མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་གྱི་བོད་དོན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ་ནས་རྒྱ་ནག་གིས་ལོ་ལྔའི་ནང་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་མ་འཛུགས་མཉམ་ལས་བྱ་འཆར་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ནས་ ༡༩ ཉིན་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་། འདི་ནི་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་རྗེས་ཀྱི་རྒྱ་གར་ནང་སྐོར་སྐྱོད་གནང་བ་ཐོག་མ་དང་། ནཱ་རེན་ཌ་མུ་དྷེ་རྒྱ་གར་སྲིད་བློན་དུ་བསྡད་རྗེས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་སྐོར་སྐྱོད་ཐོག་མ་བཅས་ཆགས་རྒྱུ་ཡིན་འདུག

ད་རེབ་རྒྱ་དཀར་ནག་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་དང་བསྟུན་ཏེ། རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་ ༧ གྱིས་འགྲོ་གྲོན་བཏང་ནས་རྒྱ་གར་གྲོང་ཁྱེར་པུ་ནེ་དང་གྷན་དྷི་ནཱ་གྷར། ཏ་མིལ་ནཱ་ཌོ་བཅས་ནང་རྒྱ་ནག་གི་བཟོ་སྐྲུན་ཁེ་ལས་ (Industrial park)གསར་འཛུགས་དང་། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༥༠ ཡི་མ་འཇོག་བྱས་ཏེ་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་བཟོ་སྐྲུན། གཞུང་ལམ་རྒྱ་སྐྱེད་དང་གྲུ་ལམ་ (Port) གསར་བཟོ། གློག་ཤུགས་རྒྱུད་གཏོང་བཅས་ཀྱི་ཐོག་མཉམ་ལས་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གིས་རྒྱ་གར་ནང་རླངས་འཁོར་བཟོ་སྐྲུན་ཁེ་ལས་དང་ཟས་རིགས་ཀྱི་ཁེ་ལས་གསར་འཛུགས་བཅས་ལོ་ལྔའི་ནང་རྒྱ་ནག་གིས་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་མ་འཛུགས་མཉམ་ལས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག དེ་ནི་ཟླ་འདིའི་ཚེས་ ༣ ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཉི་ཧོང་ནང་སྐོར་སྐྱོད་ཀྱིས་ཉི་ཧོང་གཞུང་གིས་རྒྱ་གར་ནང་ལོ་ལྔའི་ནང་ཚུད་དུ་ཨ་སྒོར་ཐེར་འབུམ་ ༣༥ ཡི་མ་འཛུགས་བྱ་རྒྱུའི་ལས་འཆར་ཡོད་པ་དག་ལས་ལྡབ་གསུམ་གྱིས་མང་བ་ཆགས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་གྲོང་ཁྱེར་མོམ་བྷེ་ནང་ཡོད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ལེའུ་ཡུ་ཧྥ་ (Liu Youfa) ཡིས་རྒྱ་གར་དུས་བབ་གསར་ཁང་ལ། “ད་རེབ་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་གནང་སྐབས་ཏེ། ལོ་ལྔའི་ནང་རྒྱ་ནག་གཞུང་གིས་རྒྱ་གར་ནང་ཉི་ཧོང་གིས་མ་འཇོག་བྱ་འཆར་ཡོད་པ་ལས་ལྡབ་གསུམ་ཙམ་གྱིས་མང་བའི་མ་འཛུགས་བྱས་ཏེ། རྒྱ་གར་ནང་རྒྱ་ནག་གི་ཁེ་ལས་གསར་འཛུགས་དང་འབྲེལ། རྒྱ་གར་ལ་རོགས་རམ་བྱས་ཏེ་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་གསར་སྐྲུན་དང་། གཞུང་ལམ་གསར་རྒྱག རླངས་འཁོར་བཟོ་སྐྲུན་ཁང་དང་ཟས་རིགས་ཁེ་ལས་གསར་འཛུགས་གཙོས། མཚོ་ཐོག་བརྒྱུད་རྒྱལ་ཁབ་གཉིས་བར་དར་གོས་ཚོང་འབྲེལ་བྱ་རྒྱུ་བཅས་ཀྱི་ཐད་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད”€ ཅེས་བརྗོད་འདུག

ཁོས་མུ་མཐུད་དུ།”ཉི་ཧོང་ལ་རྒྱ་གར་གཞུང་གིས་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་ (Bullet Trains) བཟོ་སྐྲུན་བྱ་རྒྱུའི་ལས་འཆར་ཐོག་མ་དེ་སྤྲད་ཡོད་པ་ལྟར། ད་ལྟ་ང་ཚོས་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་བཟོ་སྐྲུན་བྱ་རྒྱུའི་ལས་འཆར་གཉིས་པ་དེར་ཤུགས་རྒྱག་གི་ཡོད། རྒྱ་གར་གྱི་གྲོང་ཁྱེར་ཕན་ཚུན་བར་ཆུ་ཚོད་གཅིག་ནང་སྤྱི་ལེ་ ༡༦༠ ལྷག་བགྲོད་ཐུབ་པའི་མེ་འཁོར་བཟོ་སྐྲུན་གཙོས། རྒྱ་གར་རྒྱལ་ཡོངས་ཀྱི་མེ་འཁོར་ལྕགས་ལམ་འཕེལ་གཏོང་བ་སོགས་རྒྱ་ནག་གཞུང་གིས་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་ ༥༠ ལྷག་མ་འཇོག་བྱས་ཏེ། རྒྱ་གར་གྱི་གཞུང་ལམ་དང་གྲུ་ཁ། གཙང་ཆུའི་ལས་འཆར་ཁག་ལ་མཉམ་ལས་བྱ་རྒྱུ་ཡིན”€ ཞེས་བརྗོད་འདུག

ཁ་སང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས་གསར་ལམ་དུ། རྒྱ་གར་གྱི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་ཆེད་རྒྱ་ནག་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་བརྒྱ་ཆ་བརྒྱ་ཡི་མ་འཛུགས་བྱ་རྒྱུར་ (FDI) ཆོག་མཆན་སྤྲད་ཡོད་སྐོར་དང་། རྒྱ་གར་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ནེ་ཊིན་གྷ་ཀ་རེ་(Nitin Gadkari) ལགས་ཀྱིས་ཀྱང་། ད་ལོ་རྒྱ་གར་གཞུང་གིས་ཨ་སྒོར་ཐེར་འབུམ་ ༣༢།༩ ཡིས་འགྲོ་སོང་བཏང་སྟེ། རྒྱ་གར་གྱི་གཞུང་ལམ་གསར་སྐྲུན་དང་རྒྱ་སྐྱེད་ཀྱི་ལས་འཆར་ཁག་བསྒྲུབ་རྒྱུ་ཡིན་སྐོར། དེ་བཞིན་ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་གར་གྱི་གློག་ཤུགས་མཁོ་འདོན་བློན་ཆེན་ (Power minister) པི་ཡུ་ཤི་གྷོ་ཡལ་ (Piyush Goyal) ལགས་ཀྱིས། ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱ་ཝན་ (Naveen Patnaik) ལགས་སུ། མ་འོངས་པའི་ལོ་ ༤ ནང་རྒྱ་གར་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་གར་གྱི་རྒྱུན་སྤྱོད་ཐུབ་པའི་གློག་ཤུགས་ཐོན་ལས་ (renewable sector) ཁག་ལ་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་ཐད་འཛུགས་མ་འཇོག་བྱ་འཆར་ཡོད་སྐོར་བརྗོད་ཡོད་པ་མ་ཟད། མ་འོངས་པའི་ལོ་ ༥ ནང་ཨོ་རི་སའི་རྡོ་སྣུམ་ཁེ་ལས་ཁག་དང་། རྡོ་སྣུམ་དང་སོལ་རླངས་སྦུབས་ལམ་ (pipelines) གཙོས་གློག་འདོན་ས་ཚིགས་ཀྱི་བརྒྱུད་ལམ་ཁག་ལ་ཨ་སྒོར་ས་ཡ་ ༣༠ ཡི་འགྲོ་གྲོན་གཏོང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་འོག་རྒྱ་གར་ནང་སྐོར་སྐྱོད་བྱ་འཆར་ཡོད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་ཆུང་ཁྲོད། རྒྱ་ནག་གི་གྲུ་ཁ་ལྷན་ཚོགས་ཀྱི་ཚོགས་མི་དང་། མེ་འཁོར་ལྕགས་ལམ་བཟོ་སྐྲུན་ཚན་པ(China Railway Construction Group)། བརྡ་འཕྲིན་ཚན་རྩལ་ཁེ་ལས་ཧུའུ་ཝེ (Huawei)། རྒྱ་ནག་གི་དངུལ་ཁང་ (Bank of China)། རྒྱ་ནག་གི་བཟོ་ཚོང་དངུལ་ཁང་ (Industrial & Commercial Bank of China)། རྒྱ་ནག་གི་འཛུགས་སྐྲུན་དང་སོ་ནམ་ཞིང་ལས་དངུལ་ཁང་ (China Construction and Agricultural Bank) སོགས་ཀྱི་སྐུ་ཚབ་ཡོད་འདུག

ད་རེབ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་འཆར་ཡོད་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་ཚོས་དོ་སྣང་གནང་ཆེན་པོ་བྱེད་བཞིན་ཡོད།

ཟླ་སྔོན་མའི་ཚེས་ ༢༩ ཉིན་རྒྱ་གར་དུས་བབ་ཀྱིས་པེ་ཅིན་ནང་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་རྒྱ་གར་གནད་དོན་ཆེད་མཁས་པ་མཱ་ཅཱ་ལི་ (Ma Jiali) ལ་བཅར་འདྲི་ཞུས་པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་གར་གྱི་དཔོན་རིགས་ཚོར་༧གོང་ས་མཆོག་གི་གནང་སྒོ་ཇི་ཡིན་དང་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་གནས་ཆོག་མིན་ཐོག་གླེང་སློང་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཟླ་འདིའི་ཚེས་ ༡༡ ནང་རྒྱ་གར་དབུས་ཆབ་སྲིད་ཉམས་ཞིབ་ཁང་གི་ཐབས་ཇུས་མཁས་པ་ལྦར་མ་ཅཱ་ལ་ནི་ལགས་ཀྱིས་ཀྱང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་ཆེད་བརྗོད་ཅིག་སྤེལ་ཡོད་པའི་ནང་། རྒྱ་ནག་གི་དཔོན་རིགས་ཚོའི་འཚམས་གཟིགས་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཆེད་མིན་པར་ས་ཆའི་བདག་དབང་རྩོད་རྒྱུ་ནས་མགོ་ཚུགས་ཏེ་ཁེ་ཕན་བསྒྲུབ་ཆེད་ཡིན། ཞེས་བརྗོད་ཡོད་པ་མ་ཟད། རྒྱ་གར་སྲིད་བློན་ནེ་རུ་ནས་བཟུང་སྲིད་བློན་རིམ་པས་རྒྱ་ནག་ནང་འཚམས་གཟིགས་གནང་སྐབས། ཁོང་རྣམ་པས་རྒྱ་ནག་གཞུང་ལ་མཛའ་མཐུན་གྱི་རྣམ་པ་མཚོན་པའི་གཏམ་བཤད་གནང་བ་དང་རྩ་ཆེན་གནང་སྐྱེ་དེ་འདྲ་ཕུལ་བ་སོགས་བཟང་ཕྱོགས་རྣམ་འགྱུར་སྟོན་ཅི་ཐུབ་བྱས་ཡོད་ཀྱང་། དེ་ཚོའི་ལན་ལ་རྒྱ་ནག་གིས་རྒྱ་གར་ལ་ཁེ་ཕན་གང་ཡང་སྤྲད་མེད་པ་མ་ཟད། ཕན་ཚུན་གྲོས་མཐུན་འཇོག་སྐབས་ཀྱང་རྒྱ་གར་ལ་གྱོང་གུད་ཆེན་པོ་ཕོག་གི་ཡོད་སྐོར་བསམ་ཚུལ་སྤེལ་ཡོད།

ཟླ་འདིའི་ཚེས་ ༩ ཉིན་རྒྱ་གར་སྲིད་བློན་ཉི་ཧོང་དུ་སྐྱོད་སྐབས་ཁོང་གིས། “€œབར་ལམ་ང་ཚོའི་ཉེ་འཁོར་དུ་དུས་རབས་ ༡༨ ནང་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློའི་འོག་གཞན་གྱི་ས་ཆ་བཙན་བཟུང་དང༌། གཞན་གྱི་མཚོ་ཁུལ་དུ་བཙན་འཛུལ་བྱེད་མཁན་ཡོད་སྟབས། རྒྱ་གར་དང་ཉི་ཧོང་གཉིས་ལ་ཨེ་ཤ་ཡའི་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ ཡོད” ཅེས་དང་། ཟླ་འདིའི་ཚེས་ ༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ (Sushma Swaraj) ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཐོག “དེ་སྔ་རྒྱ་ནག་ངོས་ནས་ང་ཚོ་དང་མཉམ་དུ་བོད་དང་ཐའེ་ཝན་གྱི་གནད་དོན་གླེང་སློང་ བྱེད་སྐབས། ང་ཚོས་རྒྱ་ནག་གི་གཅིག་གི་འདོད་ཚུལ་ལ་བསམ་ཤེས་བྱས་ཡོད་པ་ལྟར་རྒྱ་ནག་གཞུང་ གིས་ཀྱང༌ང་ཚོས་ཨ་རུ་ན་ཅལ་མངའ་སྡེའི་གནད་དོན་དེ་གལ་ཆེན་པོ་བརྩི་བཞིན་ཡོད་པར་ བསམ་ཤེས་བྱས་ཏེ། རྒྱ་གར་གཅིག་གི་འདོད་ཚུལ་ལ་མོས་མཐུན་བྱེད་དགོས་ཀྱི་རེད” €ཅེས་བརྗོད་ཡོད།

དེ་བཞིན། ཉིན་འདི་གར་དྷ་རམ་ས་ལར་ཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་ནང་དུའང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ད་ཐེངས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཐོག་མར་གཟིགས་སྐོར་གནང་བཞིན་ཡོད་པ་དང་བསྟུན་ཏེ། སྤྱི་འཐུས་ལྷན་ཚོགས་ངོས་ནས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད། རྒྱ་ནག་སྲིད་འཛིན་ལ། རྒྱ་ནག་གཞུང་གིས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ལྷ་ཡུལ་ལྟ་བུར་བསྒྱུར་ཡོད་ཅེས་བཤད་པ་ལྟར། དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཅིག་བོད་ནང་ཡོང་ཆོག་པ་ཞུ་ཞེས་ཞུས་ཡོད། ཅེས་གསུངས་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ་རྒྱལ་ཁབ་གཉིས་བར་ཚོང་དོན་གྲོས་ཆོད་ག་ཚོད་ཅིག་བཞག་ཀྱང་། རྒྱ་དཀར་ནག་གི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་ཁག་པོ་ཡིན་པ་ཙམ་མ་ཟད། བོད་ཐོག་འཛིན་པའི་སྲིད་བྱུས་ལའང་འགྱུར་ལྡོག་འགྲོ་རྒྱུ་ཁག་པོ་ཡིན་སྐོར་རྗོད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 15

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་དཔོན་ཞིས་ལ་དགའ་བསུ་བྱས་རུང།བོད་ནང་དམ་དྲག་ལྷོད་ཡངས་དང།གཏེར་ཁ་སྔོགས་འདོན་མཚམས་འཇོགས་མེད་ཁར་འདི་ཕྱོགས་སུ་ང་ཚོར་རྒྱ་གར་མི་དམང་གི་བལྟ་སྟངས་མི་ལེགས་པར་ཡོང་རྒྱུ་ལས་སྒྲུབ་འབྲས་བཟང་པོ་སྣེ་གཅིག་མི་རག་ཁོ་ཐག་ཡིན་དེ་ལས་ངོ་རྒོལ་གང་ཐུབ་ཅི་ཐུབ་བྱས་ན་དེ་དྲག་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པའི་སྒྲིག་འཛུགས་འདི་མེད་པ་བཟོས་ན་རྒྱ་མི་ངོ་སོ་སྟོད་ཐུབ་ཡོང་ན་མ་གཏོགས་གཞན་རེ་བ་ཡོད་མ་རེད།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པའི་སྒྲིག་འཛུགས་འདི་མེད་པ་བཟོས་ན་རྒྱ་མི་ངོ་སོ་སྟོད་ཐུབ་ཡོང་ན་མ་གཏོགས་གཞན་རེ་བ་ཡོད་མ་རེད།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པའི་སྒྲིག་འཛུགས་འདི་མེད་པ་བཟོས་ན་རྒྱ་མི་ངོ་སོ་སྟོད་ཐུབ་ཡོང་ན་མ་གཏོགས་གཞན་རེ་བ་ཡོད་མ་རེད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པའི་སྒྲིག་འཛུགས་འདི་མེད་པ་བཟོས་ན་རྒྱ་མི་ངོ་སོ་སྟོད་ཐུབ་ཡོང་ན་མ་གཏོགས་གཞན་རེ་བ་ཡོད་མ་རེད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    འོ་ད་དེ་འདྲ་ཡིན་ན་རྒྱ་དཔོན་ཞིས་ལ་དོན་གཉིས་འབུལ་རྒྱུ་འདུག་དང་པོ་དེ་ཏཱ་ལ་བླ་མ་རྒྱོག་མྱུར་ཐོག་བོད་པ་གིས་རྒྱ་གཞུང་ལ་རྩིས་འབུལ་ཞུ་རྒྱུ་གཉིས་པ་དེ་བོད་མིའི་སྒྲིགས་འཛུགས་ཕྲལ་མལ་ཉིད་དུ་གཏོར་རྒྱུ་ལས་ཀ་དེ་གཉིས་རྒྱ་གཞུང་དང་རྒྱ་དཔོན་ལ་ཞུས་དང།་དེ་ནི་བརྡ་ལེན་བཟང་པོ་ཞིག་གཏན་གཏན་ཡོང་ངེས་ཡིན་དེ་མ་གཏོགས་ཞུ་པ་ཕུལ་ན་ངོ་རྒོལ་ན་ཅིག་པ་རེད་

    Reply
  7. ཁྱམས་འཇུགས་ says:

  8. ཁྱམས་འཇུགས་ says:

  9. ཁྱམས་འཇུགས་ says:

  10. འཇམ་གཅེས ། says:
    ལོ་ 12 སྔོན།

    ༼ལས་འགུལ་སྤེལ་སྟངས་ནོར་མི་རུང་༽

    སྲིད་འཛིན་ཞེའི་ཅིང་ཕེང་རྒྱ་གར་དུ་ཕེབས་པའི་སྐབས་སུ་ང་དང་ཁྱེད་ལ་ཁེ་བཟང་དགོས་ན་ཁོང་ལ་ངན་སྨྲས་དང་ཟུར་ཟ་མཚམས་འཇོག་ཐོག་ནས་རང་རིགས་ཀྱི་བདེ་སྡུག་ར་སྤྲོད་ཐུབ་པ་དགོས། གལ་སྟེ་རང་ཉིད་ལ་གྱོང་ཁ་འཕར་མ་རེ་དགོས་ན་བ་གླང་འཁྲུག་འཛིང་ལྟར་བྱོས། འཇུག་འབྲས་ནི་མགོ་ལས་རྨ་ཁ་ཆེ་བ་ཞིག་ཡོང་རྒྱུ་ཉག་ཅིག་གོ།
    དེ་བཞིན་རྒྱ་བོད་རྩོད་གླེང་ལ་ཡང་རིག་འགྲེལ་དགོས། ང་ཚོ་བོད་པ་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨ་རི་དང་ཡུ་རོབ། མཉམ་འབྲེལ་རྒྱ་ཚོགས་སོགས་རྒྱལ་སྤྱིའི་ཚོགས་པ་དང་སྒྲིགས་འཛུགས་གང་འདྲ་ཞིག་ཡིན་ཡང་རྒྱ་ནག་གི་སྟོབས་ཤུགས་ལ་རེ་བ་དང་དོགས་པ་གཉིས་ཀ་དགོས་པ་གྱུར་ཡོད། ང་ཚོ་ལ་དམག་དཔུང་དང་། གོ་ལག དཔལ་འབྱོར་དང་མི་འབོར། ཁྲོམ་ར་དང་ལག་རྩལ། མདོར་ན་གཡུལ་དུ་དགོས་པའི་སྟོབས་ཤུགས་དང་ནུས་པ་སོགས་གང་ཡང་མེད་ཕྱིན། ང་ཚོ་ལ་དྲང་བདེན་ཡོད་ཅེས་དང་། ང་ཚོ་ལ་ཐོབ་ཐང་མི་འདུག་ཞེས་ག་ཚོད་བཤད་རུང་སུས་ཀྱང་དོན་ཕན་ལྡན་པའི་རོགས་སྐྱོར་ཞིག་སྔར་བྱུང་མ་མྱོང་ལ། ཕྱིས་སུ་ཡང་འབྱུང་མི་སྲིད་པ་ནི་མྱོང་བས་གྲུབ་ཡོད། དེ་ལས་བྱ་མ་དཀྲོག་པར་སྒོ་ང་ཐོབ་ཐུབ་པའི་རྣམ་དཔྱོད་དང་། ཐབས་ཤེས་ཡོད་ན་སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར་ཡིན། གལ་སྲིད་ཁྱེད་ཚོས་དངོས་སུ་རྒྱ་མིའི་དར་དམར་མེ་ལ་བསྲེག་རུང་། དོན་དངོས་ཚིག་རྒྱུ་ནི་བོད་མིའི་གངས་སེང་དར་ཆ་ཡིན། ཁྱེད་ཚོས་སྲིད་འཛིན་ཞེ་ཅིང་ཕིང་ལ་ཕོག་ཐུག་འགྲོ་གཞིའི་ཐལ་ཆ་ཆེ་བའི་བྱ་སྤྱོད་སྤེལ་ཚེ། དིབ་རྒྱུ་ནི་སོ་སོའི་རྩ་དོན་ལས་མ་འདས། ཁྱེད་ཚོས་ཁོང་གི་འདྲ་པར་ལ་བཟོ་བཅོས་གཏོང་བ་ཡིན་ན་དེའི་འཇུག་འབྲས་ནི་སོ་སོའི་ངོ་གདོང་ལ་བཟོ་བཅོས་ངན་པ་རེ་དོད་ངེས་ཡིན། མདོར་ན་ཁེར་འདོད་ལ་གྱོང་མི་འདོད་མཁན་གྱི་མི་བུ་ཞིག་ཡིན་ཕྱིན་རང་མགོ་བརྡོ་ཡིས་མ་བརྡུང་རོགས། ཡིན་ཡང་གོང་དུ་ཞུས་མ་ཐག་པ་བཞིན། ལས་འགུལ་མ་སྤེལ་ཟེར་གྱི་མེད། ལས་འགུ་ངེས་པར་དུ་སྤེལ་དགོས། ཁ་ཕྱོགས་མ་ནོར་བ་སྤེལ་དགོས། ཚོར་སྣང་ཙམ་དང་གཡམ་རྒྱུགས་ཀྱི་གོ་ཐིག་ནང་དུ་ནམ་ཡང་མ་ཚུད་པའི་སྒོ་ནས་ལས་འགུལ་སྤེལ་དགོས། ངེས་པར་དུ་སྤེལ་དགོས།།།།

    Reply
  11. འཇམ་གཅེས ། says:

  12. འཇམ་གཅེས ། says:

  13. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ང་ཚོ་བྱ་བ་བཟང་པོའི་གནས་ཚུལ་གཅིག་ཀྱང་ཡོང་མི་སྲིད། རྒྱ་གར་སྐོར་སྲུང་པས་ཉེས་རྡུང་རག་མིན་ལ་མ་སྟོས་པར་རྒྱ་དཔོན་གྱི་གདོང་ལ་ཐལ་བ་སྤར་མོ་གང་དང་ཆིལ་ཞག་ཞིག་ཕེན་ཐུབ་ན་ཁ་ེདང་རྒྱལ་ཁ་དེ་ག་ཡིན།
    །

    Reply
  14. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་མིའི་མགོ་པ་ཞིས་རྒྱ་གར་ཡོང་སྐབས་།ང་ཚོ་བོད་ལ་བྱ་བ་བཟང་པོའི་གནས་ཚུལ་གཅིག་ཀྱང་ཡོང་མི་སྲིད་པར་རེ་མ་རྒྱག་དེ་ལས་རྒྱ་གར་སྐོར་སྲུང་བའི་རྡུང་སྡིག་དང།བཙོན་འཇུག་བྱས་མིན་ལ་མ་སྟོས་པར་རྒྱ་དཔོན་ཁོའི་གདོང་ལ་ཆིལ་མ་ཐིག་པ་ཐལ་བ་སྤར་མོ་གང་གཏོར་ཐུབ་ན་དེ་ནི་ང་ཚོར་པགས་པའི་ཁེ་བཟང་དང།་རྒྱལ་ཁ་རེད།

    Reply
  15. གནས་ཚང་། says:
    ལོ་ 12 སྔོན།

    རྒྱ་གར་ནང་ཡོད་པའི་བོད་པ་རྒྱ་ཡིག་མཁྱེན་མཁན་ཚོར་ལས་ཀའི་གོ་སྐབས་རེད། ཚང་མ་ལོས་གོ་སྐབས་མ་ཤོར་བ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese