མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བྱང་ཤར་མཐའ་མཚམས་སུ་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བདེ་སྲུང་ལྷན་ཁང་གིས་མེ་ཤུགས་འཕུར་མདའི་རུ་ཁག་དྲུག་བྱང་ཤར་མཐའ་མཚམས་ཨ་སམ་མངའ་སྡེའི་ས་གནས་ཊེ་ཛི་པུར་དང་ཅཱ་སྦ་གཉིས་ལ་སྐྱེལ་འདྲེན་བྱེད་མགོ་བཙུགས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱ་གར་བདེ་སྲུང་ལྷན་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་གར་བྱང་ཤར་མཐའ་མཚམས་ཨ་སམ་མངའ་སྡེའི་ས་གནས་ཊེ་ཛི་པུར་ (Tezpur) དང་ཅཱ་སྦ་ (Chabua) གཉིས་ནང་སྔོན་ཐོན་དམག་འཐབ་གནམ་གྲུ་ (Sukhoi-30MKI) ཡི་རྟེན་གཞི་གསར་བཙུགས་བྱས་པ་ལྟར། བྱང་ཤར་མཐའ་མཚམས་སུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་དང་ཐད་འཕུར་གནམ་གྲུ་སོགས་ཀྱི་བཙན་འཛུལ་འགོག་ཐབས་སུ། རྒྱ་གར་མཁའ་དམག་ལས་ཁུངས་ཀྱིས་ཨ་ཀཱ་ཤི་ (Akash)ཟེར་བའི་ས་ངོས་མེ་ཤུགས་འཕུར་མདའི་རུ་ཁག་ ༦ གོང་གི་ས་ཁུལ་དེ་དག་ལ་སྐྱེལ་འདྲེན་བྱེད་བཞིན་ཡོད་འདུག

གནད་དོན་འདིའི་སྐོར་ལ་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་གསར་འགོད་པ་ཚོར་ཨ་ཀཱ་ཤི་མེ་ཤུགས་འཕུར་མདའ་ཡིས་བར་ཐག་སྤྱི་ལེ་ ༢༥ ནང་ཚུད་དུ་གནམ་གཤིས་གནས་སྟངས་ཡག་མིན་ལ་མ་ལྟོས་པར་གཞན་གྱི་མེ་ཤུགས་འཕུར་མདའ་རྒྱལ་ཁོངས་སུ་འཕེན་པ་འགོག་སྲུང་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

སྔོན་མ་རྒྱ་གར་བདེ་སྲུང་ལྷན་ཁང་གིས་ས་གནས་གྷོ་ཝ་ལུར་ (Gwalior)དང་པུ་ནེ་ (Pune) གཉིས་ནང་ཨ་ཀཱ་ཤི་མེ་ཤུགས་འཕུར་མདའི་དཔུང་སྡེ་གཉིས་ཆེད་འཛུགས་བྱས་ཡོད་པ་དང་། འབྱུང་འགྱུར་ཟླ་ ༦ རིང་རྒྱ་གར་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་ཆུང་གིས། ལ་དྭགས་བྱང་ཕྱོགས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་བཀའ་འཁྲོལ་ཐོབ་ཚེ་ས་ངོས་མེ་ཤུགས་འཕུར་མདའི་རུ་ཁག་འཛུགས་འཆར་ཡོད་འདུག

དམག་དོན་དབྱེ་ཞིབ་པ་ཚོས། ད་ལྟའི་འཆར་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་སུ་ཡོད་པའི་དམག་དཔུང་དང་མཚོན་ཆ། རྟེན་གཞི་འཛུགས་སྐྲུན་བཅས་བསྡུར་ན་རྒྱ་གར་ཞན་པོ་ཡིན་པ་དང་། འཛུགས་སྐྲུན་ལས་འཆར་དེས་རྒྱལ་ཁབ་གཉིས་བར་ཡོད་པའི་མཐའ་མཚམས་ (LAC)རིང་ཚད་སྤྱི་ལེ་ ༤༠༥༧ ཙམ་ལ་གཏན་སྲུང་བྱེད་ཐུབ་ཀྱི་ཡོད་ཚུལ་བརྗོད་འདུག

རྒྱ་གར་མཁའ་དམག་ལས་ཁུངས་ཀྱིས་ས་གནས་ཊེ་ཛི་པུར་ (Tezpur) དང་ཅཱ་སྦ་ (Chabua) གཉིས་ལ་མཁའ་དམག་རྟེན་གཞི་གསར་རྒྱག་བྱས་པ་ལྟར། བྱང་ཕྱོགས་ལ་དྭགས་ཀྱི་ས་གནས་ཌེ་བྷེ་ཨོ་ (Daulat Beg Oldie)། ཉུ་ཡོ་མཱ་ (Nyoma)། བདེ་མཆོག་དང་། གཞན། བྱང་ཤར་ཨ་རུ་ནཱ་ཅལ་གྱི་པཱ་སེ་གྷ་ཊི་ (Pasighat)། མེ་ཆུ་ཁ་(Mechuka) ཝང་ལུང་ (wanlong)། ཊོབ་ཊིན་(Tuting) སོགས་སུ་དམག་དོན་ལས་གཞི་འགྲོ་བཞིན་ཡོད་འདུག

རྒྱ་ནག་གིས་རྒྱ་གར་ལ་དམིགས་ཏེ་བོད་མཐོ་སྒང་དུ་དམག་སྡེ་ ༢༡ དང་གནམ་ཐང་ ༨ ཙམ་གསར་བྱས་འཛུགས་ཏེ། ད་ལོར་བཅིངས་འགྲོལ་དམག་དཔུང་གིས་དམག་འཐབ་གནམ་གྲུ་ཇེ་རྟགས་ (J-10) དང་སོ་ཁོབ་ (Sukhoi-27UBK)རྟགས་ཅན་སོགས་ཚོད་ལྟ་དང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། པ་ཀི་སི་ཐན། འབྲུག་བཅས་ཀྱི་མཐའ་མཚམས་སུ་གཞུང་ལམ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་རྒྱ་སྐྱེད་ཀྱིས། རྒྱ་གར་གྱི་བདེ་འཇགས་ལ་མངོན་གསལ་ཐོག་ནས་འཇིགས་སྐུལ་བྱེད་བཞིན་ཡོད་སྟབས། རྒྱ་གར་གྱིས་བྱང་ཕྱོགས་ལ་དྭགས་དང་ཤར་བྱང་ཕྱོགས་སུ་དམག་དཔུང་རྒྱ་སྐྱེད་དང་། གཞུང་ལམ་གསར་རྒྱག གནམ་ཐང་དང་མེ་འཁོར་ལྕགས་འཛུགས་སྐྲུན་སོགས་བྱེད་བཞིན་ཡོད་འདུག

ཉེ་ལམ་རྒྱ་གར་གསར་ཁང་ (NDTV 24X7 ) གིས་རྒྱལ་ཁབ་གཉིས་ཀྱི་རྐང་དམག་དང་མཚོན་ཆའི་སྐོར་ལ་ཚོད་དཔག་བྱས་པ་ལྟར་ན། རྒྱ་གར་ལ་གྲ་སྒྲིག་ཡོད་པའི་ས་དམག་འབུམ་ ༡༣,༢༥ དང་། རྒྱ་ནག་ལ་ས་དམག་འབུམ་ ༢༢,༥༥ ཙམ་ཡོད། རྒྱ་ནག་ལ་མཁའ་དམག་གནམ་གྲུ་ ༩༠༠༠ དང་མཉམ་དུ་དམག་འཐབ་གནམ་གྲུ་ ༢༠༠༠ ཙམ་དང་། རྒྱ་གར་ལ་མཁའ་དམག་གནམ་གྲུ་ ༣༠༠༠ དང་མཉམ་དུ་དམག་འཐབ་གནམ་གྲུ་ ༧༩༠ ཙམ་ཡོད་འདུག དེ་བཞིན་རྒྱ་ནག་ལ་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་ཡོད་པའི་མཚོ་དམག་གྲུ་གཟིངས་དང་ ༢༨༤ དང་། རྒྱ་གར་ལ་ ༡༤༥ ཙམ་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese