མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རླུང་འཕྲིན་གྱིས་བོད་པའི་གསར་འགྱུར་བཤད་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ནང་བརྡ་འཕྲིན་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་མ་འོངས་པར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་དང་ལས་རིམ། བརྗོད་བྱ་སོགས་ལ་གཞུང་གིས་སྟངས་འཛིན་བྱ་རྒྱུ་འཁོད་ཡོད་འདུག

ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ༢༠༡༤ ལོའི་ཨ་རིའི་རྒྱལ་སྤྱིའི་བརྡ་འཕྲིན་བཅོས་སྒྱུར་ཁྲིམས་(H.R. 4490)ཟེར་བའི་ཁྲིམས་ཀྱི་གྲོས་གཞི་དེར། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་དགག་བྱ་གང་ཡང་མེད་པར་གྲོས་མཐུན་བྱུང་ཡོད་འདུག ཨ་རིའི་གྲོས་ཚོགས་གོང་མ་སྟེ་(Senate)གྲོས་ཚོགས་ནས་གྲོས་གཞི་དེ་ལ་མི་རིང་བར་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། གལ་ཏེ་གྲོས་ཚོགས་གོང་མའི་ནང་གྲོས་མཐུན་བྱུང་བ་ཡིན་ན་ཨ་རིའི་སྲིད་འཛིན་གྱིས་གྲོས་གཞི་དེར་མིང་རྟགས་འགོད་རྒྱུ་དང་། ཉིན་དེ་ནས་བཟུང་གྲོས་ཆོད་དེ་ཨ་རིའི་ཁྲིམས་ཆགས་ཡོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་(H.R. 4490) ཞེས་པའི་གྲོས་གཞི་དེར་ནང་དོན་མང་པོ་ཞིག་ཡོད་ཀྱང་། བོད་པ་ཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གཙོ་བོ་ཞིག་ནི། སྡེ་ཚན་ (SEC 124) ཞེས་པའི་ནང་། “ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་དང་། ལས་རིམ། བརྗོད་བྱ་ལ་ཚོད་འཛིན་བྱ་རྒྱུ། ཁུ་བྷ་[རྒྱལ་ཁབ་]ལ་རྒྱང་སྲིང་བྱེད་པར་དམིགས་གསལ་ཡོད” (Limitation on voice of America news, programming, and content; exception for broadcasting to Cuba) ཞེས་པ་ཞིག་ཡོད་པ་དེ་ཡིན་འདུག

གོང་གསལ་གནས་ཚུལ་སྐོར་འདི་གར་རྩོམ་ཡིག་ཅིག་འབྱོར་བ་ལྟར་ན། བོད་སྐད་སྡེ་ཚན་ལ་ཆ་བཞག་ན། རྗེས་ཕྱོགས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་རིམ་དེ་དག་ལ་ཨ་རིའི་གཞུང་གིས་སྟངས་འཛིན་བྱས་ཏེ། ཨ་རིའི་གཞུང་གི་ལྟ་བ་དང་སྲིད་ཇུས་རྒྱང་སྲིང་བྱེད་རྒྱུ་ཡིན་པ་ལས། ཨ་རིའི་གཞུང་གིས་བོད་ཀྱི་གསར་འགྱུར་བཤད་རྒྱུར་ཚོད་འཛིན་བྱེད་རྒྱུ་ཡིན་པ་གྲོས་གཞི་དེའི་ཤུགས་སུ་བསྟན་ཡོད་ཅིང་། ཁུ་བྷ་ལྟ་བའི་གསར་འགྱུར་ལ་རང་དབང་སྤྲད་དེ་ཚོད་འཛིན་མི་བྱེད་པ་གྲོས་གཞི་དེའི་ནང་དངོས་སུ་གསལ་ཡོད་འདུག

སྤྱིར་ཨ་རིའི་གཞུང་ལ་ (BBG) ཨ་རིའི་རྒྱང་བསྒྲགས་འཛིན་སྐྱོང་ལྷན་ཚོགས་ཞེས་པ་དེས་ཨ་རིའི་རླུང་འཕྲིན་ཁང་ལ་སྟངས་འཛིན་བྱེད་ཀྱིན་ཡོད་ཀྱང་། གྲོས་གཞི་གསར་པ་དེའི་ནང་ཨ་རིའི་རྒྱང་བསྒྲགས་འཛིན་སྐྱོང་ལྷན་ཚོགས་མེད་པར་བཏང་སྟེ། དེའི་ཚབ་ལ་གསར་དུ། རང་དབང་གསར་འགྱུར་འབྲེལ་ལམ་ལྷན་ཚོགས་(Board of the Freedom News Network)ཟེར་བ་ཞིག་འཛུགས་རྒྱུ་ཡིན་སྐོར་འཁོད་ཡོད་པ་དང་། ལྷན་ཚོགས་དེས་ཨ་རིའི་རླུང་འཕྲིན་ཁང་ལྟ་བུའི་རྒྱང་སྲིང་ལས་ཁུངས་ཁག་གི་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུ་ཡིན་པ་མ་ཟད། གསར་འགྱུར་དང་བརྗོད་བྱ་སོགས་ལ་ཡང་སྟངས་འཛིན་བྱེད་རྒྱུ་ཡིན་སྐོར་འཁོད་ཡོད་འདུག

གྲོས་ཆོད་དེའི་ནང་གི་ “གསར་འགྱུར་རང་དབང” ཞེས་པ་དེར་ཨ་རིའི་གཞུང་གིས་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡོད་མེད་དོགས་གཞི་ཡིན་ཡང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders) ཀྱིས་ཁྲིམས་གཞི་དེ་ལ་སྐྱོན་བརྗོད་བྱས་ཡོད་འདུག དེ་བཞིན། ཨ་རིའི་ཁཱ་ལི་ཧྥོ་ཉེ་ཡའི་མངའ་སྡེའི་ (Annenberg)ཟེར་བའི་ས་ཆར་ཡོད་པའི་ལྷོ་ཁཱ་ལི་ཧྥོ་ཉེ་ཡའི་སློབ་ཆེན་གྱིས་ཀྱང་ཁྲིམས་ཀྱི་གྲོས་གཞི་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ། (USC)ཞེས་པའི་དྲ་ཚིགས་སྟེང་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་ཡོད་འདུག

འདི་གར་འབྱོར་བའི་རྩོམ་ཡིག་དེའི་མགོར་ “ཨ་རིའི་རླུང་འཕྲིན་ཁང་གིས་སྤྱི་ལོ་ ༡༩༩༠ ལོ་ནས་བཟུང་བོད་སྐད་སྡེ་ཚན་བཙུགས་ཏེ། ལོ་དུ་མའི་རིང་ལ་བོད་སྐད་རླུང་འཕྲིན་གསར་འགྱུར་བོད་དུ་མཁོ་སྒྲུབ་བྱས་ཡོད་པ་དང་། རྗེས་སུ་བརྙན་འཕྲིན་ལས་རིམ་བརྒྱུད་དེ་ཀུན་གླེང་གསར་འགྱུར་དང་ཀུན་གླེང་ལས་རིམ་ལ་སོགས་པའི་ལེ་ཚན་དུ་མར་བརྟེན་ནས། རང་དབང་མེད་པའི་བོད་ནང་གི་བོད་པ་དང་། བཙན་བྱོལ་བོད་པ་རྣམས་ལ་བོད་དང་ཕྱི་རྒྱལ་གྱི་གསར་འགྱུར་སྣ་ཚོགས་ཀྱི་ མཐུན་རྐྱེན་སྒྲུབ་སྟེ་བོད་ཕྱི་ནང་གཉིས་ལ་ཕན་པ་རྒྱ་ཆེན་པོ་ཐོབ་ཡོད། དེ་ཡང་ཨ་རིའི་གཞུང་འཛིན་ཚོགས་པ་གཉིས་མཐུན་མོང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་སྐད་སྡེ་ཚན་འདི་བཙུགས་པ་རེད” ཅེས་འཁོད་འདུག

རྩོམ་ཡིག་གི་མཇུག་ཏུ། “གལ་སྲིད་བོད་སྐད་སྡེ་ཚན་ལྟ་བུས་ཨ་རི་དང་རྒྱལ་སྤྱིའི་གསར་འགྱུར་བཤད་པ་ལས་བོད་ཀྱི་ས་གནས་གྱི་གསར་འགྱུར་བཤད་རྒྱུ་མིན་པ་ཡིན་ཚེ། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བོད་ལ་ཕན་ཅི་ཙམ་ཐོགས་རྒྱུ་ཡིན་མིན་དྲི་བ་ཞིག་དང་། གལ་ཏེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གྱིས་བོད་ཀྱི་གསར་འགྱུར་མ་བཤད་པ་ཡིན་ན། བོད་ཕྱི་ནང་གཉིས་ཀྱིས་ཕན་ཚུན་གྱི་གསར་འགྱུར་ལྟ་ཉན་མི་ཐུབ་པ་ཆགས་ངེས་ལ། ད་ལྟ་ཡིན་ན་ཨ་རིའི་ཀུན་གླེང་ལས་རིམ་ནི་བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་རྒྱུད་ལམ་ཆེ་ཤོས་ཤིག་ཆགས་ཡོད། ཆེ་བ་ཆུང་དུ་གཏོང་བཞིན་པ་དང་། ཆུང་བ་མེད་པར་བཟོ་སྲིད་པའི་གནས་ཚུལ་འདི་ལ་ཨ་རིར་ཡོད་པའི་བོད་མི་ཚོ་དང་། དབུས་བོད་མའི་སྒྲིག་འཛུགས། ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་བཅས་ཀྱིས་ལས་དོན་འདིའི་སྐོར་མཁྱེན་རྟོག་ཡོད་མེད་དང་། ཡོད་ན་དེའི་ཐད་ལས་འགུལ་ཅི་ཞིག་སྤེལ་དང་སྤེལ་འཆར་ཡོད་དམ” ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. དམག་དཔོན། says:
    ལོ་ 12 སྔོན།

    ང་རང་གིས་དབྱིན་ཡིག་གི་རྩོམ་ཡིག་དེ་གཉིས་ལ་རོབ་ཙམ་བལྟས་པའི་མྱོང་ཚོར་བཤད་ན། ཨ་རིའི་མང་ཚོགས་དང་རྒྱལ་སྤྱིའི་ཐོག་ནས་ཨ་རིའི་གཞུང་ལ་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་གང་བྱུང་མང་བྱུང་སྤེལ་བ་དང་། སྤྱི་ཚོགས་ལ་བརྡབ་གསིག་གཏོང་གི་ཡོད་པ་སོགས་ཀྱི་སྐད་བརྒྱབ་སྟེ་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་དེ་བཞག་པ་ཞིག་ཡིན་པ་ཚོར་སོང་།
    སྔོན་ཆད་ཨེ་ཤ་ཡི་རང་དབང་རླུང་འཕྲིན་ཁང་སྒེར་བདག་ཡིན་སྐབས་གཞུང་གིས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་དང་། ལོ་ཁ་ཤས་གོང་ནས་ཨ་རིའི་གཞུང་གི་འོག་ཏུ་ཉར་ཡོད་སྟབས། ཨེ་ཤ་ཡི་རང་དབང་རླུང་འཕྲིན་ཁང་ཡང་ད་རེས་ཐག་གཅོད་བྱས་པའི་སྟངས་འཛིན་དེའི་འོག་ཏུ་ཚུད་ཀྱི་ཡོད་པ་དང་། མ་འོངས་པར་རིམ་པས་ཨེ་ཤ་ཡི་རང་དབང་རླུང་འཕྲིན་ཁང་ཡང་གཅིག་མཚུངས་ཀྱི་དཀའ་ངལ་དེ་འཕྲད་རྒྱུ་ཡིན་པ་ཞིག་ཚོར་སོང་།

    Reply
  2. ཡར་ཀློང་པ། says:
    ལོ་ 12 སྔོན།

    ང་རང་གི་སེམས་འཁུར་ཆེ་ཤོས་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་གང་འདྲ་ཞིག་བཞག་ཡོད་མེད་དེ་མ་རེད། གྲོས་ཆོད་དེ་དག་གི་བརྒྱབ་ཏུ་གནས་དོན་དང་གནས་ཚུལ་གང་འདྲ་ཞིག་ཡོད་མེད་དེ་རེད། དེང་སྐབས་བལྟས་ཡོང་ན་ཕྱོགས་མང་པོ་ཞིག་ན་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོང་གི་འདུག བཙན་བྱོལ་བོད་པ་ཚོར་ཕྱོགས་མང་པོ་ཞིག་གནས་རྒྱ་གཞུང་གིས་ཨ་ཆད་ཨུ་ཐུག་བཟོས་ཡོང་གི་འདུག གནས་ཚུལ་འདི་དག་གི་རྒྱབ་ལྗོངས་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་ལས་འགུལ་ཞིག་སྤེལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདགུ

    Reply
  3. སྟོབས་ལྡན། says:
    ལོ་ 12 སྔོན།

    བོད་ནང་ལ་མཚོན་ན་རིམ་པ་གསུམ་ལྟ་བུ་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གྲོང་གསེབ་ཁུལ་དུ་རྒྱུག་ཆེན་པོ་རེད། ཨ་རིའི་རླུང་འཕྲིན་ཁང་དགོན་པ་དང་གྲོང་བརྡལ་ཁག་ཏུ་ལྟ་ཉན་བྱེད་མཁན་མང་པོ་རེད། བོད་ཀྱི་དུས་བབ་གྲོང་ཁྱེར་ཁག་དང་ན་གཞོན་ཚོའི་ཁྲོད་དུ་དགའ་མོས་བྱེད་མཁན་མང་པོ་རེད་་་

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཨ་རིས་བོད་པའི་གསར་འགྱུར་བཤད་མ་བཤད་དེ་གཙོ་བོ་ཨ་རིའི་ཁེ་ཕན་ལ་གནོད་མིན་དང་འགྲོ་སོང་དང་རྒྱ་ནག་ལ་ངོ་སྲུང་བྱེད་མིན་བཅ
    ས་ལ།རག་ལས།

    Reply
  5. མཆོག་སྤྲུལ། says:
    ལོ་ 12 སྔོན།

    ཨ་རིའི་རླུང་འཕྲིན་ཁང་དང་བོད་ཀྱི་དུས་བབ། ཨེ་ཤ་ཡ་རླུང་འཕྲིན་ཁང་གསུམ་ནི་བོད་དོན་འཐབ་རྩོད་ཁྲོད་བོད་མི་ཚོས་དགྲ་ལ་ཁ་གཏད་གཅོག་བྱེད་ཀྱི་མཚོན་ཆའི་འཁོར་ལོ་གསུམ་ཡིན། འདི་དག་ལ་མ་འགྲིག་མ་ལེགས་པ་རེ་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།

    Reply
  6. དར་རྒྱས། says:
    ལོ་ 12 སྔོན།

    འབྲེལ་ཐག་འདི་དག་གོང་གི་གསར་འགྱུར་ནང་དུའང་འབྲེལ་མཐུད་བྱས་འདུག་ཀྱང་། ཧ་ཅང་གལ་ཆེ་བར་མཐོང་སྟེ་འདིར་ལོགས་སུ་བཞག་ཡོད།

    1) http://thomas.loc.gov/home/gpoxmlc113/h4490_rh.xml
    2) http://en.rsf.org/united-states-us-should-not-adopt-information-15-05-2014,46292.html
    3) http://uscpublicdiplomacy.org/pdin_monitor_article/death-knell-fine-print

    ཛ་དྲག་གི་གནས་ཚུལ་འདིའི་ཐད་བོད་གཞུང་མང་ཡོངས་ཀྱིས་འགུལ་ཀྱོག་ཅིག་རྒྱག་རྒྱུའི་དུས་ལ་བབས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese