མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབྱིན་ཇི་དང་རྒྱ་ནག་གི་ཚོང་འབྲེལ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་པ་སངས་ཉིན་དབྱིན་ཇི་དང་རྒྱ་ནག་གཉིས་དབྱིན་སྒོར་དུང་ཕྱུར་ ༢༤ ཚོང་འབྲེལ་གན་རྒྱ་ཞིག་བཞག་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ། དབྱིན་ཇིའི་དཔལ་འབྱོར་བློན་ཆེན་ཨོ་སུ་བྷོན་ (Osborne) ལགས་དང་། རྒྱ་ནག་དམར་ཤོག་དྲུང་ཆེ་གཞོན་པ་མཱ་ཁེ་གཉིས་ཀྱིས། རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་དཔལ་འབྱོར་གླེང་མོལ་ཐེངས་དྲུག་པར་མགོ་འཛིན་གནང་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཐོག་དབྱིན་སྒོར་དུང་ཕྱུར་ ༢༤ ཡིས་གན་རྒྱ་བཞག་ཡོད་པ་དང་། མ་འོངས་པར་དབྱིན་ཇིའི་གཞུང་ནས་གུ་ཡངས་ཀྱི་སྲིད་ཇུས་འོག་རྒྱ་ནག་གི་ཡུལ་སྐོར་བར་ཐོངས་མཆན་སྤྲོད་རྒྱུ་དང་། དབྱིན་གཞུང་ནས་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཤ་ཁུ་སུ་ཕེ་རེ་ (Shakespeare)ཡི་གསུང་རྩོམ་ཕྱོགས་བསྒྲིགས་རྒྱ་ཡིག་ནང་བསྒྱུར་རྒྱུའི་ལས་འཆར་ལ་མ་དངུལ་གྱི་རོགས་སྐྱོར་བཅས་གནང་རྒྱུའི་འཆར་གཞི་ཡོད་སྐོར་སོགས་བསྒྲགས་ཡོད་འདུག

དབྱིན་ཇིའི་གཞུང་དང་རྒྱ་ནག་གི་ཚོང་འབྲེལ་གན་རྒྱའི་ནང་གཙོ་བོ། དབྱིན་སྒོར་དུང་ཕྱུར་དྲུག་ཁྲི་ཆིག་སྟོང་དྲུག་རྒྱའི་ ༦༡༦༠༠ ཡི་མ་ལེ་ཤི་ཡའི་སྣུམ་གྱི་ཐོན་ཁུངས་ཐོག་གི་མཉམ་འབྲེལ་ལས་དོན་དང་། དབྱིན་སྒོར་དུང་ཕྱུར་ ༢ འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི། རྒྱ་ནག་ནང་རྒན་གསོ་ཁང་དང་ཆེད་ལས་སྦྱོང་བརྡར་གྱི་སློབ་གྲྭ་གསར་རྒྱག་བཅས་ཀྱི་སྐོར་ཚུད་ཡོད་པར་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་ཆོག་མཆན་ཡོད་པའི་ཡུལ་སྐོར་ལྗོངས་རྒྱུ་བ་ ༢༥༠༠༠ ཡོད་པའི་ཚོགས་པ་དབྱིན་ཇིའི་ནང་ལྗོངས་རྒྱུར་ཡོང་སྐབས། ཐོངས་མཆན་དང་རོགས་རམ་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ལ། ལས་འཆར་དེ་ནི་དབྱིན་ཇིའི་ལྗོངས་རྒྱུ་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཟུང་འབྲེལ་ཐོག དབྱིན་རྒྱ་གཉིས་བར་གྱི་དབྱིན་སྒོར་ཁྲི་ ༡༦༠ ཡུལ་སྐོར་ལྗོངས་རྒྱུའི་ཚོང་འབྲེལ་ལས་འཆར་ཞིག་ཡིན་འདུག

ཐེངས་འདིའི་དབྱིན་རྒྱ་གཉིས་ཀྱི་ཚོང་འབྲེལ་དང་འབྲེལ་བའི་ལས་གཞིའི་ཐད། ཁ་སང་དབྱིན་ཇིའི་ནང་སྲིད་བློན་ཆེན་གྱིས་ཌར་རེ་ (Terry) ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། དབྱིན་ཇིའི་ཕྱོགས་ནས་དེང་ཕྱིན་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཐོག་སྔར་ལས་གུ་ཡངས་བཏང་སྟེ། དབྱིན་ཇིའི་གནམ་ཐང་དུ་ཐོན་ཏེ་ཐོངས་མཆན་སྤྲོད་དགོས་པའི་རྒྱ་རིགས་ཚོར། ཐད་ཀར་ཡུ་རོབ་མནའ་འབྲེལ་གྱི་ཆོག་མཆན་ཡོད་པའི་ཐོངས་མཆན་ཡིག་ཆ་སྤྲད་དེ། གཞན་པའི་ཡིག་ཆའི་རིགས་གང་ཡང་མི་དགོས་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། མ་འོངས་པར་དབྱིན་གཞུང་གིས་དབྱིན་སྒོར་ཁྲི་ ༡༥༠ རྩོམ་པ་གྲགས་ཅན་ཤ་ཁུ་སུ་ཕེ་རེ་བཟོ་གྲྭར་རོགས་དངུལ་བཏང་སྟེ། རྩོམ་པ་པོ་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་རྒྱ་ཡིག་ནང་བསྒྱུར་རྒྱུ་དང་། ༢༠༡༦ ལོར་རྩོམ་པ་པོ་ཁོང་སྐུ་མྱ་ངན་ལས་འདས་ནས་ལོ་ ༤༠༠ འཁོར་བའི་དུས་དྲན་སྐབས། གཞུང་ངོས་ནས་འགྲོ་གྲོན་བཏང་སྟེ་རྒྱ་ནག་ནང་དམ་པ་ཁོང་གི་འཁྲབ་གཞུང་སོགས་གཟིགས་འབུལ་ཞུ་འཆར་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist