མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཕྱི་གསལ་ནང་གསལ་ཆེ་ཙམ་བྱེད་དགོས་པ་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཇར་མན་ནང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ངོས་ལ་རྒྱ་རིགས་མང་པོ་ཞིག་གིས་དེང་སྐབས་རྒྱ་ནག་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཡང་བཟང་སྤྱོད་ཀྱི་སྟོབས་ཤུགས་འདང་གི་མེད་ཚུལ་བརྗོད་མཁན་བྱུང་སྟབས། རྒྱ་གཞུང་གིས་མི་མང་ལ་དམ་དྲག་བྱ་རྒྱུའི་ཚབ་ཏུ་ཕྱི་གསལ་ནང་གསལ་ཆེ་ཙམ་བྱེད་དགོས་པ་ཆགས་ཡོད། ཅེས་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་འཇར་མན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། དེ་རིང་སྔ་དྲོ་གྲོང་ཁྱེར་ཧན་བྷེག་ཏུ་མི་མང་ལ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་གི་ཡོད་པ་དང་། ཉིན་རྒྱབ་འཇར་མན་བོད་རིགས་མཐུན་ཚོགས་གསར་འཛུགས་གནང་སྟེ་ལོ་ ༣༥ དང་། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་ཆིབས་བསྒྱུར་གྱིས་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག ཁ་སང་ཚེས་ ༢༥ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་ ༧༠༠༠ བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་༼ལག་ལེན་སོ་བདུན་མ༽བཀའ་ཆོས་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཧམ་བྷག་མི་རིགས་རྩད་ཞིབ་རིག་པའི་འགྲེམས་སྟོན་ཁང་དང་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པ། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། ༼གནའ་བོའི་བོད་མི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་གཏོར་བཤིག་བཏང་བ༽ཞེས་པའི་བརྗོད་གཞིའི་འོག་བོད་མིའི་འབྲོག་པའི་འཚོ་བ་བསྐྱལ་སྟངས་སྐོར་གྱི་འགྲེམས་སྟོན་ལ་གཟིགས་ཞིབ་དང་། ཧམ་བྷག་གཙུག་ལག་སློབ་ཁང་གི་འཛམ་གླིང་ཆོས་ལུགས་རིག་པའི་བསྟི་གནས་ཁང་གི་ཚོགས་མིར་མཇལ་འཕྲད་དང་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

ཚེས་ ༢༤ ཉིན་༧གོང་ས་མཆོག་གིས་མི་མང་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་༼སྤྱོད་འཇུག༽གི་གསུང་ཆོས་གནང་ཡོད་པ་དང་། ཉིན་རྒྱབ་འཇར་མན་གནས་སྡོད་བོད་མི་ ༦༠༠ ལ་མཇལ་ཁ་དང་འབྲེལ་བཀའ་སློབ་གནང་སྟེ། བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ཡང་མི་རབས་གསར་བ་ཚོས་ལྷག་བསམ་དང་སྙིང་སྟོབས། མི་རིགས་ལ་བཅངས་བའི་བརྩེ་སེམས་འགྱུར་བ་མེད་པར་གནས་ཡོད་སྟབས། མ་འོངས་པའི་མི་རབས་གསར་བ་ཚོ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། བོད་མི་རིགས་ཀྱི་ཆོས་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དང་མི་རིགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་གནས་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་སྐོར་དང་། ད་ལྟའི་ཆར་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་མཚོན་པའི་གནད་དོན་མང་པོ་ཞིག་ཡོང་གི་ཡོད་པ་དང་། གནད་དོན་འདི་དག་གིས་རྒྱ་ནག་གི་ཕུགས་རྒྱང་རིང་པོར་ཁེ་ཕན་གནོད་གཞི་ཞིག་ཆགས་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་གསར་བ་ཚོས་གནད་དོན་འདི་དག་གི་ཐོག་ཡང་བསྐྱར་བསམ་བློ་གཏོང་གཞི་ཞིག་ཆགས་ཡོད་སྐོར་དང་། གནད་དོན་འདི་དག་གི་ཐོག་ནས་གནས་ཚུལ་མང་དག་ཅིག་ལ་འགྱུར་བ་ཐེངས་ངེས་སྐོར་སོགས་གསུངས་འདུག ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྐབས་དོལ་རྒྱལ་རྗེས་འབྲང་བ་ཚོས་གསུང་ཆོས་ར་བའི་ཕྱི་རོལ་དུ་འཕྲེད་དར་འདྲ་མིན་འཕྱར་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

ཚེས་ ༢༣ ཉིན་༧གོང་ས་མཆོག་གིས་ཧན་བྷེག་གྲོང་ཁྱེར་གྱི་བརྙན་འཕྲིན་བརྒྱུད་ལམ་ (ZDF) གྱི་བུད་མེད་ལས་རིམ་གཙོ་སྐྱོང་པ་ལྕམ་བྷེ་ཊི་ན་ཧན་སེན་ (Bettina Hansen) ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ་རྗེས། ས་གནས་ཀྱི་ཀོང་རེ་སི་ཚོགས་ཁང་དུ་མང་ཚོགས་ ༧༠༠༠ བརྒལ་བར་༼འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཡ་རབས་བཟང་སྤྱོད༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། དེའི་རྗེས་གསར་འགོད་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་འདུག སྐབས་དེར་འཇར་མན་གསར་འགྱུར་བརྙན་འཕྲིན་ཚན་པའི་དེང་སྐབས་རྒྱ་ནག་དཔལ་འབྱོར་དང་ཆབ་སྲིད་སོགས་གང་ཅིའི་ཐོག་ནུས་སྟོབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། བོད་མི་ཚོར་རང་སྐྱོང་གི་གནས་བབ་ཐོབ་རྒྱུའི་རེ་བ་ཇི་ཙམ་ཡོད་སྐོར་དྲིས་པའི་ལན་དུ་༧གོང་ས་མཆོག་གིས། དེང་སྐབས་རྒྱ་རིགས་ཤེས་ཡོན་པ་མང་པོས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་ཚོད་འདུག ཁོང་ཚོ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་གནང་ཡོད་འདུག དཔལ་ནཱ་ལེཎྡྲ་ནས་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་འདི་བོད་ཙམ་དུ་མ་ཟད། དེ་སྔ་རྒྱ་ནག་ནང་དར་ཁྱབ་ཆེན་པོ་བྱུང་ཡོད། ངོས་ལ་རྒྱ་རིགས་མང་པོ་ཞིག་གིས་དེང་སྐབས་རྒྱ་ནག་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཡང་བཟང་སྤྱོད་ཀྱི་སྟོབས་ཤུགས་འདང་གི་མེད་ཅེས་བརྗོད་མཁན་བྱུང་། དེར་བརྟེན། རྒྱ་ནག་ནང་གཞུང་གིས་དམ་དྲག་བྱ་རྒྱུའི་ཚབ་ཏུ་ཕྱི་གསལ་ནང་གསལ་ཆེ་ཙམ་བྱེད་དགོས་པ་ཆགས་ཡོད། རྒྱ་མི་རིགས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། ཅེས་གསུངས་ཡོད་འདུག

ཡང་གསར་འགོད་པ་ཅིག་གིས་༸གོང་ས་མཆོག་གིས་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས་གནང་གི་ཡོད་ཀྱང་། འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་ལ་དོ་སྣང་དང་བདག་སྤྲོད་བྱེད་མཁན་མེད་སྟབས། འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས་ཀྱི་ལས་འགུལ་མཚམས་འཇོག་མི་གནང་བའི་རྒྱུ་མཚན་དྲིས་པའི་ལན་དུ། མིའི་གཞི་རིམ་གྱི་བསམ་བློའི་རང་བཞིན་དེ་ཞི་དུལ་ཅན་ཞིག་ཡིན། ངོས་ཀྱི་གྲོགས་པོ་ཚན་རིག་པ་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ལགས་ཀྱིས་བརྟག་དཔྱད་གནང་ནས་བྱིས་པ་ཚོས་གཞན་ལ་གནོད་བྱ་རྒྱུ་ལས་ཕན་པ་བསྒྲུབ་རྒྱུའི་ལས་ལ་དགའ་བ་བྱེད་བཞིན་ཡོད་པའི་དཔང་རྟགས་ར་སྤྲོད་ཐུབ་ཡོད། ཅེས་གསུངས་འདུག

གསར་འགོད་པ་ཅིག་གིས་ཚོགས་ཁང་གི་ཕྱི་རོལ་དུ་དོལ་ཚོགས་ཀྱིས་༸གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་དེར་དགོངས་ཚུལ་གང་ཡོད་ཀྱི་དྲིས་པའི་ལན་དུ། གལ་སྲིད། ཁྱེད་ཚོས་ལོ་ངོ་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ལ་དཔྱད་པ་བྱས་ན་ད་གཟོད་དོལ་རྒྱལ་གྱི་རྙོག་གྲ་དེའི་སྐོར་ཤེས་རྒྱུ་རེད། ཐོག་མར་ཕྱི་ལོ་ ༡༩༥༡།༡༩༧༠ བར་ངོས་ཀྱིས་མ་ཤེས་པར་བསྟེན་པ་རེད། དེ་ནས་དོལ་རྒྱལ་བསྟེན་ན་སྐྱོན་ཞིག་ཡོད་པ་ཤེས་རྗེས་རིམ་བཞིན་ངོས་ནས་༸གོང་ ས་ལྔ་པ་ཆེན་པོའི་གསུང་འབུམ་རྣམས་ལ་དཔྱད་པ་མཐིལ་ཕྱིན་བྱས་ཏེ་མཚམས་འཇོག་བྱས་པ་ཡིན། དེ་རྗེས་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་དཀའ་ངལ་བསྟུད་མར་འཕྲད་རྗེས་དཀའ་ངལ་དེ་དག་དོལ་རྒྱལ་བསྟེན་པ་ལས་བྱུང་བ་ར་སྤྲོད་བྱུང་ཡོད། དོལ་རྒྱལ་སྐོར་དངོས་ཡོད་གནས་ཚུལ་གསལ་བཤད་བྱ་རྒྱུ་ངོས་ཀྱིས་ལས་འགན་རེད། དེར་བརྟེན། ངོས་ཐོག་མ་ནས་གནད་དོན་དེའི་སྐོར་ཕྱི་གསལ་ནང་གསལ་བྱས་ཏེ་གསལ་བཤད་བྱས་ཡོད། ཉན་དང་མ་ཉན་དོ་དག་སོ་སོར་རག་ལུས་ཡོད། ཚོགས་ཁང་ཕྱི་ལ་སྐད་འབོད་བྱེད་མཁན་ཁོ་པ་ཚོར་དོལ་རྒྱལ་སྐོར་ལ་གནས་ཚུལ་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་མཁན་བྱུང་མེད་ཚོད་འདུག ཁོ་པ་ཚོས་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད། ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱས་ན་དགེ་སྐྱོན་གང་ཡོད་དངོས་ཡོད་གནས་ཚུལ་གསལ་བཤད་བྱས་པ་མ་གཏོགས་དོལ་རྒྱལ་བསྟེན་གསོལ་བྱེད་མི་ཆོག ཅེས་རྩ་བ་ཉིད་ནས་བརྗོད་མྱོང་མེད། ཅེས་བཀའ་ལན་སྩལ་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་༸གོང་ས་མཆོག་གྲོང་ཁྱེར་ཧན་བྷེག་ནང་བོད་རྒྱའི་མཁས་དབང་དང་ལས་བྱེད་མི་སྣ། ལས་འགུལ་བ། རྩོམ་པ་པོ། ཨ་རི་དང་ཨེ་ཤ་ཡ། ཡུ་རོབ། ཨོ་སི་ཊོ་ལི་ཡ་བཅས་ནས་ཕེབས་པའི་རྒྱ་རིགས་ཤེས་ཡོན་མི་སྣ་བཅས་ལྷན་འཛོམས་ཀྱི་ཚོགས་འདུར་ཆིབས་སྒྱུར་གྱིས་༼བོད་རྒྱ་མི་རིགས་གཉིས་ཀྱི་ཐུན་མོང་གི་གཞི་རྟེན་འཚོལ་ཐབས༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག

ཐེངས་འདི་ནི་༸གོང་ས་མཆོག་འཇར་མན་གྱི་གྲོང་ཁྱེར་ཧན་བྷེག་ནང་ཆིབས་སྒྱུར་གནང་ཐེངས་ ༥ པ་དང་། འཇར་མན་རྒྱལ་ཁབ་ནང་ཆིབས་སྒྱུར་གནང་ཐེངས་ ༣༨ པ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༣ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese