མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལ་དྭགས་ལ་འཕྲོད་བསྟེན་རོཊ་སྐྱོར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཐེ་ཝན་གྱི་མི་ཁག་ཅིག་གིས་ལ་དྭགས་རྒྱལ་ས་སླེའི་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་དུ་སྤུས་ཚད་མཐོ་བའི་སྙིང་ནད་བརྟག་དཔྱད་འཕྲུལ་ཆས་ཤིག་ཞལ་འདེབས་སུ་ཕུལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་དུ། དགའ་ལྡན་ཁྲི་པ་རི་རྫོང་སྲས་རིན་པོ་ཆེ་མཆོག་ཕེབས་ཏེ། སྨན་ཁང་གི་ཕྱི་ལུགས་ནད་པའི་བརྟག་དཔྱད་སྡེ་ཚན་གསར་པ་ཞིག་དབུ་འབྱེད་དང་སྦྲགས། ཐའེ་ཝན་མི་རིགས་འགའ་ཤས་ཀྱིས་ས་གནས་རི་རྫོང་རིག་གཞུང་སྐྱིད་སྡུག་ཚོགས་པ་བརྒྱུད་སྨན་ཁང་དེར་ཧིན་སྒོར་ས་ཡ་ ༥ དང་ཕྱེད་ལྷག་གི་སྙིང་ནད་བརྟག་དཔྱད་འཕྲུལ་ཆས་ (Echocardiogram Machine) ཤིག་ཞལ་འདེབས་སུ་ཕུལ་བའི་ཐུགས་རྗེ་ལེགས་གསོལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་འདུག

མཛད་སྒོའི་ཐོག་སྨན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྨན་ཁང་གི་བྱུང་རིམ་ངོ་སྤྲོད་དང་འབྲེལ་ནད་བརྟག་འཕྲུལ་ཆས་སྐོར་ལ། ལོ་བཞིའི་གོང་ལ་དྭགས་ནང་ཆུ་ལོགས་རྒྱུག་སྟེ་སྨན་ཁང་གི་ནད་བརྟག་འཕྲུལ་ཆས་མང་ཤས་ལ་ཆགས་སྐྱོན་ཤོར་ཡོད་པ་དང་། སྙིང་ནད་བརྟག་དཔྱད་འཕྲུལ་ཆས་རྙིང་པ་དེ་དག་སྔ་ལོའི་བར་བེད་སྤྱོད་བཏང་ཡོད་ཀྱང་། ཆགས་སྐྱོན་ཤོར་རྗེས་དེའི་ཆ་ཤས་ཁྲོམ་ནང་ཉོ་རྒྱུ་དཀོན་པ་མ་ཟད། བསྐྱར་བཟོ་བྱེད་མཁན་ཡང་མེད་པ་བཅས་ཀྱི་དཀའ་ངལ་ལ་བརྟེན། ཐེངས་འདིར་ཁོང་ཚོས་ཞལ་འདེབས་སུ་ཕུལ་བའི་འཕྲུལ་ཆས་དེས་ནད་པ་མང་པོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ཚུལ་བརྗོད་འདུག

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། ཉེ་ལམ་ཐའེ་ཝན་གྱི་མི་སྣ་ཁག་ཅིག་སྨན་ཁང་ལ་ལྟ་སྐོར་གནང་སྐབས། ཁོང་ཚོས་སྨན་ཁང་དུ་སྙིང་ནད་བརྟག་དཔྱད་འཕྲུལ་ཆས་མེད་པ་ཤེས་རྗེས། ཁོ་ཚོས་སོ་སོའི་མ་དངུལ་བཏང་ནས་འཕྲུལ་ཆས་དེ་ཉོས་པ་ཞིག་ཡིན་སྟབས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྨན་ཁང་གི་སྨན་ཆས་འགན་འཛིན་དབྱངས་ཅན་སྒྲོལ་མ་ལགས་ཀྱིས་གསར་འགོད་པར། སྨན་ཁང་འདི་གཞུང་གི་སྨན་ཁང་ཡིན་སྟབས། ང་ཚོ་གཞུང་གི་སྒྲིག་གཞི་ལྟར་འགྲོ་དགོས་པ་ལས་རིན་གོང་ཆེ་བའི་སྙིང་ནད་བརྟག་དཔྱད་འཕྲུལ་ཆས་ཉོ་ཐབས་མེད། ཁོང་ཚོས་འདི་ལྟ་བུའི་འཕྲུལ་ཆས་སྨན་ཁང་ལ་ཞལ་འདེབས་གནང་བ་དེས་མ་འོངས་པར་ས་ གནས་མི་མང་ལ་སྙིང་ནད་བརྟག་དཔྱད་ལ་དགེ་ཕན་ཆེན་པ་ཡོང་གི་ཡོད་ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་ ༣༡ ཉིན་དགའ་ལྡན་ཁྲི་རིན་པོ་མཆོག་བསྐྱར་དུ་སྨན་ཁང་དེར་ཕེབས་ཏེ། སྨན་ཁང་གིས་སྙིང་ནད་བརྟག་དཔྱད་འཕྲུལ་ཆས་དངོས་སུ་བེད་སྤྱོད་གཏོང་བའི་རབ་གནས་གནང་འཆར་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist