མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༡༥༠ ལྷག་རྐྱེན་འདས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནུབ་བྱང་ཀ་ཤི་མིར་མངའ་སྡེའི་ནང་ཆུ་ལོག་གིས་གནོད་སྐྱོན་ཆེན་པོ་ཐེབས་ཏེ་ཉུང་མཐར་མི་གྲངས་ ༡༥༠ རྐྱེན་འདས་སུ་གྱུར་ཡོད་འདུག

རྒྱ་གར་ནུབ་བྱང་ཁུལ་གྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་ནང་བདུན་ཕྲག་གཅིག་ཙམ་གྱི་རིང་བསྟུད་མར་དྲག་ཆར་བབས་པར་བརྟེན། ས་གནས་ཀྱི་ཇེ་ལོམ་གཙང་པོ་(The Jhelum river)འཕྱུར་བ་དང་ས་རུད་བྱུང་སྟེ། ལྟེ་གནས་གྲོང་ཁྱེར་སི་རི་ནཱ་གྷར་ཡོངས་སུ་ཆུས་ཁེངས་ནས་སྡོད་ཁང་དང་གཞུང་ལམ། ཟ་པ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། སྨན་ཁང་ ༣ དང་གཞུང་གི་བྱིས་པའི་སྨན་ཁང་། དེ་བཞིན། དམག་སྤྱི་ཁང་བཅས་ལ་ཆུ་ལོག་གིས་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ཐེངས་འདིའི གནོད་སྐྱོན་ཁྲོད་ཉུང་མཐར་མི་གྲངས་ ༡༥༠ ལྷག་རྐྱེན་འདས་སུ་གྱུར་བ་ཤེས་རྟོགས་བྱུང་ཡོད་ཅིང་། འདས་གྲོངས་ཀྱི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་འདུག

རྒྱ་གར་ནང་སྲིད་བློན་ཆེན་ར་ཇེ་ནཱ་ཊི་སིན་(Shri Rajnath Singh) གྱིས། ད་རེས་ཀྱི་ཆུ་ལོག་གིས་ས་གནས་ཀྱི་གྲོང་བརྡལ་སྟོང་ཕྲག་འགར་གནོད་སྐྱོན་བཟོས་ཡོད་པ་མ་ཟད། གྲོང་བརྡལ་ ༣༥༠ ཆུས་བསྣུབས་ཡོད་སྐོར་བརྗོད་འདུག་ལ། ད་ལྟའི་ཆར་དམག་མི་ ༡༢༠ དང་ཉེན་རྟོག་པའི་རུ་ཁག་ ༨ ལྷག་གིས་གནམ་གྲུ་དང་ཐད་འཕུར་གནམ་གྲུ། གྲུ་ཆུང་བཅས་ཆེད་གཏོང་གིས་མྱུར་སྐྱོབ་བྱེད་ཀྱིན་ཡོད་པ་དང་། ཡུལ་མི་སྟོང་ཕྲག་མང་པོ་གནས་སྤོ་བཞིན་ཡོད་འདུག

ཀ་ཤི་མིར་མངའ་སྡེའི་བློན་ཆེན་ཨོ་མར་ཨབ་ཌུ་ལཱས་(Omar Abdullah)གསར་འགོད་པར། སྤྱིར་བཏང་ད་ལྟ་གནས་སྟངས་སྐྱོ་བོ་ཡིན་ཡང་ངེས་པར་དུ་ཉེན་ཁ་ལས་ཐར་ཐབས་བྱེད་དགོས་སྐོར་བརྗོད་འདུག་ལ། ཡང་སི་རི་ནཱ་གྷར་ཉེན་རྟོག་ཁང་གི་ཉེན་རྟོག་པ་ཞིག་གིས། ད་ལྟའི་ཆར་ས་གནས་སུ་ཁ་པར་གྱི་བརྡ་རྟགས་ཆད་པ་མ་ཟད། ཟམ་པ་དང་གཞུང་ལམ་མང་པོར་གཏོར་སྐྱོན་ཐེབས་ཡོད་སྟབས། མི་མང་རྐྱེན་འདས་དང་ཁང་པ་རྡིབ་སྐྱོན་སོགས་ཀྱི་གནས་ཚུལ་མང་པོ་ཤེས་རྟོགས་མ་ཐུབ་པར་དཀའ་ངལ་ཧ་ཅང་ཆེན་པོའི་འོག་གནས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ས་གནས་སུ་ཕེབས་ཏེ། ཐེངས་འདིའི་ཆུ་ལོག་གནོད་སྐྱོན་རྒྱལ་ཡོངས་རང་བཞིན་གྱི་གོད་ཆག་ཅིག་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ཀ་ཤི་མིར་གཞུང་ལ་ཨ་སྒོར་དུང་ཕྱུར་ ༡.༦༦ གིས་རོགས་རམ་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese