མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་ཤེས་ཡོན་སྲིད་བྱུས་ལག་ལེན་ཐོག་ཤར་སྐྱོད་བྱེད་པའི་དུས་ཚོད་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུའི་ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་མཆོག་གིས་ཚོགས་འདུ་སྔ་རྗེས་ཐོག་ཤེས་ཡོན་སྲིད་བྱུས་དེ་རང་ལག་བསྟར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་གསུངས་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ནང་མོལ་ཚོགས་འདུར་ཡང་བཀའ་གསལ་པོ་གནང་ཡོད་སྟབས། མང་ཚོགས་ཚོས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཐད་ཐེ་ཚོམ་དང་དོགས་པ་གནང་དགོས་དོན་མེད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་བཟུང་སང་ཉིན་བར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་སོགས་ཀྱི་དམིགས་བསལ་ཚོགས་འདུ་ཞེས་པ་ཞིག་སྐོང་ཚོགས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ཚེ་རིང་ལགས་གཙོས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་དྷ་ས་བོད་ཁྱིམ་ཤེས་ཡོན་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སམ་བྷོ་ཊ་དང་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༠ ཡི་སློབ་སྤྱི་དང་དགེ་ཆེ་ ༡༢ དང་། དེ་བཞིན། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ་དང་བོད་ཀྱི་ཐེབས་རྩའི་འགན་འཛིན་སྐུ་ཞབས་བྷོབ་ལགས་བཅས་འདུ་འཛོམས་གནང་སོང་།

ཚོགས་འདུའི་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་དང་། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་གནང་རྗེས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན། དེ་རིང་ཚོགས་འདུ་འདི་སྐོང་དགོས་དོན་ནི་བར་ལམ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་སྟེ། ལོ་བཅུ་ཕྲག་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད་རེད། བརྒྱུད་རིམ་འདིའི་ནང་ལ་དེ་སྔའི་ལམ་སྲོལ་ཞིག་གི་ཐོག་ནས་ལམ་སྲོལ་གསར་པ་ཞིག་གི་ཐོག་འགྲོ་དགོས་སྟབས། དེ་འདྲའི་གནས་བབ་ཐོག་ལ་ཐུབ་དང་མ་ཐུབ་དང་། ཡང་ཁ་ཤས་ཤིག་ནང་འཚམ་དང་མ་འཚམ་གྱི་གནས་སྟངས་ཀྱི་ཆ་ནས་རྩ་བའི་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་ནང་ལག་ལེན་བསྟར་དགོས་པ་ཞིག་ཆགས་ཡོད་ཀྱང་། ད་བར་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་ལྟོས་ཏེ་ལག་ལེན་བསྟར་ཐུབ་ཡོད་པ་མ་ རེད། ཐོག་མར་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱ་རྒྱུའི་བཀའ་མོལ་བྱུང་སྐབས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱས་ཏེ། མ་འོངས་པར་བོད་པའི་ན་གཞོན་ཚོའི་མདུན་ལམ་དང་ཤེས་ཡོན་གྱི་ཁ་ཕྱོགས་ཐད་ཕན་འབྲས་གང་འདྲ་ཡོད་མེད་རྟོག་ཞིབ་ཆེད་དཔེ་སྟོན་སློབ་གྲྭ་ཆེད་བཙུགས་དང་འབྲེལ། རིམ་པས་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ནང་ལག་བསྟར་གནང་ཡོད་པ་དང་། ཉེ་ལམ་ལ་དྭགས་ཁུལ་ལའང་གཞི་རིམ་འོག་མ་ནས་བཟུང་མགོ་འཛུགས་བྱས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ངོས་ནས་ཀྱང་ཟབ་སྦྱོང་མང་པོ་ཕུལ་བ་སོགས་བྱུང་ཡོད་ཀྱང་། དེ་དག་གིས་ནུས་པ་དང་གྲུབ་འབྲས་གང་ཐོན་ཡོད་མེད་ཚོགས་འདུ་འདིའི་ནང་དུས་རྒྱུན་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ལག་བསྟར་དང་འབྲེལ་མཛད་འགན་གཙོ་བོ་བཞེས་མཁན་རྣམ་པ་ཕེབས་ཡོད་སྟབས། ད་བར་ལག་བསྟར་བྱས་པའི་གྲུབ་འབྲས་དང་དཀའ་ངལ་ག་རེ་བྱུང་ཡོད་མེད་ཐོག་བཀའ་སྡུར་སྦྱང་བཤད་དང་བགྲོ་གླེང་བྱེད་རྒྱུ། དེ་བཞིན། ང་ཚོས་མ་འོངས་པར་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་གང་འདྲ་གཟིགས་ཀྱི་ཡོད་མེད་བཅས་ལ་ཕན་ཐོགས་ཡོང་ཆེད་དམིགས་བསལ་ཚོགས་འདུ་ཞེས་དམིགས་བསལ་བྱས་ཏེ་སྐོང་ཚོགས་བྱས་པ་ཞིག་ཆགས་ཡོད་སྟབས། དེ་རིང་དང་སང་ཉིན་གྱི་ཚོགས་འདུའི་སྐབས་ཚང་མས་ཆ་ཤས་ཡག་པོ་ལེན་རྒྱུ་དང་། ཚོགས་འདུ་འདི་ཚོགས་པའི་གྲུབ་དོན་ལ་མ་འོངས་པར་ང་ཚོས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་ཕྱོགས་ཐད་ནུས་པ་ཐོན་པའི་གོམ་སྟབས་ཤིག་སྤོ་དགོས་མིན་གྱི་དགོངས་འཆར་ས་ལམ་དང་ཁྱད་མེད་ཅིག་འཐོན་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་སོང་།

དེའི་རྗེས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གཏམ་བཤད་གནང་དོན། སྤྱིར་བཏང་ང་ཚོས་ཚོགས་འདུ་འདི་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ངོ་བོ་ཞིག་ལ་བརྩི་ཐུབ་ན་ལས་ཀའི་ཐོག་ལ་དམིགས་མེད་དམིགས་སྐྱོང་ཡོང་རྒྱུར་ཁེ་ཕན་ཡོང་གི་རེད་བསམ་པ་ཞིག་འདུག ཤེས་ཡོན་སྲིད་བྱུས་འདི་ ༢༠༠༤ ལོའི་ཟླ་ ༩ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་གཏན་ལ་ཕབ་པ་དང་འབྲེལ། ༢༠༠༥ ལོའི་ཟླ་ ༡༠ ནང་དཔེ་སྟོན་སློབ་གྲྭ་གསར་དུ་མགོ་འཛུགས་བྱས་ཏེ། ཕལ་ཆེར་བདུན་ཕྲག་གཅིག་མ་གཏོགས་ལོ་ ༡༠ འཁོར་གྱི་ཡོད་པ་རེད། ངས་དེ་ལྟ་བུའི་གཞུང་འབྲེལ་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་ཞིག་བཀའ་ཤག་གིས་ཟིན་བྲིས་བཀོད་པ་དང་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་དེ། རླབས་ཆེན་གྱི་བྱ་བཞག་ཅིག་རེད་བསམ་གྱི་འདུག ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་འདིས་མ་འོངས་པར་ང་ཚོའི་ཤེས་ཡོན་གྱི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གསལ་པོ་ཞིག་བཞག་ཡོད་པར་བརྟེན། དེའི་ཐོག་ལ་ལག་བསྟར་གནང་མཁན་བཀའ་ཤག་སྐབས་ ༡༢ དང་ ༡༣། ༡༤ བཅས་ཀྱིས་འགྱུར་བ་ཞིག་ཕྱིན་ཡོད་སྟབས། མང་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་དང་། ལངས་ཕྱོགས་ཐོག་ལ་ག་རེ་ཆགས་ཀྱི་ཡོད་མེད་ཐད་དོགས་པ་རྣམ་རྟོག་ཡོང་སྲིད་པ་ཞིག་ཡིན་སྟབས། སྲིད་སྐྱོང་མཆོག་གིས་ཚོགས་འདུ་སྔ་རྗེས་ཐོག་བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་སྲིད་བྱུས་དེ་རང་ལག་བསྟར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་གསུངས་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ནང་མོལ་ཚོགས་འདུ་ལའང་བཀའ་གསལ་པོ་གནང་ཡོད་སྟབས། མང་ཚོགས་ཚོས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཐད་ཐེ་ཚོམ་དང་དོགས་པ་གནང་དགོས་དོན་གང་ཡང་ཆགས་མེད། ཅེས་བརྗོད་སོང་།

ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ཀྱི་རྒྱུད་རིམ་ཐད་ཁོང་གིས། སྤྱིར་བཏང་ལས་འཆར་གང་ཡིན་ཡང་གནས་སྐབས་གསུམ་འདྲ་པོ་ཞིག་ཆགས་ཀྱི་ཡོད། དང་པོ། མགོ་འཛུགས་ཀྱི་གནས་སྐབས་དང་། གཉིས་པ། ལག་ལེན་གྱི་གནས་སྐབས། གསུམ་པ། འབྲས་བུའི་གནས་སྐབས་བཅས་རེད། དང་པོ་མགོ་འཛུགས་ཀྱི་གནས་སྐབས་དེ། ༢༠༠༤ ནས་མགོ་འཛུགས་ཏེ་ ༢༠༠༥ ལོར་སློབ་གྲྭ་དངོས་སུ་མགོ་འཛུགས་བྱས་ཡོད། སྐབས་དེར་ཕྱི་ལོགས་དང་མང་ཚོགས། ཁོར་ཡུག་བཅས་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་བྱེད་དགོས་པ་ཆགས་ཀྱི་ཡོད་སྟབས། ཤེས་ཡོན་སྲིད་བྱུས་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་སློབ་གྲྭ་མགོ་འཛུགས་བྱ་རྒྱུ། དགེ་སློབ་གྲ་སྒྲིག་བྱ་རྒྱུ་བཅས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབ་དགོས་པ་ཆགས་ ཡོད། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ་སྐབས་ཕ་མར་འགྲེལ་བཤད་དང་དགེ་རྒན་ལ་ཟབ་སྦྱོང་། སློབ་མར་ངོ་སྤྲོད་གནང་དགོས་པ་བཅས་ལོ་ ༥ ཙམ་རིང་ཕྱི་ཕྱོགས་ཀྱི་ལས་དོན་ཁག་བསྒྲུབ་དགོས་པ་ཞིག་ཆགས་ཀྱི་ཡོད། གཉིས་པ། ལག་ལེན་གྱི་གནས་སྐབས་དེ་འཁེལ་གྱི་ཡོད་པ་རེད། ད་ལྟ་ང་ཚོས་ལག་ལེན་གྱི་གནས་སྐབས་ཐོག་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག ལག་ལེན་གྱི་གནས་སྐབས་ནང་ཕྱི་ལོགས་སུ་བརྡིར་སྒྲ་དེ་འདྲ་སླེབས་ཀྱི་མེད་ཀྱང་། སློབ་གྲྭ་དང་དགེ་རྒན། འཛིན་སྐྱོང་བཅས་སུ་ནང་ཁུལ་གྱི་ལས་དོན་མང་པོ་ཞིག་བསླེབ་ཀྱི་ཡོད་སྟབས། ཕྱི་ལོགས་ཀྱི་མང་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་མའི་བརྡིར་སྒྲ་དེ་འདྲ་མེད་པར་བརྟེན། ཤེས་ཡོན་སྲིད་བྱུས་དེ་ཏག་ཏག་ལག་ལེན་བསྟར་གྱི་ཡོད་མེད་དགོངས་ཚུལ་ཡོང་གི་ཡོད་ཚེ། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་སྲིད་བྱུས་འདི་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་གཙོས་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་ལག་བསྟར་དེ་ལྟར་གནང་གི་ཡོད།

དེ་ནས་ལོ་ ༥ ནས་ ༧ བར་དེ་འབྲས་བུའི་གནས་སྐབས་ཆགས་ཀྱི་ཡོད་པ་རེད། དེའི་སྐབས་སུ་གང་འདྲ་ཆགས་ཡོད་མེད་ཐོན་ཡོང་གི་ཡོད་སྟབས། ད་ལོའི་ལོ་མགོར་དཔེ་སྟོན་སློབ་གྲྭ་ནས་འཛིན་རིམ་ ༡༠ པ་ཐོན་ཏེ། དམིགས་བསལ་མཛད་སྒོ་ཞིག་ཀྱང་ཚོགས་པ་རེད། དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མ་དེ་ཚོ་དངོས་གནས་བོད་ཡིག་ཐོག་ལ་ཡག་པོ་ཡོད་པ་ཞིག་ང་ཚོ་སུས་བལྟས་ཀྱང་ངོས་ལེན་མ་བྱེད་ཀ་མེད་རེད། ང་ཚོ་ལག་ལེན་ཐོག་ལ་འགྲོ་དགོས་དུས་འཛིན་གྲྭ་ ༡༠ པའི་ཡིག་ཚད་གཏོང་སྐབས་དབྱིན་ཡིག་སོགས་སྐད་ཡིག་གཞན་ནང་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོ་རྩེ་ཕུད་ལ་སླེབས་ཀྱི་མེད་ཀྱང་། མཇུག་ཏུའང་ལྷགས་ཀྱི་མེད་སྟབས། ལྕི་ཡང་ཞིག་བཀྱགས་པ་ཡིན་ན། བོད་ཡིག་ཡག་པོ་ཡོད་པ་ཐག་ཆོད་པ་ཞིག་ཆགས་ཡོད་པར་བརྟེན། དེ་གཉིས་ཀྱི་བར་མཚམས་ལ་གཞིགས་ཏེ་དབྱིན་ཡིག་ཞན་པ་ཡོད་ཀྱང་མ་འགྲིག་པ་གང་ཡང་མི་འདུག་བསམ་པ་ཞིག་འདུག་ཀྱང་། ང་ཚོས་དགོངས་པ་བཞེས་དགོས་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༨ ནང་ལ་འཛིན་རིམ་ ༡༠ ཐོན་སྐབས་སྐད་ཡིག་གཉིས་པ་དེ་བྱང་ཆུབ་པ་ཞིག་དགོས་སྐོར་གསལ་ཡོད་སྟབས། ང་ཚོས་ལག་ལེན་བསྟར་སྐབས་འཛིན་རིམ་ ༤ པ་ནས་ ༡༠ བར་གྱི་ལོ་ ༦ ནང་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་ཀྱི་ཁྱད་ཆོས་འདྲ་པོ་དེ་གང་ལྟར་༧གོང་ས་མཆོག་གི་དགོངས་གཞི་ལྟར་འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་ཅེས་པའི་དོན་སྙིང་དེ་ཆ་ཚང་ འདིའི་ནང་བསྡུས་ཡོད་སྟབས། ཐོག་མར་སྐད་ཡིག་གཉིས་པ་སློབ་རྒྱུའི་སློབ་གཞི་དེ་འཛིན་རིམ་ ༤ པ་ནས་སློབ་བཞིན་ཡོད་ཀྱང་། འཛིན་རིམ་ ༡༠ པར་སླེབ་སྐབས་སྐད་ཡིག་གཉིས་པའི་ཐོག་ལ་བྱང་ཆུབ་པ་ཞིག་དགོས་སྐོར་གསུངས་ཡོད་ པར་བརྟེན། ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ཤེས་ཡོན་སྲིད་བྱུས་ཐོག་འགྲོ་གྲོན་གང་བཏང་ཡོད་མེད་ཐད་ཁོང་གིས། ༢༠༡༡ ལོའི་ཟླ་ ༤ ཚེས་ ༡ ནས་ ༢༠༡༤ ལོའི་ཟླ་ ༣ ཚེས་ ༣༡ བར་གྱི་བཀའ་ཤག་སྐབས་ ༡༤ པའི་དུས་ཡུན་རིང་། ཤེས་རིག་ལས་ཁུངས་ངོས་ནས་སམ་བྷོ་ཊའི་དབུས་དང་ཁྱབ་ཁོངས་སློབ་གྲྭ་ཁག་ལ་འགྲོ་གྲོན་ཧིན་སྒོར་ ༢༥༡༥༤༧༢༢༥ དང་། འབུམ་ཐར་གྱི་དགེ་རྒྱན་འོས་སྦྱོང་ཆེད་སྒོར་ ༤༡༡༩༧༦༡༩། འབུམ་ཐར་སློབ་གཉེར་ཁང་ནང་ཚན་རིག་བརྟག་དཔྱད་ཁང་ཁ་ཤས་དང་ཚོགས་ཁང་ཞིག་གསར་རྒྱག་བྱེད་བཞིན་ཡོད་པར་སྒོར་ ༡༤༥༦༠༤༤༣། ད་བར་གྱི་ཟབ་སྦྱོང་དང་དགེ་རྒན་འོས་སྦྱོང་། ཉམས་གསོག་ཆེད་སྒོར་ ༧༠༨༣༩༤༧། རིགས་ལམ་འདུ་འཛོམས་ཆེད་སྒོར་ ༩༤༠༠༨༢༡། ཤེས་ཡོན་ལྷན་ཚོགས་ཀྱི་སྤྱིར་བཏང་འགྲོ་གྲོན་ཆེད་སྒོར་ ༡༠༣༦༡༦༤༣། དེ་བཞིན། ཚན་རིག་དང་དབྱིན་ཡིག ཟློས་གར་དགེ་རྒན་གྱི་འོས་སྦྱོང་དང་ཟབ་སྦྱོང་བཅས་ལས་འཆར་ཁག་ཐོག་ཁྱོན་ ༣༢༥༦༧༣༦༩༨ ཀྱི་འགྲོ་སོང་བཏང་ཡོད། ཅེས་བརྗོད་ངོ་སྤྲོད་གནང་སོང་།

དེ་བཞིན་ཁོང་གིས་ཚོགས་ཐོག་ཏུ་དགོངས་པ་བཞེས་དགོས་པ་གང་ཆགས་ཡོད་མེད་ཐད། ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དོན་ཚན་ ༡༥ ནང་ནས་གོང་གི་དོན་ཚན་ ༥ དང་དོན་ཚན་ ༡༤ པ་བར་བརྒལ་གྱི་ཆ་རྐྱེན་དང་། ༡༥ པ་སྒྲིག་གཞི་བསྐྱར་བཅོས་ཀྱི་དོན་ཚན་ཕུད་དེ་བྱིངས་ཀྱི་དོན་ཚན་ ༨ ལ་ལག་ལེན་དངོས་གཞི་བསྟར་སྐབས། ང་ཚོས་ད་བར་ལག་ལེན་ག་ཚོད་བསྟར་ཡོད་མེད་དང་། མ་འོངས་པར་ག་རེ་བསྟར་དགོས་པ་དང་གསར་བཟོ་ག་རེ་གནང་དགོས་མིན་ཐད་བཀའ་སྡུར་གནང་དགོས་པ་ཆགས་ཡོད། ལྷག་པར་དུ་ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག སམ་བྷོ་ཊ་དང་བོད་ཁྱིམ་ཨ་མ་བཅས་སོ་སོས་ག་རེ་བྱེད་དགོས་མིན་བཀའ་བསྡུར་གནང་སྟེ་ང་ཚོར་ལམ་སྟོན་གནང་ཐུབ་པ་ཞིག་དང་། དེ་བཞིན། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་གཉིས་བརྒྱུད་ནས་ཁྲིད་སྐབས་ཀྱི་ལྟ་གྲུབ་དང་ལག་བསྟར་གནང་ཕྱོགས་ཐད་གོ་བསྡུར་སྦྱང་བཤད་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

དེ་རིང་ཉིན་རྒྱབ་སློབ་གྲྭ་སོ་སོའི་ནང་ད་བར་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་སྟངས་སྙན་ཐོ་སྙན་སྒྲོན་གནང་རྗེས། ཚོགས་ཆུང་ཆ་བགོས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་དཀའ་ངལ་སེལ་ ཐབས་དང་ལག་བསྟར་མདུན་བསྐྱོད་དང་ཚགས་ཚུད་ཡོང་ཐབས། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་གཉིས་བརྒྱུད་ནས་ཁྲིད་སྐབས་ཀྱི་ལྟ་གྲུབ་དང་ལག་བསྟར་གནང་ཕྱོགས་བཅས་ལ་གོ་བསྡུར། སང་ཉིན་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་གོ་བསྡུར་གནང་རྗེས། ཁྱོན་ཡོངས་ཀྱི་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་ཐད་བཀའ་མོལ་དང་འབྲེལ་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༤ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༤ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 6

  1. བློ་སྤེན། says:
    ལོ་ 12 སྔོན།

    བཀའ་ཤག་སྐབས་༡༤ཤེ་ཡོན་སྲིད་ཇུས་སྐོར་ཚོགས་འདུ་བསྡུས་པ་འདིས་འཁྲབ་སྟོན་ཙམ་ཡིན་པ་ཤེས་གསལ་རེད།དཔལ་ལྡན་སྲིད་སྐྱོང་མཆོག་ཤེས་རིག་བཀའ་བློན་གྱི་མཚན་ཡོད་ཀྱང་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་ཐེངས་གཉིས་ཙམ་རེད།ལོ་སྔོན་མ་དྷ་སྟེང་བོད་ཁྱིམ་དབུ་བརྙེད་སྐབས་ཤེས་ཡོན་སྲིད་ཇུས་སྐོར་ཟུར་ཙམ་ཡང་ལབ་ཐུབ་མེད་པ་དེས་ཤེས་ཡོན་སྲིད་ཇུས་ལག་བསྟར་དང་དར་སྤེལ་གཏོང་འདོད་མེད་པའི་རྣམ་འབྱོར་དང་འཆར་གཞི་རེད།ལྷག་དོན་སྲིད་སྐྱོང་མཆོག་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་གནས་ཡོད་དུས་གལ་སྲིད་ཤེས་ཡོན་སྲིད་ཇུས་འདི་གལ་ཆེ་མཐོང་གི་ཡོད་ན་བོད་ཀྱི་སློབ་གྲྭ་ཁག་ལ་ལག་བསྟར་རན་ཚོད་ཡིན།་ང་ཚོ་གཞན་དབང་སྟབས་བསྟུན་འོག་ཐུགས་ཁག་ཡོད་པ་མ་རེད།གལ་ཆེ་དོན་ཆེན་ཞིག་ལ་༸གོང་ས་མཆོག་གིས་སྲིད་ཇུས་འདི་ལ་ཇི་ཙམ་རྒྱབ་སྐྱོར་ཡོད་མེད་གསལ་ཁ་མེད་པ་ཞིག་རེད།་བོད་ཁྱིམ་སློབ་གྲྭ་དང་ཨ་མ་རྗེ་བཙུན་པདྨ་ལ་གདེང་ཚོད་དང་སྤོབས་པ་ཆེན་པོས་ལག་བསྟར་མི་བྱེད་པ་དེ་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་ངེས་རེད།

    Reply
  2. དོན་ཡོད། says:
    ལོ་ 12 སྔོན།

    ༼༼ ད་ལོའི་ལོ་མགོར་དཔེ་སྟོན་སློབ་གྲྭ་ནས་འཛིན་རིམ་ ༡༠ པ་ཐོན་ཏེ། དམིགས་བསལ་མཛད་སྒོ་ཞིག་ཀྱང་ཚོགས་པ་རེད། དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མ་དེ་ཚོ་དངོས་གནས་བོད་ཡིག་ཐོག་ལ་ཡག་པོ་ཡོད་པ་ཞིག་ང་ཚོ་སུས་བལྟས་ཀྱང་ངོས་ལེན་མ་བྱེད་ཀ་མེད་རེད། ང་ཚོ་ལག་ལེན་ཐོག་ལ་འགྲོ་དགོས་དུས་འཛིན་གྲྭ་ ༡༠ པའི་ཡིག་ཚད་གཏོང་སྐབས་དབྱིན་ཡིག་སོགས་སྐད་ཡིག་གཞན་ནང་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོ་རྩེ་ཕུད་ལ་སླེབས་ཀྱི་མེད་ཀྱང་། མཇུག་ཏུའང་ལྷགས་ཀྱི་མེད་སྟབས། ལྕི་ཡང་ཞིག་བཀྱགས་པ་ཡིན་ན། བོད་ཡིག་ཡག་པོ་ཡོད་པ་ཐག་ཆོད་པ་ཞིག་ཆགས་ཡོད་པར་བརྟེན། དེ་གཉིས་ཀྱི་བར་མཚམས་ལ་གཞིགས་ཏེ་དབྱིན་ཡིག་ཞན་པ་ཡོད་ཀྱང་མ་འགྲིག་པ་གང་ཡང་མི་འདུག་བསམ་པ་ཞིག་འདུག་ཀྱང་། ང་ཚོས་དགོངས་པ་བཞེས་དགོས་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༨ ནང་ལ་འཛིན་རིམ་ ༡༠ ཐོན་སྐབས་སྐད་ཡིག་གཉིས་པ་དེ་བྱང་ཆུབ་པ་ཞིག་དགོས་སྐོར་གསལ་ཡོད་སྟབས། ང་ཚོས་ལག་ལེན་བསྟར་སྐབས་འཛིན་རིམ་ ༤ པ་ནས་ ༡༠ བར་གྱི་ལོ་ ༦ ནང་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་ཀྱི་ཁྱད་ཆོས་འདྲ་པོ་དེ་གང་ལྟར་༧གོང་ས་མཆོག་གི་དགོངས་གཞི་ལྟར་འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་ཅེས་པའི་དོན་སྙིང་དེ་ཆ་ཚང་ འདིའི་ནང་བསྡུས་ཡོད་སྟབས། ཐོག་མར་སྐད་ཡིག་གཉིས་པ་སློབ་རྒྱུའི་སློབ་གཞི་དེ་འཛིན་རིམ་ ༤ པ་ནས་སློབ་བཞིན་ཡོད་ཀྱང་། འཛིན་རིམ་ ༡༠ པར་སླེབ་སྐབས་སྐད་ཡིག་གཉིས་པའི་ཐོག་ལ་བྱང་ཆུབ་པ་ཞིག་དགོས་སྐོར་གསུངས་ཡོད་ པར་བརྟེན། ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག ༽༽
    བཀའ་མོལ་གནང་སྟངས་འདི་ཡག་པོ་ཞིག་མ་རེད། འདིའི་ནང་དོན་དག་མང་པོ་ཞིག་བསྟན་འདུག་ལ། ཟུར་དུ་ཤེས་ཡོན་སྲིད་བྱུས་གསར་པའི་སྐྱོན་གནས་ཤིག་ཀྱང་མངོན་ཆུང་གི་ཚུལ་དུ་བརྗོད་གང་ཐུབ་བྱས་འདུག

    Reply
  3. ཤག་སྒང་པ། says:
    ལོ་ 12 སྔོན།

    བོད་ཁྱིམ་ནས་ལ་དྭགས་བྱང་ཐང་ཧན་ལེར་ཤེས་ཡོན་སྲིད་བྱུས་འགོ་ཚུགས་བྱས་པ་པ་ནི། དོན་དུ་ཤེས་ཡོན་སྲིད་བྱུས་ལ་མོས་མཐུན་མེད་ཀྱང་ཁས་ལེན་ཡོད་མདོག་གི་རྣམ་འགྱུར་བསྟན་པ་ཙམ་རེད།

    ཕྱིའི་ཁོར་ཡུག་ཙམ་ལས་ཤེས་ཡོན་གྱི་མཐུན་རྐྱེན་ཀ་ཡིག་ཙམ་ཡང་མེད་ས་འབྲོག་པའི་ས་ཁུལ་སྐྱོ་ཤོས་ཤིག་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚུགས་པ་ནི། མོས་མཐུན་གནང་མཁན་གྱི་བོད་ཁྱིམ་དང་ཁས་ལེན་ཞུ་མཁན་གྱི་ཤེས་རིག་གཉིས་ཀ་དོན་མེད་རེད།

    དངོས་གནས་བོད་ཁྱིམ་ནས་ཁ་ཞེ་གཉིས་མེད་ཀྱིས་ཤེས་ཡོན་སྲིད་བྱུས་ལ་མོས་མཐུན་ཚོད་ལྟའམ་རྟག་དཔྱད་གནང་འདོད་ཡོད་ན། སྡེ་ཚན་འདི་ཤེས་ཡོན་གྱི་མཐུན་རྐྱེན་ཆ་ཚང་འཛོམས་ས་བོད་ཁྱིམ་སེ་ལ་ཁུལ་དུ་གསར་རྒྱག་མི་བྱེད་པའི་རྒྱུ་མཚན་གང་རེད།

    དེས་ན། བོད་ཁྱིམ་དང་ཤེས་རིག་གཉིས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་གྱི་བསྟི་གནས་ཨ་མ་གཉིས་དེ་ཡིན་པས་དེ་གཉིས་དབར་དོན་དམ་གྱི་ཁས་ལེན་ཞིག་དང་། དོན་དངོས་ཀྱི་ལག་ལེན་ལ་རུང་བའི་བཀའ་མོལ་ཞིག་གནང་དགོས་པ་ནི་ཛ་དྲག་ཏུ་སླེབས་ཡོད་པ་རེད།

    ཡང་ན། བོད་ཁྱིམ་ནས་ཤེས་ཡོན་སྲིད་བྱུས་རྩ་ནས་མོས་མཐུན་མེད་གསུངས་ཀྱང་དེ་ནི་ཧ་ཅང་འོས་ཤིང་ཕན་ཐོགས་ཆེ་བ་རེད།

    Reply
  4. རི་བོང། says:
    ལོ་ 12 སྔོན།

    བཀྲ་རྣམ་ལགས་ཀྱིས་གསུངས་པ་བདེན་གི་དེ་འདྲ་ཞིག་དགོས་ངེས་རེད།

    Reply
  5. བསྟན་པ། says:
    ལོ་ 12 སྔོན།

    སྤྱིར་ནས་བོད་མི་ཚོའི་ཤེས་ཡོན་ལ་དོ་འཁུར་དེ་ཙམ་མེད་པ་དང་། ལྷག་པར་དུ་གཞུང་དང་དགེ་རྒན་དང་ཕ་མ་རྣམས་ཀྱིས་ཕྲུ་གུ་སློབ་གྲྭ་ལ་བཏང་རྒྱུ་དེ་ནི་མ་འོངས་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཙམ་གྱི་རེ་བ་ཞིག་ལས་མ་འདས་པས། གཞུང་ཕྱོགས་ནས་ཀྱང་མི་མང་ངོ་གསོ་ཐུབ་ཙམ་གྱི་སྲིད་བྱུས་བཟུང་ནས་ང་ཚོའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རེད། དེ་འདྲ་སོང་ཙང་ད་ལྟའི་བཀའ་ཤག་ ༡༤ པར་རང་གི་ཤེས་ཡོན་གྱི་སྲིད་བྱུས་གསར་པ་ཞིག་སྟོན་རྒྱུ་མེད། མདོར་ན་དེ་ནི་བཀའ་ཁྲི་ཟུར་པ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་དེ་ལས་རྟོགས་ཐུབ། དེ་སྔའི་བཀའ་ཤག་གི་སྲིད་བྱུས་ལ་ཁ་ངོ་ནས་གལ་ཆེ་ལུགས་ལས་དོན་དངོས་སུ་རྒྱ་སྐྱེད་གང་ཡང་བྱུང་སོང་བསམ་གྱི་མེད། གཞུང་ཕྱོགས་ནས་སེམས་གཏིང་གི་ཤེས་ཡོན་སྲིད་བྱུས་ལ་དགའ་ཞེན་མེད་ན་འཛིན་གྲྭ་བཅུ་པའི་ཨང་གི་དང་དབྱིན་སྐད་འཕེར་མ་འཕེར་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་མ་རེད། ལྷག་པར་རྒྱ་གཞུང་སློབ་གྲ་ཁག་རང་ཁོངས་སུ་སླེབས་སྐབས་ཤེས་ཡོན་སྲིད་བྱུས་ལག་བསྟར་རྒྱ་སྐྱེད་དགོས་པ་རེད། དེ་མིན་ན་དཔེ་སྟོན་སློབ་མ་དེ་ཚོ་ཕོ་རོག་དཀར་པ་ནང་བཞིན་ལྷག་བསྡད་ཀྱི་རེད། མ་གཞི་ནས་བོད་སློབ་ཅི་ཡང་མེད་ས་གཅིག་ལ་དགེ་རྒན་འོས་སྦྱོང་སློབ་གྲྭ་བཙུགས་དགོས་དོན་གང་རེད། དགེ་རྒན་འོས་སྦྱོང་གི་ཉམས་མྱོང་ནང་སློབ་གྲྭར་དངོས་སུ་ཕྱིན་ནས་སློབ་ཁྲིད་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད།

    Reply
  6. བཀྲ་རྣམ། says:
    ལོ་ 12 སྔོན།

    བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚུལ་བཞིན་བྱེད་ཀྱི་ཡོད་མེད་ཀྱི་དོགས་གཞིའི་འོག་སྐད་རྒྱག་གི་ཡོད་པ་འགོག་ཐབས་སུ་ཚོགས་འདུ་འདྲ་མིན་ཚོགས། ལས་བསྡོམས་འདྲ་མིན་སྐྱོར་ནས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དཔེ་སྟོན་སློབ་གྲྭ་དང་ལ་དྭགས་བྱང་ཐང་གི་སློབ་གྲྭ་དེ་ཚོ་སྐྱོར་བསྡད་ནས་ཉི་མ་འཁྱོལ་གི་མ་རེད། དོན་དག་རྡོག་རྡོག་དེ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ག་ཚོད་ཀྱི་སློབ་ཕྲུག་ཅི་ཙམ་ལ་ལག་བསྟར་བྱེད་ཀྱི་ཡོད་མེད་དང་། རྡ་སྟེང་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཡོངས་རྫོགས་ནང་ལག་བསྟར་ཐུབ་ཡོད་མེད། སྔོན་འགྲོ་དང་པོ་ནས་འཛིན་རིམ་ག་ཚོད་བར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་ལག་བསྟར་བྱེད་ཀྱི་ཡོད་མེད། སློབ་ཚན་ག་ཚོད་ཅིག་བོད་བསྒྱུར་ཞུས་ཡོད་མེད་དང་། སློབ་ཚན་དང་སློབ་ཕྲུག་གི་འཛིན་རིམ་ལ་དཔག་པའི་དགེ་རྒན་ག་ཚོད་ཅིག་གྲ་སྒྲིག་ཡོད་མེད་ཀྱི་ཐོ་གཞུང་འདི་ཡིན་ཞེས་མང་ཚོགས་ལ་གསལ་གསལ་ཐང་ཐང་གིས་བཀྲམས་ཐུབ་པ་ཡིན་ན། ད་གཟོད་མང་ཚོགས་དང་བཀའ་ཤག་གི་བར་དང་། མང་ཚོགས་དང་ཤེས་རིག་ལས་ཁུངས་བར་ཁ་མ་གསལ་བ་དང་ནམ་མ་ལངས་པའི་གནས་ཚུལ་གང་ཡང་ཡོད་པ་མ་རེད། བཀའ་ཤག་གིས་བཙུར་ནས་ལས་བསྡོམས་བསྐྱོར་དགོས་པ་དང་། སྲིད་སྐྱོང་དང་དྲུང་ཆོས་ཚོས་ཨུ་ཚུགས་ཀྱིས་མང་ཚོགས་ལ་ཁས་ལེན་བྱེད་དགོས་པ་གང་ཡང་ཡོད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese