མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་རྒྱ་གར་ནང་གཟིཊ་སྐོར་སྐབས་བོད་དོན་ཡག་པོ་གླེང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་འཛུགས་གནང་སོང་ལ། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ལས་བསྡོམས་བསྐྱར་ཞིབ་གཙོས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གྲོས་ཆོད་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་གཟིགས་ཞིབ། དེ་བཞིན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་གཟིགས་སྐོར་དང་། དོལ་རྒྱལ་བའི་བྱེད་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་བྱེད་འཆར་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ བརྒྱད་པ་གངས་སྐྱིད་གྲོས་ཚོགས་ཚོང་ཁང་དུ་དབུ་འཛུགས་གནང་སོང་། ཚོགས་འདུའི་ཐོག་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན། ཟུར་ཉན་དུ་བོད་མི་སྒྲིག་འཛུཊ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་གསར་འགོད་པ། དོ་སྣང་ཅན་གྱི་མི་སྣ་བཅས་འཛོམས་འདུག

གྲོས་ཚོགས་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། བོད་ནང་གི་རང་ལུས་མེར་བསྲེཊ་གཙོས་པའི་བོད་བསྟན་སྲིད་ཆེད་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གྲོས་ཆོད་གྲོས་འཆར་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༤ ཉིན་འདས་གྲོངས་སུ་ཕྱིན་པའི་སྤྱི་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ངག་བཅད་མྱ་ངན་བཅས་གྲུབ་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་ཅིང་། ཉིན་རྒྱབ་ནས་བཟུང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་བའི་ལས་བསྡོམས་དང་སྙན་ཐོ་གྲོས་ཚོགས་ལ་སྙན་སྒྲོན་ཞུ་འཆར་ཡོད་པ་དང་། ཚེས་ ༡༦ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་གནང་བཞིན་པའི་སྐོར་ལ་བགྲོ་གླེང་བཅས་གནང་འཆར་ཡོད་འདུག

གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་གནང་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ད་རེབ་ང་ཚོ་གྲོས་ཚོགས་ཚོགས་བཞིན་པ་དང་དུས་མཚུངས་སུ། ང་ཚོའི་གནས་ཡུལ་རྒྱ་གར་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཟིགས་སྐོར་ཐོག་མ་གནང་གི་ཡོད་པ་རེད། ང་ཚོ་བོད་པའི་དཀའ་རྙོག་དང་འབྲེལ་བའི་གནད་དོན་གླེང་རྒྱུ་དང་དོ་སྣང་ཡོང་བར། འཛིན་སྐྱོང་བཀའ་ཤག་གིས་ཏན་ཏན་ལས་འཆར་བསྒྲིགས་ཡོད་རྒྱུ་རེད་ལ། ཆབ་སྲིད་ཀྱི་འགན་དབང་ཡོད་སྟབས་བསྒྲིགས་དགོས་པ་ཞིག་ཀྱང་ཆགས་ཡོད། ལས་དོན་བང་བསྒྲིགས་པ་ལྟར་ཕྱག་བསྟར་ཡོང་གི་རེད་བསམ་གྱི་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཕེབས་སྐབས། སྤྱིར་རྒྱ་ནག་ནང་འགྱུར་བ་མང་པོ་ཞིག་འགྲོ་བསྡད་ཡོད་པའི་ཐད་བཟང་ངན་གཉིས་ཕྱོགས་ནས་འགྲེལ་བཤད་རྒྱག་མཁན་ཡོད་མིན་ལ་མ་ལྟོས་པར། ང་ཚོ་བོད་པའི་ལས་འགན་གཙོ་བོ་བོད་ནང་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། མཐར་ཐུག་བོད་དོན་བདེན་སེལ་རྒྱུ་གཉིས་གཙོ་བོ་ཆགས་བསྡད་ཡོད། འཛམ་གླིང་ནང་ད་ལྟའི་རྒྱ་ནག་སྲིད་འཛིན་ལ་རེ་བ་རྒྱག་མཁན་མང་པོ་ཡོད་པ་རེད། ང་ཚོའི་ངོས་ནས་ཞི་ཅིན་ཕིན་ལ་བཟང་ཕྱོགས་ནས་བལྟས་ཏེ་བོད་དོན་ཐོག་རེ་བ་བཟང་ཕྱོགས་ཤིག་བསླེབ་རྒྱུ་དང་། ད་རེབ་རྒྱ་གར་ནང་བསླེབ་པའི་སྐབས་འདིར་ང་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ཞུ་དོན་གཙོ་བོ། གཞན་པས་རེ་བ་རྒྱག་བཞིན་པ་ལྟར་ང་ཚོས་ཀྱང་། སྲིད་འཛིན་ཞི་ཅིན་ཕིན་དབུས་པའི་དབུ་ཁྲིད་རྣམ་པས་བོད་དོན་ལ་དོ་སྣང་ཤུགས་ཆེན་གནང་རྒྱུ་དང་། ལྷག་པར་དུ་སྲིད་འཛིན་རང་གིས་འགན་འཁུར་ཏེ་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ་དང་། མཐར་ཐུག་བོད་མིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པ་གཞིར་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཚོར་བདག་པོ་རྒྱག་རྒྱུ་དང་དཀའ་ངལ་སེལ་རྒྱུ། བདག་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཆགས་འདུག་ཅེས་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ཞུ་རྒྱུའི་འདོད་པ་བྱུང་། ཅེས་གསུངས་བྱུང་།

ཚོགས་གཙོ་མཆོག་གིས། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལི་རྒྱ་ནག་གཞུང་ཚབ་བརྒྱུད། རྒྱ་ནག་སྲིད་འཛིན་ལ། རྒྱ་ནག་གཞུང་གིས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ལྷ་ཡུལ་ལྟ་བུར་བསྒྱུར་ཡོད་ཅེས་བཤད་པ་ལྟར། དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཅིག་བོད་ནང་ཡོང་ཆོག་པ་ཞུ་ཞེས་ཞུས་ཡོད། དེ་མཚོན་དོན་ཙམ་མིན་པར་དོན་དངོས་སུ་བོད་པའི་དཀའ་རྙོག་སེལ་བར་རྒྱལ་སྤྱིའི་མི་སྣ་བོད་ནང་ཡོང་འཇུག་གི་མེད་ཀྱང་། བོད་པ་རང་བོད་ནང་རྟོག་ཞིབ་ཆེད་ཡོང་འཇུག་དགོས་ཀྱི་འདུག་ཅེས་ལྷག་བསམ་རྣམ་དག་གིས་ཞུས་ཀྱང་། ད་བར་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་འབྱོར་མ་སོང་། ད་རེབ་ཀྱི་སྡིངས་ཆ་འདིའི་ཐོག་རྒྱ་གར་གཞུང་ལ་ང་ཚོ་ཡིད་ཆེས་བརྟན་པོ་ཡོད། བློ་ཆ་ཚང་ཞིག་ཁེལ་གྱི་ཡོད། བོད་མིའི་དཀའ་རྙོག་ཐད་རྒྱ་གར་གཞུང་གིས་ད་ལྟའི་བར་རོགས་རམ་མཐུན་འགྱུར་ཆ་ཚང་གནང་ཡོད། མ་འོངས་པར་དེ་ལས་ལྷག་མ་བྱུང་ཡང་། ཞན་དུ་རྩ་བ་ཉིད་ནས་འགྲོ་རྒྱུ་རེད་བསམ་པ་དྲན་གྱི་མེད། དེར་བརྟེན། རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཕེབས་པའི་སྐབས་སུ་རྒྱ་གར་ངོས་ནས་བོད་པའི་རེ་བ་སྟོང་ཟད་དུ་གཏོང་གི་རེད་བསམ་པ་དྲན་གྱི་མེད། རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་ཡོང་དོན་གཙོ་བོ་ཚོང་འབྲེལ་དང་། དེ་མིན་ས་མཚམས་དང་བོད་པའི་གནད་དོན་ཐོག་གླེང་རོགས་གནོངས་ཞེས་ཞུ་བཞིན་ཡོད། གླེང་སློང་གནང་སྟེ་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱང་ཁ་གསལ་དུ་བཏང་སྟེ། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རམ་འདེགས་གནང་རོགས་གནོངས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། གང་ཡིན་ཞེ་ན། བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་༧གོང་ས་མཆོག་ཆགས་ཀྱི་ཡོད་པ་རེད། རྒྱ་དཀར་ནག་གི་འབྲེལ་བ་དམ་ཟབ་ཡོང་བ་དང་། ཡར་རྒྱས་སོགས་ཀྱི་ཐོག་བོད་པའི་དཀའ་རྙོག་སེལ་བ་ཡིན་ན་དེ་ལྡེ་མིག་གཙོ་བོ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། དེར་བརྟེན། ད་རེབ་རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་རྒྱ་ནག་གི་མགོ་ཁྲིད་དང་མཇལ་སྐབས་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཞུ་བཞིན་ཡོད། ད་རེབ་གྲོས་ཚོགས་སྐབས་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་དུ་ཡོང་གི་ཡོད་སྟབས། ཚེས་ ༡༦ ཉིན་གྲོས་ཚོགས་ནང་དེའི་ཐད་བགྲོ་གླེང་གནང་རྒྱུའི་ལས་རིམ་ཞིག་བང་བསྒྲིགས་ཡོད། སྐབས་དེར་བཀའ་ཤག་གི་ངོས་ནས་དགོངས་ཚུལ་གང་འདྲ་ཡོད་ཀྱང་གསུང་ཆོག་པའི་གོ་སྐབས་བསྐྲུན་རྒྱུ་ཡིན། དེ་མིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕེབས་ཀྱིན་ཡོད་པ་རེད། ཅེས་གསུངས་བྱུང་།

གྲོས་ཚོགས་ཀྱི་ལས་རིམ་ཐད་ཚོགས་གཙོ་མཆོག་གིས། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་རྩིས་སྙན་ཟིན་པའི་རྗེས་སུ་བཀའ་ཤག་གིས་མཇུག་སྐྱོང་ལག་བསྟར་བྱས་པ་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་དུས་ཚོད་མང་པོ་བཏང་ནས་གཙང་མ་གང་བཟོས་ཟིན་པ་དང་། གང་ལྷག་ཡོད་པ་དེ་གྲོས་ཚོགས་ནང་སྙན་སྒྲོན་ཡོང་གི་རེད། རྩ་བའི་འདི་ལྟར་བལྟ་སྐབས་ལས་དོན་ཆུང་ཚགས་ལྟ་བུ་ཡོད་ཀྱང་། ལོ་མང་པོའི་རྩིས་རྙོག་ལྷག་བསྡད་ཡོད་སྟབས། འཛིན་སྐྱོང་དང་སྤྱི་འཐུས་ངོས་ནས་དུས་ཚོང་མང་པོ་བཏང་དགོས་པ་ཆགས་ཀྱི་ཡོད། གང་ལྟར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་བའི་ལོ་གཅིག་ལྷག་རིང་གི་ཕྱག་ལས་དང་། སྤྱི་འཐུས་རྒྱུན་ལས་ངོས་ནས་མཇུག་སྐྱོང་བྱེད་སྐབས་འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་བ་དང་ལས་བྱེད་ཚོའི་ངོས་ནས་གཟབ་གཟབ་དང་། དོ་སྣང་ཆེན་པོས་ས་གནས་རེ་རེ་ལ་འབྲེལ་བ་བྱས་རྗེས་གནད་དོན་མང་པོ་གཙང་མ་ཆགས་ཐུབ་པ་བྱུང་སོང་། རྩིས་རྙོག་ ༡༧༠༠ ལྷག་བྱུང་ཡོད་པའི་ཁྲོད་ནས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་བས་གཙང་བཟོ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་མཇུག་སྐྱོང་བྱས་རྗེས་ལས་ཁུངས་ ༣༢ ལྷག་ལ་ལྟ་རྒྱུ་བྱུང་མེད། དེ་མིན་གྱི་ལས་ཁུངས་ཁག་ཚང་མས་རྩིས་རྙོག་ལྷག་ཡོད་པ་ ༧༤ མ་གཏོགས་མེད། མ་འོངས་པར་གནད་དོན་དེ་དག་ཐོག་སྐབས་ཐོག་རང་ལ་གཙང་མ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐད་འཛིན་སྐྱོང་གི་ངོས་ནས་ཐུགས་སྣང་གནང་དགོས་ཀྱི་འདུག་ལ། རྩིས་ཞིབ་ལྷན་ཁང་གི་ངོས་ནས་ཀྱང་དུས་ཐོག་ལ་རྩིས་ཞིག་བྱེད་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

བཙན་བྱོལ་སྤྱི་ཚོགས་ཀྱི་འགྱུར་བའི་ཐད་ཁོང་གིས། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་འདུག ལྷག་པར་དུ་བོད་མི་ཁག་ཅིག་ལ་སྐྱབས་བཅོལ་ཡིག་ཆ་མ་རག་པར་དཀའ་ངལ་འཕྲད་བསྡད་པ་ཁག་ཅིག་ཡོད་པ་རེད། གནད་དོན་དེའི་ཐོག་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ངོས་ནས་དོ་སྣང་མེད་པ་དང་། སྣང་མེད་བཞག་པ་རྩ་བ་ཉིད་ནས་མ་རེད། གྲོས་ཚོགས་ཚོགས་དུས་བདུན་པའི་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་སྐབས། གྲོས་ཚོགས་ནང་གནད་དོན་དེ་གླེང་བ་ཡིན་ན་དགེ་སྐྱོན་ག་རེ་ཡོད་མེད་ཐོག་སྐད་ཆ་བྱུང་སྟེ། མི་གླེང་རྒྱུ་བྱས་པ་རེད། ད་རེབ་གྲོས་ཚོགས་ནང་མང་ཚོགས་སྔོན་ལ་བཀའ་སྤྱི་ལྷན་རྒྱས་ཚོགས། སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་རིམ་པ་བྱས་ཏེ། ད་ལྟའི་གནས་བབ་ལ་བསྟུན་ནས་གང་གནང་ཐུབ་པ་དེ་འཛིན་སྐྱོང་གི་ངོས་ནས་བྱུང་རྐྱེན་དང་། ད་ཆར་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་གསལ་བཤད་སྤྱི་འཐུས་རྒྱུན་ལས་ལ་བྱུང་ཡོད་ལ། ད་ནས་བཟུང་ག་རེ་གནང་དགོས་ཡོད་མེད་ཀྱི་བང་ཡང་བསྒྲིགས་ཡོད་པ་རེད། དཀའ་ངལ་འཕྲད་བསྡད་མཁན་ཚོར་ཁག་མི་འདུག སོ་སོར་དཀའ་ངལ་འཕྲད་སྐབས་སྡུག་བསྔལ་དེ་ལས་ཆེ་བ་ཞིག་ཡོད་པ་མ་རེད། ད་བར་འཛིན་སྐྱོང་དང་སྤྱི་འཐུས་ལ་འབྲེལ་བ་གནང་གི་ཡོད་པ་རེད། ཡང་ཁག་ཅིག་གིས་གྲོས་ཚོགས་ནང་གླེང་རོགས་གནོངས། གྲོས་ཚོགས་ནང་གླེང་བ་ཡིན་ན། གནད་དོན་སེལ་ཐུབ་ཀྱི་ཡོད་པ་དེ་འདྲ་གསུང་མཁན་མང་པོ་ཡོང་གི་འདུག སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་མང་པོ་ཞིག་ལ་ཞལ་པར་མ་འབྱོར་བ་ཡོད་མ་རེད། བཀའ་ཤག་ལའང་འབྱོར་ཡོད་པ་རེད། ཡིན་ནའང་། བསམ་བློ་ཞིབ་ཏུ་བཏང་ན། གྲོས་ཚོགས་ནང་གླེང་བ་ཡིན་ན། དཀའ་ངལ་སེལ་རྒྱུ་ཕར་ཞོག སྒེར་སོ་སོར་གནོད་ཀྱིན་པའི་གནས་སྟངས་ཆགས་ཀྱི་ཡོད་སྟབས། ད་རེབ་གྲོས་ཚོགས་ནང་གླེང་མི་དགོས་པའི་ཐག་གཅོད་བྱུང་ཡོད། ཅེས་གསུངས་སོང་།

དོལ་རྒྱལ་སྐོར་ལ་ཚོགས་གཙོ་མཆོག་གིས། བར་ལམ་དོལ་རྒྱལ་གྱི་གནས་ཚུལ་མང་པོ་འབྱུང་བཞིན་འདུག དེའི་ཐོག་ཚོགས་གཙོས་བཤད་ཡོད་ལ་སྤྱི་འཐུས་ཚོ་ཕྱོགས་སྐྱོད་ཀྱི་སྐབས་སུའང་བཤད་ཡོད་པ་རེད། བཀའ་ཤག་གི་ངོས་ནས་ཀྱང་གསུང་ཡོད་རྒྱུ་རེད་བསམ་ཡོད། དེང་སང་བོད་ནང་དོལ་རྒྱལ་བསྟེན་མཁན་ཚོས་ལས་རིགས་མང་པོ་ཞིག་སྤེལ་བསྡད་པ་ང་ཚོ་ཚང་མས་ཤེས་བཞིན་པ་རེད། དེའི་སྐོར་ལ་བོད་ནང་དང་ཕྱིར་ཡོད་པའི་བོད་མི་ཚོས་གང་གཟབ་གནང་རྒྱུ་དང་། གནད་དོན་གང་ཡོད་པ་དེ་རྟོགས་ཐུབ་རྒྱུ། དེ་ལ་བརྟེན་ནས་སོ་སོའི་ལས་ཕྱོགས་དང་ལངས་ཕྱོགས་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པ་ཆགས་ཀྱི་འདུག ཁོང་ཚོ་དངུལ་དང་ཁེ་ཕན་གྱི་ཆེད་དུ་ལས་འགུལ་ཤུགས་ཆེ་རུ་དང་། ངོ་ཚ་དང་ཁྲེལ་གཞུང་གང་ཡང་མེད་པ་བྱེད་བསྡད་ཀྱི་ཡོད་པ་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཤེས་ནས་གདོང་ལེན་གང་འདྲ་གནང་དགོས་མིན་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཧྲིལ་བོར་དགོངས་པ་ཆ་ཚང་ཞུ་མཁན་སྤྱི་འཐུས་ ༣ དང་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་ཡི་མགོ་པ་ཞིས་ལ་ངོ་རྒོད་མྱུར་གྲ་སྒྲིག་བྱེདདགོས་དེ་ནི་དབང་ལུང་པ་ཡོད་གོ་སྐབས་དེ་མ་ཤོར་པར་བྱེད་དགོས་ང་ཚོས་རྒྱ་མིའི་མགོ་པའི་མདུན་དུ་ཐལ་པ་སྤར་མོ་གང་གཏོར་ཐུབ་ན་ཐུབ་རེད་སྐད་ལོག་ཚིག་ཅིག་རྒྱག་ཐུབ་ན་ཐུབ་རེད།དེ་མ་གཏོགས།རྒྱ་མིའི་ཡག་པོ་བྱེད་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese