ་བསྐྱར་ཞིབ་གནང་དུ་བཅུག་ཡོད། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་ལ་ཕྱིས་སུ་བསླེབས་པ་ཡིན་པས་བཙན་བྱོལ་ནང་གི་གནས་ཚུལ་རིགས་གཅིག་ལ་རྒྱུས་མེད་སྟབས། གནད་དོན་ཁ་ཤས་ལོ་རྒྱུས་ནང་ཐོན་དགོས་པ་དང་མི་དགོས་པ། ཐོན་པ་ཡིན་ན་མ་འོངས་པར་རྙོག་དྲ་ཆགས་འགྲོ་བའི་གནད་དོན་འདུག་དང་མི་འདུག་བཅས་ཀྱི་སྐོར་ལ་བསྐྱར་ཞིབ་གནང་ཡོད་པ་རེད། ཞེས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གིས་གཟིམ་ཆུང་དུ་ཐོག་མར་ལོ་རྒྱུས་དེབ་དེ་དབུ་འབྱེད་ཀྱིས། ཨ་ལགས་དད་པ་དམ་ཚིག་གཙང་མ་དང་ལྷག་བསམ་རྣམ་དག ཕྱག་ལས་ག་རེ་གནང་བ་ཡིན་ནའང་རྒྱུན་དུ་མདུན་ལ་ཐོན་འདུག་མཁན་ཞིག་ཡིན་ཞེས་བསྔགས་བརྗོད་གནང་ཡོད་པ་ལྟར། དེབ་ཀྱི་བཀའ་ཡིག་ནང་དུ། ངོས་ནས་བོད་ཀྱི་བསྟན་སྲིད་ཀྱི་འགན་ཁུར་སྐབས་ཨ་ལགས་དེ་ཉིད་ནས་སྤྱི་འཐུས་ཀྱི་ཚོགས་གཙོ་རྒན་གཞོན་དང་། སྤྱི་ཁྱབ་རྩིས་ཞིབ་ཀྱི་འགན་འཛིན། བོད་ནང་ལྟ་སྐོར་སྐུ་ཚབ་ཚོགས་པའི་ཚོགས་གཞོན། བདེ་སྲུང་བཀའ་བློན་བཅས་བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་གལ་ཆེའི་ལས་གནས་ཐོག་ཚོར་སྣང་སྐྱེན་པོའི་སྒོ་ནས་འགན་འཁུར་བླངས་པར་མ་ཟད། ཕྱི་ནང་གང་སར་འབྲེལ་ལམ་ཡང་བྱེད་མཁས་པ་བཅས་གང་ཅི་ལྷག་བསམ་རྣམ་དག་ངལ་ཁུར་དང་ལེན་གྱིས་ཞབས་འདེགས་མཐའ་འཁྱོངས་ཞུས་པ་བཅས་ཀྱི་མི་སྣ་རྒན་གྲས་ཤིག་ཡིན། དམ་པ་དེ་ཉིད་དང་འབྲེལ་ཡོད་བཅས་ལ་སྐྱབས་སྨོན་ཡོད། ཅེས་གསུངས་འདུག

རྣམ་ཐར་ལོ་རྒྱུས་དེའི་སྟོད་ཆའི་ནང་དུ། སྐུ་ཕྲེང་སྔ་མ་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་། ཁོང་སྐུ་ཕྲེང་གསུམ་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་དང་ཆོས་སྒོར་ཞུགས་པ། མདོ་སྨད་ནས་དབུས་ཕྱོགས་སུ་ཆིབས་ཕེབས་ཀྱིས་དགའ་ལྡན་དུ་སློབ་གཉེར་གནང་བ་དང་། ༧གོང་ས་མཆོག་ཚོགས་ཕེབས་གདན་ཞུ་དང་ཕར་ཕྱིན་ཚོགས་ལངས་སྐོར། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་ནས་སློབ་གནང་བའི་སྐོར་སོགས་བཀོད་འདུག་ལ། སྨད་ཆའི་ནང་དུ་ཁོང་དྷ་སར་གཏན་བཞུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་དང་སྤྱི་ཁྱབ་རྩིས་ཞིབ་ཀྱི་འགན་འཛིན། དེ་བཞིན། བོད་ནང་ལྟ་སྐོར་སྐུ་ཚབ་ཚོགས་པའི་ཚོགས་གཞོན་གནང་སྟེ་རྒྱ་ནག་དང་བོད་ནང་གཟིགས་སྐོར་གནང་བ། བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས་པའི་སྐོར་དང་། རྒན་ཡོལ་དུ་བཞུགས་ཡུན་རིང་གི་མཛད་འཕྲིན་ཁག་བཅས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༡ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese