མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདན་མར་དྲག་གནོན་མཚམས་འཇོག་རོཊ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སུད་སིའི་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཏེ་སྡེ་དགེ་འདན་མའི་ཛ་དྲག་གནས་ཚུལ་གང་མགྱོགས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་འདུག

བོད་ལྗོངས་དམངས་གཙོའི་ཉིན་མོ་སྟེ་ཕྱི་ཟླ་ ༩ ཚེས་ ༢ ཉིན། སུད་སིའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ད་ལྟའི་སྡེ་དགེ་འདན་མའི་ཁུལ་གྱི་ཛ་དྲག་གི་གནས་བབ་ལ་གདུང་སེམས་བསྐྱེད་དང་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཆེད། སུད་སི་གྲོང་ཁྱེང་ཛུ་རིག་གི་ཁུལ་(burkliplatz)ནས་དབུ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་བར་ཞི་བའི་སྐད་འབོད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། ཉིན་དེའི་ཆུ་ཚོད་ ༤ ནས་ ༩ བར་གོམ་བགྲོད་སྐད་འབོད་དང་། ས་གནས་མི་མང་ཁྲོད་བོད་ནང་གི་གནས་ཚུལ་ངོ་སྤྲོད་ཡིག་ཆ་ ༥༠༠ ལྷག་འགྲེམ་སྤེལ་གནང་ཡོད་འདུག་ཅིང་། ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་སྤྱི་འཐུས་བཀྲེས་མཐོང་དབང་པོ་ལགས་དང་། ཡུ་རོབ་སྤྱི་ཟུར་སྐུ་ངོ་ཚེ་རྡོར། སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ། སུད་སི་སྡེ་དགེ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སོགས་མི་མང་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག

ལས་འགུལ་གྱི་བསྒྲགས་གཏམ་ཡིག་ཆའི་ནང་། ཕྱི་ཟླ་ ༨ ཚེས་ ༡༡ གི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ན་སྡེ་དགེ་འདན་མ་རུ་སྡེ་དཔོན་དབང་གྲགས་ལགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བྱས་ཤིང་། ཚེས་ ༡༢ ཉིན་མི་མང་གིས་སྡེ་དཔོན་དབང་གྲགས་ཀློད་གྲོལ་དགོས་པའི་ཞི་འབོད་བྱས་པར་རྒྱ་གཞུང་དྲག་ཆས་དམག་མིས་མི་མང་ལ་མེ་མདའ་གང་བྱུང་བརྒྱབ་སྟེ་ཉུང་མཐར་ཉེས་མེད་མི་མང་བཅུ་གྲངས་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་དག་ཁྲོད་ཀྱི་རང་ལོ་ ༦༠ ཡིན་པའི་སྡེ་དཔོན་དབང་གྲགས་ཀྱི་ཨ་ཞང་ཚེ་དབང་མགོན་པོ་དང་། དབང་གྲགས་གྱི་སྤུན་མཆེད་རང་ལོ་ ༤༢ ཡིན་པའི་ཡེ་ཤེས། དབང་གྲགས་ཚང་གི་རང་ལོ་ ༡༨ ཡིན་པའི་མག་པ་སྦྱིན་པ་མཐར་ཕྱིན་ཁོང་གསུམ་ལ་དུས་ཐོག་སྨན་བཅོས་བྱེད་མ་བཅུག་པའི་སྟེང་། རྡུང་རྡེག་མནར་གཅོད་བཏང་སྟེ་བསད་དེ་ཕྱི་ཚེས་ ༡༨ ཉིན་ཁོང་ཚོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་འདུག

འདི་ནི་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་ཉེས་མེད་བོད་མི་དམར་གསོད་བྱེད་བཞིན་པའི་དཔེ་མཚོན་ཙམ་ཡིན། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་གཙོས་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་དང་གྲོས་ཚོགས། སྤྱི་སྒེར་ཚོགས་སྡེ་ཡོངས་ནས་བདེན་རྒྱབ་དཔུང་རོགས་དང་འབྲེལ་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འདི་རྣམས་ལ་བདག་སྐྱོང་གནང་སྟེ་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཐུགས་འགན་ཆེ་བཞེས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་གསར་འགོད་པ་དང་། རྟོག་ཞིབ་ཚོགས་པ་སོགས་བོད་ནང་འཕྲལ་གཏོང་ཡོང་ཐབས་རྒྱལ་སྤྱིའི་མིང་མང་གིས་རོགས་སྐྱོར་ཡོང་བ་ཞུ། ཞེས་སོགས་འཁོད་ཡོད་འདུག

རྒྱ་ནག་གཞུང་ཚབ་མདུན་དུ་མི་མང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པ་དང་སྦྲགས། སུད་སི་སྡེ་དགེ་འདན་མའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ད་ལྟའི་འདན་མ་ཁུལ་གྱི་གནས་སྟངས་ངོ་སྤྲོད་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་དང་། ཡུ་རོབ་སྤྱི་འཐུས་སོགས་ཀྱིས་སྔ་ཕྱིར་ལས་འགུལ་དང་འབྲེལ་བའི་བཀའ་སློབ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་དང་ཚོགས་གཞོན་མཁར་འཕགས་རྣམ་པ་གཉིས་ཀྱིས་ལས་འགུལ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སོགས་གནང་ཞིང་། ཚོགས་པའི་དྲུང་ཡིག་ཕུན་ཚོགས་ཀྱིས་ལས་འགུལ་མཇུག་སྡོམ་གཏམ་བཤད་གནང་གྲུབ་རྗེས་ལས་འགུལ་འཇུག་སྒྲིལ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist