མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གིས་ལ་དྭགས་ནང་བཙན་འཛུལ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གཉིས་སྔོན་རྒྱ་དམག་གིས་རྒྱ་གར་ལ་དྭགས་བྱང་ཕྱོགས་ཁུལ་གྱི་པུར་ཚེས་ས་ཁུལ་ནང་བཙན་འཛུལ་བྱས་ཡོད་ཀྱང་རྒྱ་གར་གཞུང་གིས་གནས་ཚུལ་དེར་ཁ་གསལ་ལན་འདེབས་གང་ཡང་བྱས་མི་འདུག

དེ་རིང་རྒྱ་གར་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་ནག་གི་དམག་མིས་ཡང་བསྐྱར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ནས་ཚུར་སྤྱི་ལེ་ ༢༥ ཙམ་གྱི་ས་ཁུལ་པུར་ཚེ་ (Burtse) ནང་འཛུལ་ནས་དམག་སྒར་བརྒྱབ་པར་བརྟེན། རྒྱ་གར་ས་མཚམས་སྐོར་སྲུང་དམག་མིས་ཉེན་བརྡ་བཏང་ཡང་ཕྱིར་ལོག་མ་བྱས་པ་མ་ཟད། ཁོ་ཚོས་འཕྲད་དར་དམར་པོ་ཞིག་གི་སྟེང་འདི་རྒྱ་ནག་གི་རྒྱལ་ཁོངས་ཡིན་ཞེས་འཁོད་ཡོད་པ་ཞིག་གཡུག་གཡུག་བྱས་ཡོད་སྟབས། རྒྱ་གར་དམག་མིས་ས་གནས་དམག་སྒར་གྱི་མགོ་བར་སྙན་སེང་ཞུས་པ་བརྒྱུད་ས་གནས་དེ་གར་དམག་དཔུང་འགྲེམ་འཇོག་བྱས་ཡོད་འདུག

གནས་ཚུལ་འདིའི་སྐོར་ལ་ཨོ་ཌམ་པོ་ (Udhampur)དམག་སྒར་གྱི་མགྲིན་ཚབ་པ་མདའ་དཔོན་གྷོ་སི་ཝ་མེ་ (S D Goswami) ལགས་ཀྱིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བ་ཡོད་སྟབས། མཚམས་རེར་རྒྱ་ནག་གི་དམག་མི་ས་མཚམས་བརྒལ་བའི་གནས་ཚུལ་རིགས་འབྱུང་གི་ཡོད་ཚུལ་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་གར་གྱི་དམག་སྤྱི་ཆེན་མོ་སྐུ་ཞབས་ཌིར་སྤིར་སིན་(Gen Dalbir Singh Suhag) གྱིས་གསར་འགོད་པར་གནས་ཚུལ་དེ་བདེན་པ་མིན་ཚུལ་བརྗོད་ཡོད་འདུག

ཉེ་ལམ་རྒྱ་དཀར་ནག་བར་ས་མཚམས་སྲུང་སྐྱོབ་མཉམ་ལས་སྐོར་ལ་གྲོས་ཆོད་ཞིག་བཞག་ཡོད་པའི་ནང་། རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཞི་འཇགས་ཡོང་ཆེད་གནས་སྐབས་རིང་ཕན་ཚུན་གྱི་དམག་དཔུང་ཕྱིར་འཐེན་བྱེད་དགོས་སྐོར་འཁོད་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་འགྱུར་བ་གང་ཡང་བཏང་མེད་སྟབས་ཐེངས་འདིར་རྒྱ་གར་གྱིས་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་བྱེད་དགོས་བྱུང་བ་ཞིག་ཡིན་འདུག

གནད་དོན་འདིའི་ཐད་རྒྱ་གར་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་ཡོད་ཅིང་། བདེ་སྲུང་བློན་ཆེན་ཨ་རུན་ཇད་ཌི་ལེ་(Arun Jaitley)ལགས་ཀྱིས། རྒྱལ་ཁབ་གཉིས་ཀྱིས་ས་མཚམས་ཀྱི་ས་ཐིག་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བའི་དབང་གིས་རྒྱལ་ཁོངས་སུ་བཙན་འཛུལ་གྱི་གནས་ཚུལ་འབྱུང་བཞིན་ཡོད། ཟླ་སྔོན་མའི་ཚེས་ ༢༢ ཉིན་རྒྱ་དམག་གིས་ལ་དྭགས་ཀྱི་ཅཱར་ཊིན་ནེ་ལོ་ནོ་ལཱ་ (Charding Nilu Nullah ) ས་ཁུལ་ནང་བཙན་འཛུལ་བྱས་པར་དམག་དཔོན་ཕན་ཚུན་བར་གྲོས་མོལ་བརྒྱུད་དཀའ་ངལ་སེལ་རྗེས་ད་བར་བཙན་འཛུལ་གྱི་གནས་ཚུལ་རིགས་བྱུང་མེད་ཅེས་བརྗོད་ཡོད་འདུག

སྐབས་དེར་ཀོང་རེ་སིའི་མགོ་ཁྲིད་མ་ནེ་ཤཱི་ཌེ་བཱ་རེ་ (Manish Tewari ) ལགས་ཀྱིས། གཞུང་གིས་བཤད་པ་ལྟར་ན། རྒྱ་ནག་བཅིངས་འགྲོལ་དམག་དཔུང་རྒྱ་ནག་རང་གིས་ངོས་འཛིན་བྱས་པའི་ས་མཚམས་བར་ཡོང་ཆོག་གི་ཡོད་ཚོད་འདུག དེས་ན་རྒྱ་ནག་གི་ས་ཁྲའི་ནང་ཨ་རུ་ནཱ་ཅལ་དང་ཨ་ཀ་སཱ་ཆིན་ (Aksai Chin)། ཀཱ་ར་ཀོ་རམ་ (Karakoram) རི་རྒྱུད་སོགས་ཚུད་ཡོད་སྟབས། རང་གཞུང་གིས་རྒྱ་དམག་ས་གནས་དེ་དག་བར་ཡོང་འཇུག་གི་ཡིན་ནམ་ཞེས་མུ་དྷིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཉེ་ལམ་མུ་དྷི་ཡིས་བྱང་ཕྱོགས་ལ་དྭགས་དང་ཀར་གྷིལ། སཱ་ཆེན་འཁྱག་རོམ་དམག་སྒར་སོགས་རྒྱ་གར་གྱི་བདེ་འཇགས་ཐད་ཧ་ཅང་གལ་གནད་དུ་ངོས་འཛིན་གྱིས་གཟིགས་སྐོར་བྱས་སྟབས། པ་ཀི་སི་ཐན་གྱིས་ཁོང་གི་གཟིགས་སྐོར་དེར་རྣམ་འགྱུར་མི་ལེགས་པ་སྟོན་ཆེད་ཇ་མུར་རྫོང་ལ་འཇབ་རྒོལ་བྱས་པ་ལྟར། རྒྱ་ནག་གིས་ཀྱང་རྒྱ་གར་ལ་ཚོད་ལྟ་དང་འཇིགས་སྐུལ་གྱི་རྣམ་འགྱུར་བསྟན་པ་ཡིན་ཚུལ་བརྗོད་འདུག

པུར་ཚེས་ས་ཁུལ་འདི་ནི་ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་དམག་གིས་ལ་དྭགས་ཀྱི་ཌེ་བྷེ་ཨོ་ (Daulat Beg Oldie)ས་གནས་བཙན་འཛུལ་བྱས་ཏེ་དམག་སྒར་ ༥ བརྒྱབ་པའི་ཉེ་འགྲམ་ཡིན་པ་དང་། གནས་ཚུལ་དེ་བྱུང་རྗེས་རྒྱ་གར་གཞུང་གིས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༠༠༠ ལྷག་ཡོད་པའི་ས་གནས་འདིར་ས་མཚམས་སྐོར་སྲུང་ས་ཚིགས་གསར་བ་ཞིག་བརྒྱབ་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese