མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་དྲུག་བཞིའི་དོན་རྐྱེན་འབྱུང་ཉེན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་རྒྱལ་ཡོངས་མང་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཐོག ཧོང་ཀོང་གི་སྲིད་འཛིན་འོས་འདེམས་ལམ་ལུཊ་ལ་བསྒྱུར་བཅོས་བཏང་བར་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ཉིན་གྲངས་ ༥ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་། རྒྱལ་ཡོངས་མང་ཆེན་སྐབས་ ༡༢ པའི་རྒྱུན་ལས་ཚོགས་འདུ་བསྡུས་ཏེ། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ ༢༠༡༧ ལོའི་སྲིད་འཛིན་དཔོན་པོ་འོས་འདེམས་ཀྱི་སྒྲོམ་གཞི་དང་། ༢༠༡༦ ལོའི་ཁྲིམས་འཛིན་ལྷན་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༡ ཉིན་གྲོས་ཆོད་གཏན་འབེབས་བྱས་ཏེ། ཧོང་ཀོང་སྲིད་འཛིན་དཔོན་པོ་འོས་འདེམས་བྱེད་པར་འོས་མི་ ༢ ནས་ ༣ ལས་མི་མང་བ་དང་། འོས་མི་རེ་རེར་ཁྲིམས་འཛིན་ལྷན་ཚོགས་ཀྱི་འཐུས་མི་བརྒྱ་ཆ་ ༥༠ ཡན་གྱི་རྒྱབ་སྐྱོར་འཐོབ་དགོས་པ་མ་ཟད། འོས་འདེམས་ཀྱི་བརྒྱུད་རིམ་ཆ་ཚང་ངེས་པར་དུ་ཁྲིམས་འཛིན་ལྷན་ཚོགས་ལ་ཡར་ཞུ་བྱས་ཏེ། ལྷན་ཚོགས་ཀྱི་འཐུས་མི་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་རྗེས། གཞི་ནས་དབུས་གཞུང་ལ་ཆོག་མཆན་རེ་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་སྟབས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ། ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་ཅིན་ཀྲུང་ཐེན་མཱ་སྤྱི་གླིང་དུ། ཧོང་ཀོང་གི་དཀྱིལ་སྙིང་བཙན་བཟུང་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་སློབ་མའི་མཐུན་ཚོགས་དང་དམངས་གཙོ་ཚོགས་པ་སོགས་ཀྱི་མི་གྲངས་ ༥༠༠༠ ཙམ་འདུ་འཛོམས་ཀྱིས། རྒྱ་གཞུང་གི་གཏན་འབེབས་ལ་མོས་མཐུན་མེད་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། ཚོགས་པ་ཁག་གི་འཐུས་མི་ཚོས་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པ་ཌེ་ཧེ་ཡན་གྱིས། ཉིན་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལོ་རྒྱུས་ཁྲོད་ཆེས་མུན་ནག་གི་ཉིན་མོ་ཞིག་ཡིན་ལ། ད་ལྟའི་བར་ཐབས་ཤེས་ཅི་ཡོད་ཀྱིས་འབྲེལ་མོལ་གྱི་ཐབས་ལམ་ལག་བསྟར་བྱས་ཡོད་ཀྱང་། ད་ནས་བཟུང་བཀའ་བཀོད་ལ་ངོ་རྒོལ་བྱེད་པའི་དུས་སྐབས་ཤིག་ཏུ་བསླེབ་སྐོར་བརྗོད་ཡོད་པ་མ་ཟད། ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་རྒྱུ་ཡིན་ལུགས་བསྒྲགས་འདུག

པེ་ཅིན་དུ་རྒྱ་ནག་རྒྱལ་ཡོངས་མང་ཆེན་རྒྱུན་ལས་ཀྱི་ཚོགས་འདུ་གྲོལ་རྗེས། རྒྱུན་ལས་དྲུང་ཆེ་གཞོན་པ་ལི་ཧྥེ་ཟེར་བ་ཧོང་ཀོང་ནང་ཆེད་མངགས་ཀྱིས། དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ། ཁུལ་དེའི་ཆབ་སྲིད་ལམ་ལུགས་ལ་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཡོད་པ་དང་། ཚོགས་འདུ་དེ་ལྟེ་གནས་གྲོང་ཁྱེར་དང་བར་ཐག་རིང་བའི་གནམ་གྲུ་ཐང་གི་ཡ་གླིང་འགྲེམས་སྟོན་ཁང་དུ་ཚོགས་ཡོད་པ་དང་། ཚོགས་ར་དང་བར་ཐག་རྨིད་བརྒྱ་ཕྲག་འགའ་ཡོད་པའི་རླངས་འཁོར་འབབ་ཚིགས་སུ་ངོ་རྒོལ་བ་ཚོར་ས་ཆ་གོ་སྒྲིག་བྱས་ཡོད་འདུག ཚོགས་འདུའི་ཐོག་ལི་ཧྥེ་ཡིས་གཏམ་བཤད་བྱེད་གྲབས་ཡོད་སྐབས། ཁྲིམས་འཛིན་ལྷན་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་ ༢༥ ཙམ་གྱིས། འཕྲེད་དར་འཕྱར་ཏེ་དབུས་གཞུང་ལ་ཡིད་ཆེས་བརླགས་སོང་། དབུས་གཞུང་ལ་ངོ་ཚ་མི་འདུག འོས་འདེམས་ཀྱི་དབང་ཆ་བཙན་འཕྲོག་བྱེད་ཀྱི་འདུག་ཅེས་པའི་ངོ་རྒོལ་གྱི་འབོད་སྒྲ་བསྒྲགས་ཏེ། གནས་སྐབས་རིང་ཚོགས་འདུ་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པ་མ་ཟད། ལི་ཡི་གཏམ་བཤད་མ་བྱས་གོང་ནས་འཐུས་མི་ངོ་རྒོལ་བ་ཚོ་ཚོགས་ར་ནས་ཕྱིར་ཐོན་ཡོད་འདུག

གསར་འགོད་ལྷན་ཚོགས་ཐོག་ལི་ཧྥེ་ཡིས་ ༢༠༠༥ ལོའི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ལ་མི་མང་གིས་མོས་མཐུན་མ་བྱས་པར་ཧོང་ཀོང་གི་དམངས་གཙོ་འཕེལ་རྒྱས་གཏོང་བའི་གོ་སྐབས་ཤིག་ཤོར་ཟིན་པ་ལྟར། ད་རེས་ཀྱི་ཆབ་སྲིད་བསྒྱུར་བཅོས་འདི་ལའང་ཁྲིམས་འཛིན་ལྷན་ཚོགས་ཀྱིས་མོས་མཐུན་མ་བྱས་ཚེ། ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་རང་སར་ལྷག་རྒྱུ་ཡིན་སྟབས། དབུས་གཞུང་གི་ཐག་གཅོད་ལ་བསམ་ཤེས་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། དེ་བཞིན། ཧོང་ཀོང་དམིགས་བསལ་སྲིད་འཛིན་དཔོན་པོ་ཉིང་ཀྲིན་ཡེན་གྱིས་ཀྱང་གསར་འགོད་པར། གལ་སྲིད་ཁྲིམས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་མ་ཐུབ་ཚེ། ཕྱི་ལོ་ ༢༠༡༧ ལོའི་སྲིད་འཛིན་དཔོན་གྱི་འོས་འདེམས་ལམ་ལུགས་རང་སར་ལྷག་སྟེ། མུ་མཐུད་མི་གྲངས་ ༡༢༠༠ གིས་གྲུབ་པའི་འོས་བསྡུ་ལྷན་ཁང་གིས་འོས་འདེམས་བྱེད་དགོས་སྟབས། མི་ཁྲི་ ༥༠༠ ལྷག་གིས་འོས་བླུགས་ན་ཆོག་པའི་ཐོབ་ཐང་དེ་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཚེས་ ༣༠ ཉིན་ཧོང་ཀོང་མེན་བྷོ་གསར་ཁང་གིས་གནས་ཚུལ་སྤེལ་ཏེ། ཧོང་ཀོང་ཉེན་རྟོག་ཕྱོགས་ནས་དམག་མི་ ༥༠༠༠ ཙམ་གྲ་སྒྲིག་བྱས་ཏེ་ཉིན་མཚན་མེད་པར་ངོ་རྒོལ་བས་དཀྱིལ་དབུས་བཙན་བཟུང་ལ་དྲག་རྒོལ་བྱེད་འཆར་ཡོད་པ་དང་། གལ་སྲིད་དཀྱིལ་དབུས་བཙན་བཟུང་དངོས་སུ་བྱས་པ་ཡིན་ན། ཉེན་རྟོག་ཕྱོགས་ནས་དམག་མི་ ༧༠༠༠ ལྷག་ཆེད་མངགས་ཀྱིས་ངོ་རྒོལ་བར་རྒོལ་རྡུང་བྱེད་རྩིས་ཡོད་པ་མ་ཟད། ཧང་ཀྲུའུ་ཁཱང་ཉེན་རྟོག་སློབ་གླིང་ཟེར་བ་སོགས་ཉེན་རྟོག་ཁང་དང་འབྲེལ་བའི་རྟེན་གཞི་མང་པོ་གནས་སྐབས་རིང་བཀག་ཉར་ཁང་དུ་བསྒྱུར་འཆར་ཡོད་སྐོར་སོགས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་ཧོང་ཀོང་ནང་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱུང་བར་འགོག་རྒོལ་ཆེད། ཧྲིན་ཀྲུའུ་རུ་བཅིངས་གྲོལ་དམག་གིས་དྲག་གནོན་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་ཧོང་ཀོང་ནང་བཅིངས་གྲོལ་དམག་གི་རླངས་འཁོར་འགྲོ་སྐྱོད་བྱེད་ཀྱི་ཡོད་པའི་འདྲ་པར་སོགས་བརྒྱུད་ལམ་དུ་ཐོན་ཡོད་སྟབས། ཧོང་ཀོང་མི་མང་གིས་དོ་སྣང་དང་སྡང་སེམས་ཆེན་པོ་འཛིན་གྱི་ཡོད་པ་དང་། ཡང་གནད་དོན་དབྱེ་ཞིབ་པ་འགའ་རེས་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

རྒྱ་གཞུང་གི་ཐག་གཅོད་ཐད་ཧོང་ཀོང་སློབ་གསོ་གླིང་གི་དགེ་རྒན་ཆེན་མོ་ཧྥང་ཏྲི་ཧིན་གྱིས། ལས་འགུལ་རྒྱ་ཆེ་ཆུང་དང་དུས་ཡུན་རིང་ཐུང་ཙམ་མ་གཏོགས་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་མི་སྤེལ་ཐབས་མེད་ཡིན་ལ། གལ་སྲིད་པེ་ཅིན་ཕྱོགས་ནས་དྲག་པོའི་བྱེད་ཐབས་སྤྱད་པ་ཡིན་ན་ངོ་རྒོལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། ཐ་ན་ཧོང་ཀོང་གི་དྲུག་བཞིའི་དོན་རྐྱེན་ཟེར་བ་ཞིག་ཀྱང་འབྱུང་སྲིད་པ་དང་། ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེས་ཧོང་ཀོང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁུར་ཡོད་སྐོར་བརྗོད་འདུག་ལ། ཡང་ཧོང་ཀོང་དང་ཨོ་མིན་གྱི་སློབ་ཆེན་ཁག་ཅིག་གི་ཁྲིམས་ལུགས་རིག་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་སོགས་མི་གྲངས་ ༥༤ ཡིས། འབྲེལ་མོལ་གྱི་ཐབས་ལམ་ལ་ཤུགས་སྣོན་བྱས་ཏེ་དམངས་གཙོའི་སེམས་ཤུགས་ནམ་ཡང་འཆི་མི་སྲིད་ཅེས་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། བསྒྲགས་གཏམ་དེའི་ནང་པེ་ཅིན་གཞུང་གིས་ལོ་རབས་ ༨༠ ནང་ནས་བཟུང་ནན་བརྗོད་བྱེད་བཞིན་པའི་ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ཀྱི་དམ་བཅའ་ལ་རྒྱབ་འགལ་བྱས་ཏེ། བཙན་གྱིས་ཧོང་ཀོང་མི་མང་ལ་འོས་འདེམས་ཀྱི་སྒྲོམ་གཞི་རྫུན་མ་ཞིག་དང་ལེན་བྱེད་དུ་འཇུག་བཞིན་པར་བློ་ཕམ་ཆེན་པོ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༢༧ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese