མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་བོད་ནང་གི་དབང་འཛིན་པ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ད་ལྟའི་བོད་ནང་གི་དབང་འཛིན་པའི་གནས་སྟངས་སྐོར་གཏམ་བཤད་གནང་སྐབས་བོད་རིགས་དབང་འཛིན་པའི་གྲངས་འབོར་ཉུང་ཉུང་ཡིན་སྐོར་བརྗོད་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ། གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༤ ནང་ཉམས་ཞིབ་ཁང་གིས་བཏོན་པའི་༼ད་ལྟའི་བོད་ནང་གི་དབང་འཛིན་པ༽ཞེས་པའི་བོད་དང་འབྲེལ་བའི་ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཀྱི་དེབ་དང་འབྲེལ་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་གཏམ་བཤད་ཚོགས་འདུ་ཞིག་སྐོང་ཚོགས་གནང་སོང་བ་དང་། ཚོགས་འདུའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། དཔེ་དེབ་རྩོམ་སྒྲིག་པ་དང་ཉམས་ཞིབ་ཁང་གི་གྲོས་སྟོན་པ་ཨཱ་ཅཱརྱ་བློ་བཟང་ལགས་དང་བདེ་སྲུང་དྲུང་ཆེ་འཕགས་པ་ཚེ་རིང་ལགས། དེ་བཞིན་སྲི་ཞུ་བ་བཅས་ཁྱོན་མི་གྲངས་ ༡༠༠ མ་ཟིན་ཙམ་འདུ་འཛོམས་གནང་འདུག་པ་དང་། དཔེ་དེབ་རྩོམ་སྒྲིག་པ་གཉིས་ཀྱིས་དེབ་དང་འབྲེལ་བའི་གཏམ་བཤད་གནང་ཚར་རྗེས་དང་དྲི་བ་དྲིས་ལན་བཅས་གནང་སོང་།

ཚོགས་ཐོག་ཏུ་དཔེ་དེབ་རྩོམ་སྒྲིག་པ་འཕགས་པ་ཚེ་རིང་ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་རང་ཁྱིམ་རང་བདག་གི་དབང་ཆ་ཚང་མ་སྤྲོད་ཀྱི་ཡོད་ལུགས་བརྗོད་ཀྱང་། བོད་རིགས་འདུས་སྡོད་ཁུལ་རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་ ༤ ཡི་དམར་ཤོག་ཚོགས་པ་དང་སྲིད་གཞུང་། མང་འཐུས། སྲིད་གྲོས་བཅས་ཀྱི་ནང་ཞིབ་འཇུག་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་རྒྱུན་ལས་ ༡༥ ནང་བོད་རིགས་ ༦ དང་། སྲིད་གཞུང་གི་དཔོན་པོ་ ༡༤ ནང་བོད་རིགས་ ༨ ། མང་འཐུས་ ༡༢ ནང་བོད་རིགས་ ༧། སྲིད་གྲོས་དཔོན་པོ་ ༡༧ ནང་བོད་རིགས་ ༡༣ ཡོད་པ་དང་། དེ་བཞིན། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་རྒྱུན་ལས་ ༡༢ ནང་རྒྱ་མིང་ཅན་གྱི་བོད་རིགས་གཅིག སྲིད་གཞུང་དཔོན་པོ་ ༩ ནང་བོད་རིགས་གཅིག་ཀྱང་མེད་པ་དང་། མང་འཐུས་མི་ ༧ ནང་རྒྱ་མིང་ཅན་གྱི་བོད་རིགས་གཅིག སྲིད་གྲོས་མི་ ༡༡ ནང་བོད་རིགས་གཅིག་ཀྱང་མེད་པ་རེད། ཀན་སུའུ་ཞིང་ཆེན་དམར་ཤོག་རྒྱུན་ལས་ ༡༣ ནང་བོད་རིགས་གཅིག སྲིད་གཞུང་གི་དཔོན་པོ་ ༧ གྱི་ནང་བོད་རིགས་མེད་པ་དང་། མང་འཐུས་མི་ ༧ ཀྱི་ནང་བོད་རིགས་གཅིག སྲིད་གྲོས་མི་ ༩ ནང་བོད་རིགས་གཅིག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དམར་ཤོག་རྒྱུན་ལས་ ༡༣ ནང་བོད་རིགས་ ༢། སྲིད་གཞུང་དཔོན་པོ་ ༩ ཡི་ནང་བོད་རིགས་ ༡། མང་འཐུས་ ༧ གྱི་ནང་བོད་རིགས་ ༡། སྲིད་གྲོས་དཔོན་པོ་ ༡༠ ཡི་ནང་བོད་རིགས་ ༣ ལས་མེད་པ་དང་། བོད་ཁུལ་སྤྱི་ཡོངས་ཀྱི་དབང་འཛིན་པའི་ནང་བོད་རིགས་དཔོན་པོའི་གྲངས་འབོར་ཅུང་མང་ཤོས་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡིན་སྐོར་དང་། ད་ལོར་འདོན་སྤེལ་བྱས་པའི་དེབ་དེའི་ནང་ཡོད་པའི་དཔོན་རིགས་རེ་ཟུང་འཕོ་འགྱུར་བཏང་ཟིན་ཡང་གྲངས་འབོར་ཐད་འགྱུར་བ་ཕྱིན་མེད་སྐོར་སོགས་བརྗོད་སོང་།

རྩོམ་སྒྲིག་པ་ཨཱ་ཅཱརྱ་བློ་བཟང་ལགས་ཀྱིས་ཕྱི་ལོ་ ༡༩༦༠ ནས་བཟུང་རྒྱ་གཞུང་གིས་རྒྱ་ནག་ནང་ལོགས་ནས་རྒྱ་རིགས་མང་པོ་བོད་ཁུལ་དུ་གནས་སྤོ་བྱས་ཡོད་པ་མ་ཟད། ཉེ་སྔོན་ལོ་ངོ་ ༢༠ འཁོར་བའི་དུས་དྲན་ཞིག་སྐོང་ཚོགས་བྱས་ཏེ། ཕྱི་ལོ་ ༡༩༩༥ ནས་ད་ལྟའི་བར་དུ་རྒྱ་ནག་ནས་བོད་སྐྱོར་གྱི་ལས་བྱེད་ ༦༠༠༠ བོད་ནང་དུ་བཏང་ཡོད་ལུགས་བརྗོད་ཀྱི་ཡོད་པ་དང་། འཛམ་བུ་གླིང་གང་དུ་བལྟས་པ་ཡིན་ནའང་རོགས་པ་བྱེད་མཁན་ཞིག་གིས་དབང་ཆ་འཛིན་གྱི་མེད་སྟབས། དབང་ཆ་བོད་མི་རང་ལ་འཛིན་དུ་བཅུག་ནས་རོགས་པ་བྱས་ན་སྙིང་རྗེ་བོ་ཡོད་པ་རེད། ཡིན་ནའང་། ཁོ་ཚོས་དེ་ལྟར་མ་བྱས་པར་དབང་ཆ་ཚང་མ་ཁོ་རང་ཚོས་འཕྲོག་སྟེ་ལོ་ ༣ ནང་ཕྱིར་རྒྱ་ནག་ཏུ་ལོག་དགོས་ཀྱི་ཡོད་ཀྱང་། ཁོ་ཚོ་མང་པོ་ཞིག་ཕྱིར་མ་ལོག་པར་མུ་མཐུད་དབང་ཆ་བཟུང་ནས་བསྡད་ཡོད་པས། བོད་རིགས་སློབ་སྦྱོང་ཡོད་མཁན་ཚོར་བོད་ནང་ནས་ལས་ཀ་མ་རག་པར་རྒྱ་ནག་ནང་དུ་མར་འགྲོ་བཞིན་ཡོད་པ་རེད། རྒྱ་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་མི་མང་པོ་བོད་དུ་གནས་སྤོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད། མཐུན་རྐྱེན་བསྐྲུན་ཏེ་བོད་ནང་གཞིས་ཆགས་སུ་འཇུག་བཞིན་ཡོད་པ་རེད། རྒྱ་ནག་ནང་གི་ལས་བྱེད་བོད་ལ་ཡོང་མཁན་ཡོད་ན་དེ་ལ་སྲིད་གཞུང་གིས་དམིགས་བསལ་མང་པོ་ཡོད་པ་རེད། ཁོ་ཚོར་གླ་ཆ་དང་གུང་གསེང་མང་བ་ཡོད་པ་མ་ཟད། ཁོ་ཚོའི་ཁྱིམ་མི་དང་བྱིས་པ་སོགས་ལའང་དམིགས་བསལ་གྱི་མཐུན་རྐྱེན་མང་པོ་ཞེ་དྲག་ཡོད་པ་རེད། ཡིན་ནའང་། ང་ཚོ་ཁྱེད་ཚོར་རོགས་པ་བྱེད་དུ་ཡོང་ནས་མཁའ་དབུགས་ཀྱིས་མ་འདང་བར་མི་མང་པོ་འདི་འདྲ་ཞིག་ཤི་སོང་ཟེར་གྱི་ཡོད་པ་རེད། དངོས་གནས་བྱས་ན་བོད་མི་གསོ་སྐྱོང་བྱས་པ་ཡིན་ན་དཀའ་ལས་དེ་འདྲ་རྒྱག་དགོས་དོན་ཡོད་པ་མ་རེད། ཡིན་ནའང་། ཁོ་ཚོས་དེ་བྱེད་ཀྱི་ཡོད་པ་མ་རེད། བོད་རིགས་གཞོན་སྐྱེས་མང་པོ་ཞིག་མར་རྒྱ་ནག་ནང་གཏོང་བཞིན་ཡོད་པ་དང་། རྒྱ་ནག་ནང་གི་མི་མང་པོ་ཞིག་ཡར་བོད་ནང་དུ་གཏོང་བཞིན་ཡོད་པ་དེ་ཁོ་ཚོའི་ལས་འགུལ་རེད། ཅེས་དང་། དེ་བཞིན་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་ ༧ གྱི་ནང་ད་ལྟའི་བར་བོད་སོགས་གྲངས་ཉུང་མི་རིགས་ཀྱི་དཔོན་རིགས་གཅིག་ཀྱང་མེད་ལ། བུད་མེད་ཡང་གཅིག་ཀྱང་བྱུང་མེད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

སྐར་མ ༣༨ སྔོན་ལ།
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

ཆུ་ཚོད་ ༢༣ སྔོན་ལ།
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

ཆུ་ཚོད་ ༢༤ སྔོན་ལ།
STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

༢༠༢༦/༠༡/༡༥
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

༢༠༢༦/༠༡/༡༥
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཆབ་སྲིད་ཀྱི་དབང་ཆ་དཔལ་འབྱོར་གྱི་ཁེ་ཕན་ཡོངས་རྫོགས་རྒྱ་མི་ལ་མ་གཏོགས་བོད་པ་ལ་མི་ཐོབ་པ་རྒྱ་ཆ་བརྒྱ་ཐམས་པ་རེད།བོད་པ་ཉུང་ཤས་ཞིག་ལ་གོ་མིང་ཡོད་ན་ཡང་ཁོང་ཚོ་ནི་རྒྱ་གཞུང་གིས་སྐད་ཆ་ཤོད་བྱེད་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese