མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་ཕྱིན་ཡང་སྲིད་སྐྱོང་སྡོད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇར་མན་ཁུལ་གྱི་བོད་མི་ཚོར་གསུང་བཤད་གནང་སྟེ། དབུ་མའི་ལམ་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་འཐོབ་བཞིན་ཡོད་པ་ལྟར། འཐབ་རྩོད་ཀྱི་ལྟེ་གནས་བོད་མིའི་སྒྲིག་འཛུགས་ལ་ཚང་མས་བརྩི་བཀུར་ཞུ་དགོས་པ་དང་། རང་བཙན་བརྩད་དེ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་གར་ནག་བར་གྱི་ཆིངས་ཡིག་(Panchsheel)སོགས་ལ་འགལ་ན་བོད་མིའི་སྒྲིག་འཛུགས་ལ་གནོན་ཤུགས་དང་དཀའ་ངལ་འཕྲད་སྲིད་སྐོར་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གིས་མི་མང་ལ་འཚམས་འདྲི་དང་འབྲེལ་ནས་གསུངས་དོན། སྤྱིར་བཏང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་དེང་སྐབས་ང་ཚོའི་འཐབ་རྩོད་ལ་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེན་པོའི་རྒྱབ་སྐྱོར་འཐོབ་བཞིན་ཡོད། དེར་བརྟེན་བོད་མི་ཚོའི་ངོས་ནས་འཐབ་རྩོད་ཀྱི་བསྟི་གནས་སུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན། དེང་སྐབས་ང་ཚོའི་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་དང་བོད་མིའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་རྒྱབ་སྐྱོར་བྱེད་མུས་དེ་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད།

སྲིད་བྱུས་འདི་རྒྱལ་སྤྱིའི་ཁྲིམས་དང་། ལྷག་པར་རྒྱ་དཀར་ནག་གཉིས་དབར་བཞག་པའི་(Panchsheel)ཆིངས་ཡིག་གི་འབྲུ་དོན་དང་འགལ་ཟླ་ཆགས་ཀྱི་མེད།(Panchsheel)ཆིངས་ཡིག་གི་ནང་དོན་ཚན་ལྔ་ཡོད་པའི་ནང་། རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་དང་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་མིན་པ་དང་། རྒྱལ་ཁབ་གཉིས་འཆམ་མཐུན་གྱི་སྒོ་ནས་གནས་རྒྱུ། རྒྱལ་ཁབ་གཉིས་ཕན་ཚུན་ཐེ་བྱུས་བྱེད་རྒྱུ་མིན་པ། ཕན་ཚུན་དམག་འཐབ་བྱེད་རྒྱུ་མིན་པ་ཞེས་སོགས་ཡོད། རྒྱ་ནག་གཞུང་གིས་ཆིངས་ཡིག་འདི་བོད་ལ་དམིགས་ཏེ་བཞག་པ་ཞིག་ཡིན། རྒྱ་གར་ལུང་པ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་རང་བཙན་རྩོད་པ་དང་རྒྱ་ནག་གི་བདག་དབང་ལ་ཐེ་བྱུས་བྱས་ན། (Panchsheel)ཆིངས་ཡིག་དང་འགལ་ཟླ་ཕྱིན་ཚེ་བོད་མིའི་སྒྲིག་འཛུགས་ཐོག་གནོན་ཤུགས་རང་བཞིན་གྱིས་ཡོང་གི་རེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་གསེས་བཞི་པའི་ནང་། རྒྱལ་ཁབ་ཀྱི་བདག་དབང་དང་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མིན་ཞེས་ཧ་ཅང་གསལ་པོ་བཤད་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ངོས་ནས་ཁ་བྲལ་གཏོང་རྒྱུའི་སྲིད་བྱུས་བཟུང་ཚེ་རྒྱ་གར་གྱིས་རྒྱ་ནག་དང་མཉམ་(Panchsheel)ཆིངས་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་བཞག་པ་དེར་འགལ་ཟླ་འགྲོ་གི་ཡོད། དེ་ལྟར་བྱས་ཚེ་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་དེ་བོད་མིའི་སྒྲིག་འཛུགས་ལ་ དཀའ་ངལ་འཕྲད་ཀྱི་རེད་དམ་མ་རེད། དེར་བརྟེན། བོད་མིའི་སྒྲིག་འཛུགས་གནས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

རྒྱལ་རབས་ལོ་རྒྱུས་ནང་རྩ་དོན་རྩོད་མཁན་སྐྱབས་བཅོལ་སྒྲིག་འཛུགས་ང་ཚོ་དང་པོ་མིན་ལ་མཐའ་མ་ཡང་མིན། འོན་ཀྱང་རྩ་དོན་རྩོད་རྒྱུའི་སྒྲིག་འཛུགས་ག་ཚོད་གནས་ཐུབ་ན་རྩ་དོན་རྩོད་རྒྱུར་རེ་བ་དང་གཞི་ཡོད། རྩ་དོན་རྩོད་རྒྱུའི་བསྟི་གནས་མེད་པའི་ཉིན་མོར་རང་བཞིན་གྱིས་འབོ་ལུག་པ་དང་ཐོར་བཤིག་འགྲོ་གི་རེད། མི་གཅིག་དང་ཚོགས་པས་ལས་ཀ་བྱེད་ཐུབ་ཀྱི་མ་རེད། མི་རབས་ནས་མི་རབས་དཀའ་ལས་བརྒྱབ་སྟེ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་བཙུགས་པ་འདི་བསྟི་གནས་ཆགས་ཡོད། བོད་མིའི་སྒྲིག་འཛུགས་འདི་ཡོད་པར་བརྟེན་བོད་མིའི་རྩ་དོན་རྩོད་ནས་འགྲོ་བཞིན་ཡོད།

རྣམ་པ་ཚོ་དེ་རིང་འདིར་བློ་བཟང་སེང་གེར་ཤོད་རྒྱུ་གང་ཡོད་མེད་ལྟ་རུ་བསླེབས་མེད། བློ་བཟང་སེང་གེ་མི་དཀྱུས་མ་ཞིག་རེད། དེ་རིང་འདིར་འགན་འཁྱེར་ཡོད། སང་ཉིན་མི་དཀྱུས་མ་བྱས་ནས་འགྲོ་རྒྱུ་རེད་མ་གཏོགས་འདིར་གཏན་འཇགས་བྱས་ནས་སྡོད་རྒྱུ་མེད། འོན་ཀྱང་སྲིད་སྐྱོང་འདི་གཏན་འཇགས་གནས་དགོས་ཀྱི་ཡོད། དེ་གནས་པར་མི་མང་གིས་རྒྱབ་སྐྱོར་དགོས་ཀྱི་ཡོད། ཕྱི་ལོ་ ༢༠༢༠ རྗེས་ང་ཚོར་འགན་ཆེ་རུ་འགྲོ་གི་ཡོད་པ་བཞིན་ང་ཚོའི་ངོས་ནས་འབད་བརྩོན་དེ་ལས་ལྷག་པ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལྷོད་གཡེང་བྱས་ནས་སྡོད་རྒྱུ་མེད། མི་ཐོག་རྒན་པ་ཚོས་ད་བར་སྐུ་ལས་བསྐྱོན་ཏེ་བོད་མིའི་སྒྲིག་འཛུགས་དང་། སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། དགོན་སྡེ་ཁག བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་གནས་ཡོད་པ་དེ་མུ་མཐུད་ནས་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་འགན་ཆ་ཚང་ང་ཚོར་ཡོད་པ་དེ་ཐུགས་ལ་བཞག་དགོས། ཅེས་སོགས་ཀྱི་གསུང་བཤད་གནང་འདུག

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 4

  1. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    རྒྱ་དཀར་ནག་ཆིངས་ཡིག་དང་འགལ་ཆོག་པ་དང་བོད་པ་འགལ་མི་ཆོག་པ་ཞིག་བཟོས་འདུག་གམ་་་་་བློ་སེང་འདིས་ད་ཅི་ཡང་ཡོང་གི་མི་འདུག་་་་སྐྱབས་མགོན་རིན་པོ་ཆེའི་སྐུ་སྲུང་ལ་བཞག་ན་ཏག་ཏག་རེད་་་་ནམ་རྒྱུན་སྐུ་རྗེས་དེད་ནས་འགྲོ་གི་འདུག་་་་་

    Reply
  2. ལྗང་གཞོན། says:
    ལོ་ 12 སྔོན།

    དངོས་གནས་རྩ་དོན་ཟེར་བ་ཞིག་མི་འདུག ད་དུང་རྒྱ་དཀར་ནག་དང་རྒྱལ་སྤྱིའི་ཆིངས་ཡིག་དང་ཁྲིམས་དོན་འདྲ་ཞིག་བཤད་ཁུལ་གྱིས་རང་མིའི་མགོ་རང་གིས་གནོན་ཐབས་བྱེད་ཀྱིན་པ་འདི་རེད།

    དང་པོ། རྒྱ་དཀར་ནག་གི་ཆིངས་ཡིག་Panchsheel གི་འབྲི་དོན་ལྟར་ལག་བསྟར་མ་བྱས་པ་དང་། རྡོག་རོལ་གཏོང་མཁན་རྒྱ་དཀར་ནག་གཉིས་ཡིན་པ་ལས་བོད་པ་ཚོ་མ་རེད།

    གཉིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་གསེས་བཞི་པའི་ནང་། རྒྱལ་ཁབ་ཀྱི་བདག་དབང་དང་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མིན་ཞེས་ཧ་ཅང་གསལ་པོ་བཤད་ཡོད་ཟེར། གཅིག་ནས་བོད་འདི་རྒྱ་ཁོངས་དང་རྒྱ་རིགས་མིན་པས་རྒྱལ་ཁབ་ཀྱི་བདག་དབང་དང་ཁ་བྲལ་ཟེར་བ་ཞིག་མེད། བློ་སེང་གི་ཚིག་དེ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་བཙན་ཚིག་ཅིག་རེད། གཉིས་ནས་ ༡༩༩༡ ལོར་ཨུ་རུ་སུ་ཆེན་མོ་རྒྱལ་ཁབ་བཅུ་ལྷག་ཏུ་ཁ་བྲལ་ཕྱིན་པ་མ་མང་པོ་ཞིག་རྒྱལ་ཚོགས་སུ་ཞུགས་ཡོད། དེ་བཞིན་དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཡོད་པའི་ལུང་མབ་པོ་ཞིག་རང་བཙན་ཐོབ་པར་རྒྱལ་ཚོགས་ཀྱི་རྒྱབ་སྐྱར་དང་ཚོགས་ཞུགས་བྱས་ཡོད། གསུམ་ནས་ཉེ་དུས་ཀྱི་དཀྱིལ་ཤར་ཡུལ་གྱི་ཟིང་འཁྲུག་ལ་བལྟས་དང་། རྒྱལ་ཚོགས་ཀྱིས་ནུས་ཐོན་མིན་ལ་མ་གཞིགས་པར་གཙོ་བོ་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་བདག་དབང་དང་ཁ་བྲལ་མ་རེད།

    གསུམ། བདེན་པའི་འཐབ་རྩོད་ཅེས་བརྗོད་འདུག དེ་སྔ་བདེན་པའི་འཐབ་རྩོད་ནི་བོད་རང་ཉིད་ལ་ཡོད་པའི་ས་ཁོངས་དང་གཞུང་འབངས། རྒྱལ་ཁབ་སོགས་ཡོད་པའི་དངོས་བདེན་འཐོབ་པར་འཐབ་རྩོད་བྱེད་ཀྱི་ཡོད་པ་ཞིག་གོ བློ་སེང་གི་བདེན་པའི་འཐབ་རྩོད་ནི་དབུ་མ་བའི་སྲིད་ཇུས་ཏེ་བོད་རྒྱ་འོག་ཏུ་འཇུག་པའི་འཐབ་རྩོད་དང་། རང་མགོ་རང་གིས་གནོན་པའི་དངོས་བདེན་གྱི་འཐབ་རྩོད་ཅིག་ལ་གོ་དགོས་པ་འདྲ།

    བཞི། བཙན་བྱོལ་སྒྲིག་འཛུགས་འདི་བོད་པའི་འཐབ་རྩོད་ཆེད་དུ་བཙུགས་པ་ཞིག་ལས། སྒྲིག་འཛུགས་འདི་བོད་པའི་འཐབ་རྩོད་ཀྱི་གནོད་གཞིར་འགྱུར་གྱི་ཡོད་ན། དེར་གནོན་ཤུགས་ཙམ་མ་ཟད་སྒོ་རྒྱག་དགོས་ཀྱང་རྒྱག་དགོས་རེད།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    རྒྱ་དཀར་ནག་གི་ཆིངས་ཡིག་ནི་ཕྱི་ལོ ༡༩༥༤ལོའི་རེད་ལ། དེ་ལ་འགལ་གྱི་ཡོད་ན། དུས་རབས་ཕྱེད་ཀའི་རིང་འགལ་ཡོང་པ་མ་རེད་པས། ཆིངས་ཡིག་ག་དུས་བཞག་མིན་མི་གླེང་པར་ནང་དོན་གླེང་ཡོང་དོན་ཅི།

    Reply
  4. བསྟན་འཛིན་རྡོ་རྗེ། says:
    ལོ་ 12 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྔོན་མ་དབུ་མའི་ལམ་རྫུན་མ་ཞིག་ཡིན་ཡང་ད་ལྟ་གངས་ཅན་སྐྱིད་གཞུང་གི་གནོན་ཤུགས་འོག་དབུ་མའི་ལམ་གྱི་འཐབ་རྩོད་པ་ངོ་མ་ཆགས་བཞིན་ཡོད་པ་འདྲ།
    བོད་རང་བཙན་བརྩད་ན་རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་བརླགས་འགྲོ་བ་དང་། དེ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
    གང་ཡིན་ཟེར་ན་བོད་རང་བཙན་རྩོད་པ་དེ་བོད་མི་མང་གི་ཐོབ་ཐང་རེད་ལ་མི་མང་གི་མངོན་འདོད་ཅིག་ཀྱང་ཆགས་ཡོད། མིའི་མངོན་འདོད་ཁྲིམས་འགལ་རེད་ཟེར་བ་ཞིག་སུས་ཀྱང་བཤད་ཤེས་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese