མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་ཐང་དང་ལས་འགན་གཉིས་ལས་ལས་འགན་གཙོ་བོར་ཟུངས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་ཐོག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཚོགས་པ་ཚོས་རང་གི་ཐོབ་ཐང་དང་ལས་འགན་གཉིས་ལས་འགན་གཙོ་བོ་དང་། རང་གི་མི་རིགས་དང་ཆབ་སྲིད་ཚོགས་པ་གཉིས་ལས་མི་རིགས་གཙོ་བོ། གནས་སྐབས་དང་ཕུགས་རྒྱང་རིང་པོ་གཉིས་ལས་ཕུགས་རྒྱང་རིང་པོ་གལ་ཆེར་འཛིན་དགོས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག དམིགས་བསལ་སྐུ་མགྲོན་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ཡར་རྒྱས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་མེ་ཇོར་ཝེ་ཇེ་སིན་མོན་གྷོ་ཊི་ཡ་(Major Vijay Singh Mankotia)མཆོག དེ་བཞིན། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་སྐུ་ཚབ། གཞན་ཡང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠ མ་ཟིན་ཙམ་འདུ་འཛོམས་གནང་འདུག༄༅ མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་པས་མར་མེ་ཞལ་འབྱེད་དང་སྦྲགས་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ལ་མཇལ་དར་བསྒྲོན་འབུལ་ཞུས་པ་སོགས་མཛད་སྒོའི་སྔོན་འགྲོ་རྣམས་གྲུབ་རྗེས། བོད་དབྱིན་གཉིས་ཐོག་ནས་མང་གཙོ་ཚོགས་པ་ལོ་ངོ་ ༢༠ འཁོར་བའི་བསྒྲགས་གཏམ་སྒྲོག་སྦྱངས་གནང་སོང་བ་དང་། དེའི་རྗེས་བཀའ་བློན་ཁྲི་ཟུར་མཆོག་གིས་༼བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ སོང་བ། ༽ཞེས་པའི་དུས་དེབ་དབུ་འབྱེད་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་མང་གཙོ་ཚོགས་པའི་ལོ་འཁོར་དུས་དེབ་༼མང་ གཙོ༽ཞེས་པ་གཉིས་དབུ་འབྱེད་གནང་རྗེས། དམིགས་བསལ་སྐུ་མགྲོན་མཆོག་གིས་མང་གཙོ་ཚོགས་པའི་དབུས་རྒྱུན་ཟུར་པ་ཁག་ཅིག་ལ་དྲན་རྟེན་གྱི་བྱ་དགའ་གནང་སོང་བ་དང་། དེ་ནས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ཚོགས་པར་རྒྱབ་སྐྱོར་གནང་མཁན་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་བཅས་གནང་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་མཆོག་གིས། ཆབ་སྲིད་ཚོགས་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གསུམ་ནི། དང་པོ་མང་ཚོགས་གི་ཡིད་ཆེས་འཕེར་ངེས་ཤིག་དགོས་པ་དང་། གཉིས་པ་འགན་འཁྲིའི་འདུ་ཤེས་ལྡན་པ། གསུམ་པ་ཕྱི་གསལ་ནང་གསལ་དགོས་རྒྱུ་བཅས་ཆགས་ཡོད་སྟབས། ལས་དོན་ག་རེ་བྱས་ཀྱང་སྦ་གསང་མེད་པར་ངེས་པར་དུ་ཕྱི་གསལ་ནང་གསལ་བྱེད་དགོས་པ་མ་ཟད། དེ་སྔོན་ཚོགས་པས་གསར་བཟོ་བྱས་པའི་བཅའ་ཡིག་དང་སྲིད་ཇུས། ལས་འཆར། དེ་བཞིན་དྲིལ་བསྒྲགས་བཅས་ཀྱི་ཐད་གལ་ཆེའི་ནུས་པ་བཏོན་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་མི་དང་བོད་མིའི་སྒྲིག་འཛུགས་ལ་འུད་སྒྲོག་བྱེད་བཞིན་པ་དག་ལ་གདོང་ལེན་ཁ་གཏད་གཅོག་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་རྗེས། ༧གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་བསྟུན། རྒྱ་གཞུང་གི་བཙན་གནོན་འོག་འདུག་འདོད་མེད་པའི་བོད་མི་མང་པོ་རྒྱ་གར་ནང་སྐྱབས་ བཅོལ་དུ་ཡོང་སྟེ། བོད་མིའི་གནས་སྟངས་གང་འཚམ་ཞིག་ཤེས་རྟོགས་ཐུབ་པའི་གོ་སྐབས་བྱུང་ཞིང་། བོད་ཕྱི་ནང་གཉིས་སུ་བོད་དང་བོད་མི་རིགས་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བྱུང་དང་འབྱུང་བཞིན་ཡོད་པ་དང་། ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་སྐབས། རང་སྲོག་བློས་གཏོང་གིས་རྒྱལ་ཁབ་འདི་སྲུང་སྐྱོབ་བྱེད་མཁན་ཡང་བྱུང་ཡོད་ལ། སྐབས་དེར་ཁོང་གི་ལས་རོགས་མང་པོ་ཞིག་ཀྱང་དམག་འཁྲུག་ཁྲོད་འདས་གྲོངས་སུ་ཕྱིན་པ་གཅིག་མཚུངས་ཡིན་སྟབས། ང་ཚོས་རྒྱ་ནག་གི་དྲག་པོའི་སྲིད་ཇུས་ལ་མཉམ་དུ་ཁ་གཏད་གཅོད་རྒྱུ་གལ་ཆེན་པོ་ཡིན་ལ། དེང་སྐབས་༧གོང་ས་མཆོག་ལ་དད་གུས་བྱེད་མཁན་འཛམ་གླིང་མི་མང་གི་ངོས་ནས་ཀྱང་། དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པའི་བོད་མིའི་ཆེད་དང་བོད་དོན་བདེན་མཐའ་སེལ་བར་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་ཡིན་སྟབས། ད་ལྟ་ཚང་མ་མཉམ་རུབ་ཀྱིས་རྒྱ་གཞུང་ལ་གདོང་ལེན་བྱེད་པའི་དུས་ལ་བབ་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་དམངས་གཙོའི་འཕེལ་རིམ་ནང་གི་དགེ་སྐྱོན་སྐོར་ལ་བཀའ་སློབ་གནང་དོན། དམངས་གཙོའི་སྐྱོན་གྱི་ཐོག་ནས་བཤད་པ་ཡིན་ན། ཁ་ཐུག་ཏུ་ཞུ་རྒྱུ་མ་གཏོགས་དམིགས་བསལ་གྱིས་ཞུ་རྒྱུ་ཅི་ཡང་ཡོད་པ་མ་རེད། དེང་སང་མི་ཁ་ཤས་ཤིག་གིས་དམངས་གཙོའི་ཚིག་དེ་བེད་སྤྱོད་བཏང་ནས་གང་བྱུང་གི་ སྐད་ཆ་བཤད་པ་དང་། གང་བྱུང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལས། སོ་སོའི་བཤད་པ་དེས་མི་མང་ལ་ཕན་གྱི་འདུག་དང་མི་འདུག བོད་ཀྱི་རྩ་དོན་ཐོག་ཕན་གྱི་འདུག་དང་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་ཐད་ཕན་གྱི་འདུག་དང་མི་འདུག་ལ་བསམ་བློ་རྩ་བ་ནས་མ་བཏང་བར་བཤད་གང་ཐུབ་བཤད་ནས་འགྲོ་མཁན་ཁག་ཅིག་ཡོད་པ་དང་། ཡང་ཁག་ཅིག་གིས་ཆེད་དུ་གཉེར་ནས་བོད་མི་ནང་ཁུལ་དུ་དཀྲུག་ཤིང་རྒྱག་པ་དང་། བོད་མིའི་བདེན་རྩ་ལ་ཆེད་གཉེར་གྱིས་གཏོར་སྐྱོན་གཏོང་བའི་སྐད་ཆ་བཤད་མཁན་ཁ་ཤས་ཡོད་པ་རེད། ཡང་ཁ་ཤས་མགོ་སྐོར་བསླུ་བྲིད་འོག་ཚུད་དེ་སྐད་ཆ་གང་བྱུང་བཤད་མཁན་ཡོད་པ་རེད། དེར་བརྟེན། ང་ཚོའི་སྤྱི་ཚོགས་ནང་དམངས་གཙོ་ཁ་ལ་འཁྱེར་ནས་འདྲ་མི་འདྲ་མང་པོ་བྱེད་བཞིན་པ་དེ་ཚོ་སྐྱོན་ཆེན་པོ་ཞེ་དྲག་རེད་དྲན་གྱི་འདུག ཁག་ཅིག་གིས་རྒྱུན་དུ་རང་དབང་དང་དམངས་གཙོའི་ཚིག་བེད་སྤྱོད་བཏང་སྟེ། ང་ཚོར་རང་དབང་དང་དམངས་གཙོ་མི་འདུག་ཟེར་ནས་བཤད་ཀྱི་ཡོད་པ་རེད། རང་དབང་དང་དམངས་གཙོ་བཤད་དགོས་ས་དེར་བཤད་མ་ཐུབ་པར་བཤད་མི་དགོས་སར་བཤད་དེ་ནང་ཁུལ་དཀྲུག་ཤིང་རྒྱག་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་རྒྱུན་དུ་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་ཡོང་བར་མཛད་འགན་རྒྱ་ཆེན་པོ་བཞེས་ཀྱི་ཡོད་ཀྱང་། མི་ཁ་ཤས་ཀྱིས་དེ་གོ་ལྡོག་ནས་༧རྒྱལ་བ་རིན་པོ་ཆེའི་མདུན་དུ་ང་ཚོར་ཆོས་དད་རང་དབང་དགོས་ཟེར་གྱི་ཡོད་པ་དང་། ཁ་ཤས་ཀྱིས་ཤེས་བཞིན་དུ་སྐད་ཆ་དེ་འདྲ་བཤད་ཀྱི་ཡོད་པ་དང་། ཡང་ཁ་ཤས་ཀྱིས་མགོ་མ་ཚོས་པར་རི་བོང་ཅལ་འདྲོག་བྱས་ནས་འགྲོ་མཁན་རེ་ཟུང་ཡོད་པ་རེད། ང་ཚོའི་གཏམ་དཔེར་གྲོགས་བརྒྱ་ཡོད་ན་ཉུང་དྲགས་པ་དང་དགྲ་གཅིག་ཡོད་ནའང་མང་དྲགས་ཟེར་བ་ལྟར། སྤྱིར་བཏང་ཁོ་ཚོ་ཉུང་ཉུང་ཞིག་ལས་མེད་ཀྱང་ང་ཚོ་བོད་པ་ནང་ཁུལ་གྱི་མཐུན་ལམ་ལ་གནོད་པ་བཟོ་ཡི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

མཇུག་ཏུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་དམངས་གཙོའི་གནས་བབ་སྐོར་ངོ་སྤྲོད་དང་འབྲེལ། དམངས་གཙོ་དང་ཁྲིམས་ལུགས་ཀྱི་གལ་ཆེའི་རང་བཞིན་སྐོར་ལ་བཀའ་སློབ་གནང་དོན། དམངས་གཙོ་ཟེར་བ་དེའི་གལ་གནད་ཅིག་དེ་ག་རེ་རེད་ཟེར་ན། ཡུལ་མི་མི་རེ་ངོ་རེ་ནས་མི་རིགས་དང་སྤྱི་ཚོགས་ཀྱི་འགན་འཁུར་རྒྱུ་དེ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་མ་འོངས་ལོ་ ༡༠༠ ཡི་ནང་བོད་ནང་དུ་གནས་ཚུལ་ག་འདྲ་ཆགས་ཀྱི་རེད། རྒྱ་ནག་ག་འདྲ་ཞིག་ལ་འགྲོ་རྒྱུ་རེད། བོད་པའི་མ་འོངས་པའི་མདུན་ལམ་ཐོག་གོམ་བགྲོད་ག་འདྲ་བྱེད་དགོས་པའི་ཐད། མ་འོངས་པའི་ལོ་སྟོང་ཕྲག་མང་པོའི་སྐད་ཆ་མེད་པ་ཡིན་ནའང་ལོ་ ༡༠༠ བར་ཚོད་དཔག་དང་འཆར་སྣང་བཟོས་ནས་དགོངས་པ་བཞེས་མཁན་དཀོན་པོ་ཡིན་པ་ཞིག་ངས་ཚོར་གྱི་འདུག མི་མང་ཆེ་བ་ཞིག་གིས་ལོ་གསུམ་བཞི་དང་ལྔ་ཡི་ནང་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཆར་འགྱུར་བ་ཞིག་འགྲོ་ཡི་ཡོད་སྟབས། དེ་ཙམ་གྱི་ཚོད་དཔག་ཅིག་གི་ཐོག་ནས་བསྡད་དེ་ལོ་ ༥ ཡི་དུས་བཀག་ལས་ཕར་བརྒལ་ཏེ། ལོ་ངོ་ཉི་ཤུ་རྩ་གྲངས་དང་སུམ་བཅུ་སོ་གྲངས། ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ཚོད་ཅིག་ལ་ང་ཚོས་རྒྱང་མིག་གཟིགས་མ་ཐུབ་པ་ཡིན་ན། ཏན་ཏན་ང་ཚོར་སྐུ་ངལ་འཕྲད་རྒྱུ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་ཡོད་པ་མ་རེད། མ་འོངས་པར་ཆབ་སྲིད་ཚོགས་པ་མང་པོ་བྱུང་བ་ཡིན་ན་ང་ཚོས་འགོག་ཐུབ་པ་མ་རེད། འགོག་དགོས་པའང་གཅིག་བྱས་ན་ཡོད་པ་མ་རེད། ཡིན་ནའང་། ང་ཚོས་ངེས་པར་དུ་བསམ་བློའི་ནང་གལ་ཆེན་པོ་བྱས་ནས་འཇོག་དགོས་པ་དེ་ག་རེ་རེད་ཟེར་ན། དམངས་གཙོ་གལ་ཆེན་པོ་ཡིན་ན། སྤྱི་ཚོགས་ཀྱི་འཆམ་མཐུན་དང་ཆིག་སྒྲིལ་ཡང་གལ་ཆེ་བ་གཅིག་པ་རེད་མ་གཏོགས་ཆིག་སྒྲིལ་དང་མཐུན་སྒྲིལ་མེད་པའི་སྤྱི་ཚོགས་ཁ་འཐོར་བསྡད་པ་དང་། ཆབ་སྲིད་ཚོགས་པ་གཅིག་གིས་གཅིག་ལ་དགྲ་བོའི་འདུ་ཤེས་བཟུང་བསྡད་པ་ཞིག་གི་ནང་ཡང་དག་པའི་དམངས་གཙོ་ཞིག་ཡོང་ཐུབ་པ་ཁག་པོ་ཞེ་དྲག་ཡིན་སྟབས། ཆབ་སྲིད་ཀྱི་ཚོགས་པ་ཚོས་རང་གི་ཐོབ་ཐང་དང་ལས་འགན་གཉིས་ཀྱི་ནང་ནས་ལས་འགན་དེ་གཙོ་བོར་བཟུང་ནས་ལས་ཀ་བྱེད་དགོས་པ་ཞིག་དང་། མི་རིགས་དང་ཆབ་སྲིད་ཚོགས་པ་གཉིས་ཀྱི་ནང་ནས་མི་རིགས་གཙོ་ཆེར་བརྩི་དགོས་པ། གནས་སྐབས་དང་ཕུགས་རྒྱང་རིང་པོ་གཉིས་ལས་ཕུགས་རྒྱང་རིང་པོ་གལ་ཆེན་པོར་བརྩི་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་གིས། ང་ཚོ་ནང་བཞིན་སྤྱི་ཚོགས་ཆུང་ཆུང་དང་ས་ཆ་མེད་མཁན། རྒྱལ་ཁབ་མེད་པར་སྐྱབས་བཅོལ་གྱི་ངོ་བོར་གནས་སྡོད་མཁན་ཞིག་དང་། ལྷག་པར་དུ་བོད་དོན་བདེན་མཐའ་སེལ་བར་ང་ཚོ་མི་རེ་ངོ་རེ་ལ་ལས་འགན་ཆེན་པོ་རེ་རེ་འཁྲི་བསྡད་པའི་སྐབས་འདིར། ཁ་ཐུག་གི་རང་གི་གོམ་པའི་མདུན་རྐྱང་རྐྱང་མ་གཏོགས་མ་གཟིགས་པ་དང་དགོངས་པར་མ་འཁོར་བ་ཡིན་ན་སྤྱིའི་རྩ་དོན་དེ་བསྒྲུབ་མི་ཐུབ་སྟབས། རྒྱལ་ཡོངས་མང་གཙོ་ཚོགས་པ་དཔེ་མཚོན་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་གི་ངོ་བོར་ཆབ་སྲིད་ཚོགས་པའི་ཞན་ཆ་དེ་ཚོ་ཤེས་དགོས་པ་རེད། གན་དྷི་དགོངས་པ་རྫོགས་པའི་ཉིན་གཅིག་གི་སྔོན་བྲིས་པའི་ཁོ་རང་གི་ཞལ་ཆེམས་ནང་དུ། རྒྱ་གར་རང་བཙན་བྱུང་བའི་རྗེས་སུ་ཀོང་རེ་སིའི་ཆབ་སྲིད་ཚོགས་པའི་ངོ་བོ་ཕྱིར་བསྡུ་བྱས་ཏེ། སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཏུ་བསྒྱུར་དགོས་པའི་སྐོར་གསལ་བོ་ཞེ་དྲག་གསུངས་ཡོད་པ་རེད། དེ་ཚོར་ད་ལྟ་བསམ་བློ་གཏོང་སྐབས་ལོ་བརྒྱ་ཕྲག་མང་པོའི་རྗེས་སུ་གཟིགས་ཐུབ་པའི་རླབས་ཆེན་གྱི་དགོངས་པ་བཞེས་སྟངས་ཤིག་རེད་བསམ་གྱི་འདུག དེར་བརྟེན། ང་རང་ཚོ་ཡོད་པའི་གནས་སྐབས་ཀྱི་གནས་བབ་ཚང་མར་ཕྱོགས་བསྡོམས་བརྒྱབ་པའི་ཐོག སྔ་ཕྱི་རྒྱང་གསུམ་ལ་གཟིགས་ཐུབ་པའི་ཐོག་ནས་ཕྱག་ལས་གནང་དགོས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

མཛད་སྒོའི་མཇུག་ཏུ་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྐུ་མགྲོན་གཙོ་བོ་རྣམ་གཉིས་དང་དམིགས་བསལ་སྐུ་མགྲོན་བཅས་ལ་ཐུགས་རྗེ་ཆེ་ཞུའི་དྲན་རྟེན་དང་མཇལ་དར་བཅས་ཕུལ་ཏེ་མཛད་སྒོ་གྲོལ་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese