མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་བོད་ཡིག་ལག་བྲིས་སྒྱུ་རྩལ་གྱི་ཤོག་དྲིལ་རིང་ཤོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་བོད་ཡིག་ལག་བྲིས་སྒྱུ་རྩལ་ཤོག་དྲིལ་རང་ཤོས་ཀྱི་མཚན་གནས་ཐོབ་མཁན་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཡིག་གཟུགས་འགྲེམས་སྟོན་གནང་སོང་ལ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཡི་གེ་བྱུང་ཚུལ་སྐོར་ལ་གསུང་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་དྷ་ས་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་དབུས་གཙང་རྒྱུན་ལས་ཁང་གི་གོ་སྒྲིག་འོག ༢༠༡༠ ལོར་འཛམ་གླིང་གི་བོད་ཡིག་ལག་བྲིས་སྒྱུ་རྩལ་གྱི་ཤོག་དྲིལ་རང་ཤོས་སྨི་ཌི་(Metre) ༡༦༣ འབྲི་མཁན་གྱི་མཚན་གནས་ཐོབ་མཁན་སྐུ་ཞབས་ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་བྲིས་པའི་སངས་རྒྱས་བཅོམ་ལྡན་འདས་དང་སྒྲོལ་མ། སློབ་དཔོན་པདྨ་འབྱུང་གནས། མཆོད་རྟེན། རླུང་རྟ་སོགས་ཀྱི་བོད་ཡིག་ལག་བྲིས་སྒྱུ་རྩལ་འགྲེམས་སྟོན་གནང་སོང་།

འགྲེམས་སྟོན་དེའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེད་སིན་ (Ajay Singh Mankotia) ལགས་དང་དྷ་ས་ས་གནས་མགོ་འཛིན། དེ་བཞིན་དྷ་སའི་རྒྱ་གར་དང་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་མི་མང་བཅས་མི་ ༡༠༠ ལྷག་འཛོམས་སོང་།

མཛད་སྒོའི་ཐོག་མར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡིག་གཟུགས་འགྲེམས་སྟོན་དབུ་འབྱེད་གནང་རྗེས། དབུས་གཙང་ཆོལ་ཁའི་ངོས་ནས་སྒྱུ་རྩལ་པ་ཁོང་གི་ལས་ཀར་བསྔགས་བརྗོད་དང་ཆེ་བསྟོད་ཕྱག་འཁྱེར་ཞིག་གནང་བ་དང་འབྲེལ། དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཡིག་ལག་བྲིས་སྒྱུ་རྩལ་པ་ཁོང་གིས་ ༢༠༡༠ ལོར་འཛམ་གླིང་གྲགས་ཅན་ཇེ་ནེ་སི་དཔེ་དེབ་མཚན་གནས་བཞེས་ཏེ་ད་བར་ལོ་བཞི་ཙམ་ཕྱིན་ཡང་བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་པ་ཁོང་དང་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཁག་ལ་གདེང་འཇོག་བྱེད་མཁན་བྱུང་མེད་སྐོར་བརྗོད་སོང་།

སྒྱུ་རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། སྦྱིར་བཏང་འཛམ་གླིང་གི་ཡིག་གཟུགས་རིང་ཤོས་ཟེར་ནས་ལོ་བཞི་ལྔ་ཞིག་ཕྱིན་ཡང་། བོད་པའི་སྤྱི་ཚོགས་ནང་མཐོང་འདྲ་བོ་རག་པ་ད་རེབ་ཐེངས་དང་པོ་ཡིན་པ་དང་། དབུས་གཙང་ཆོལ་ཁས་ཆེ་སྟོད་ལག་འཁྱེར་གནང་ཡོང་དུས་སོ་སོའི་སྒྱུ་རྩལ་ལ་བདག་པོ་ཞིག་འདུག་བསམ་སོང་། སྔོན་མ་དྲུག་ཅུའི་ནང་ང་ཚོ་སིམ་ལ་སློབ་གྲྭའི་ནང་ཡོད་སྐབས་རིན་པོ་ཆེ་མཆོག་དང་དགུང་པ་རྫོགས་པའི་དགེ་བཤེས་བློ་བཟང་དར་རྒྱས་ལགས་གཉིས་ཀྱིས་དཀའ་ངལ་ཆེན་པོས་ཀ་ཁ་སློབ་ཁྲིད་གནང་བ་དེ་ད་ལྟ་འཛམ་གླིང་ནང་སྐད་གྲགས་བྱུང་བ་དེ་ཁོང་རྣམ་པ་གཉིས་ཀྱི་བཀའ་དྲིན་ཡིན། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། དེང་སྐབས་ཡིག་གཟུགས་སྦྱངས་ནས་ཆོ་མེད་པར་གློག་ཀླད་ཡོད་པ་རེད་ཟེར་བ་དང་། ལྷག་པར་དུ་དབུ་མེད་སྦྱོང་ན་ཕན་ཐོགས་མི་འདུག་ཟེར་བའི་དུས་ཚོད་ཅིག་ལ་ངས་བོད་ཡིག་ལག་བྲིས་ཀྱི་འགྲེམས་སྟོན་བྱས་ཏེ། ང་རང་གི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོའི་ནང་ཡིག་གཟུགས་ལ་བསྐྱར་དུ་དོ་སྣང་དང་འཛམ་གླིང་ནང་རྒྱ་ནག་དང་ཏ་ཟིག་ (Persia) གི་ཡིག་གཟུགས་སྒྱུ་རྩལ་གྲས་སུ་བོད་ཀྱི་ཡིག་གཟུགས་ཀྱང་བསླེབ་ཐུབ་ཆེད་ཡིན། ཞེས་བརྗོད་སོང་།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གིས་བོད་ཀྱི་ཡིག་གེ་བྱུང་སྟངས་སྐོར་གསུངས་དོན། ཡི་གེ་དང་ཡིག་གཟུགས་གཉིས་ངོ་བོའི་ཆ་ནས་ཁ་ཁ་རེད། ཡི་གེ་ཟེར་སྐབས་ངག་གི་རང་བཞིན་ཞིག་རེད། ཡིག་གཟུགས་ཟེར་སྐབས་མངོན་པར་གསལ་བའི་གཟུགས་ཀྱི་སྤྱི་ཁྱབ་རང་བཞིན་ཞིག་ཆགས་ཡོད། བོད་ཡིག་ལ་ཆ་བཞག་ན་དུས་རབས་བདུན་པའི་ནང་གཞི་ནས་གསར་དུ་བྱུང་བ་ཞིག་རེད། སྦྱིར་འཇིག་རྟེན་གྱི་ཡིག་རིགས་ནང་བོད་ཀྱི་ཡིག་གཟུགས་རྙིང་པ་ཞེ་དྲག་མ་རེད། ཐོན་མི་སམ་བྷོ་ཊས་བརྩམས་པའི་བོད་ཀྱི་ཡིག་གཟུགས་མ་བྱུང་བའི་སྔོན་ལ་བོད་དུ་ཡིག་གཟུགས་ཡོད་མེད་རྩོད་གཞི་རེད། གཡང་དྲུང་བོན་ལ་སོགས་པའི་བོད་ཀྱི་སྔ་རོལ་གྱི་བྱུང་རབས་ནང་ཁ་ཤས་ཀྱིས་ཐོན་མིས་བརྩམས་པའི་ཡིག་གཟུགས་སྔོན་ལ་བོད་དུ་ཡིག་གཟུགས་ཡོད་སྐོར་གསུང་མཁན་ཡོད་ཀྱང་། ད་ལྟའི་བར་བྱུང་རབས་ཀྱི་བདེན་རྟགས་ཟངས་དང་རྡོ་ལ་བརྐོས་པའི་རིགས་གང་ཡང་རག་གི་ཡོད་པ་མ་རེད། དཔེར་ན། རྒྱ་གར་གྱིས་མཚོན་པའི་ཤར་གླིང་གི་ཡིག་གཟུགས་རྙིང་པ་ཚོར་ཆ་བཞག་ན་སྤྱི་ལོའི་སྔོན་གྱི་བརྒྱ་ཕྲག་དྲུག་པ་བདུན་པར་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་ཀྱི་ཡིག་གཟུགས་དེ་འདྲ་རག་གི་ཡོད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་གསུངས་དོན། “བོད་ཀྱི་ཡི་གེ” ཟེར་བའི་ཐ་སྙད་འདི་རྒྱ་གར་གྱི་བསྟན་བཅོས་སངས་རྒྱས་ཀྱི་བཀའི་ནང་བོད་ཀྱི་ཡི་གེ་ཟེར་བ་བྱུང་མེད་ཀྱང་། བོད་ཀྱི་ཡི་གེ་ཟེར་བའི་ཐ་སྙད་ཐོག་མ་འགྲེལ་ཆེན་དྲི་མེད་འོད་ནང་ཡོད་པ་རེད། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཆོས་རྒྱལ་འཇམ་དཔལ་གྲགས་པ་དང་པདྨ་དཀར་པོའི་སྐབས་བྱུང་བ་རེད། འགྲེལ་ཆེན་དྲི་མེད་བརྩམས་པའི་ལོ་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༦༠༠ ཙམ་འདས་པའི་རྗེས་རེད། སངས་རྒྱས་ཀྱིས་གསུངས་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དེ་ཡུལ་ལུང་སོ་སོའི་སྐད་ཡིག་ནང་འབྲི་སྐབས་བོད་པ་རྣམས་ཀྱིས་བོད་ཀྱི་ཡི་གེའི་ནང་བྲིས་པ་རེད་ཅེས་པའི་ཚིག་གསལ་བོར་འཁོད་ཡོད། དེ་ལ་སྒྲ་ཅི་བཞིན་ཁས་བླངས་ན་ཐོན་མིས་བརྩམས་པའི་ཡིག་གཟུགས་སྔོན་དུ་བོད་ལ་ཡི་གེ་ཟེར་བ་ཡོད་ཀྱང་བར་ལམ་ཉམས་ཆག་ཕྱིན་ཡོད་འདུག འགྲེལ་ཆེན་དྲི་མེད་ཡུལ་ནང་གསུངས་བ་དེ་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་བའང་ཡིན་སྲིད། དཔེར་ན། མདོ་རྒྱུད་ནས་གསུང་བ་མང་དག་ཅིག་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་མང་པོ་ཡོད་པ་རེད། དེ་འདྲ་ཞིག་ལ་འགྲེལ་བ་བརྒྱབ་ན་མ་འགྲིག་པ་ཡོད་པ་མ་རེད། གང་ལྟར་བོད་ཀྱི་ཡིག་གཟུགས་དེ་རྒྱ་གར་ནང་སྐབས་དེར་དར་བའི་ཌེ་བེ་ནཱ་གྷི་རེ་ (Devenagari) ཟེར་བ་དེ་ནས་ཚངས་པའི་ཡིག་གཟུགས་དང་ལྷ་ཡི་ཡིག་གཟུགས། ཡང་མིན་ན་ལྷ་ཡི་གྲོང་ཁྱེར་གྱི་ཡིག་གཟུགས་དེ་འདྲ་སྣ་ཚོགས་ལ་དཔེ་བལྟས་པ་རེད་ཅིག་རེད། ཅེས་གསུངས་སོང་།

བཀའ་བློན་ཁྲི་ཟུར་མཆོག་གིས་བོད་ཀྱི་དབྱངས་གསལ་དེ་དག་ལེགས་སྦྱར་ལས་བྱུང་ཚུལ་གསུངས་དོན། དབུ་ཅན་དང་དབུ་མེད་གཉིས་ཡོང་དགོས་དོན་ཡང་སྐབས་དེ་དུས་མགོ་ཡོད་པ་དང་མགོ་མེད་པ་གཉིས་ལས་དབུ་ཅན་དང་དབུ་མེད་གཉིས་བྱུང་བ་རེད། ཁ་སང་དེ་རིང་མཁས་པ་ཁ་ཤས་ཀྱིས་ཐོག་མ་དབུ་ཅན་བྱུང་བ་དང་དབུ་ཅན་མགྱོགས་པོ་བྲིས་པའི་དབང་གིས་དབུ་མེད་ཆགས་པ་རེད་ཅེས་གསུང་མཁན་ཡོད་པ་རེད། དེ་བྱུང་རབས་ཀྱི་གནས་སྟངས་དང་མཐུན་པ་ཞིག་ཆགས་ཀྱི་མེད། བོད་པའི་ཡི་གེ་འདི་གཞན་དང་མི་འདྲ་བ་ཁྱད་ཆོས་མང་པ་ཡོད་པ་ལས་གཅིག ང་ཚོའི་དབྱངས་དང་གསལ་བཤད་གཉིས་ལེགས་སྦྱར་གྱི་སྐད་ནས་ཚུར་བཏོན་པ་ཆགས་ཡོད།ཙ་ཚ་ཛ་དང་ཞ་ཟ་འ་དེ་དྲུག་མ་གཏོགས་ལེགས་སྦྱར་སྐད་ནས་བཏོན་པ་ཤ་སྟག་རེད། ལེགས་སྦྱར་གྱི་སྐད་ནང་དབྱངས་གསལ་དག་མིའི་ལུས་ཀྱི་རང་བཞིན་གྱི་གནས་བབ་དང་བསྟུན་པའི་རྩ་དང་རླུང་གི་རྒྱུ་བར་ཏག་ཏག་འགྲིག་པའི་དབྱངས་གསལ་གྱི་གནས་སྟངས་ཤིག་ཆགས་ཡོད། དཔེར་ན། ང་ཚོས་གསང་སྔགས་བགྲང་སྐབས་གསང་སྔགས་ཀྱི་སྐད་དང་ཡི་གེ་ཐོག་མ་གང་ནང་གསུངས་པ་དེ་རང་ནས་གསང་སྔགས་བགྲང་པ་མ་གཏོགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་ནང་བསྒྱུར་ནས་བགྲང་གི་མེད། དེ་རྒྱུ་མཚན་ག་རེ་རེད་ཟེར་ན་སྒྲ་གདངས་དང་སྒྲ་གདངས་ཀྱི་ངོ་བོ་མཚོན་ཆེད་ཡིག་གཟུགས་གཉིས་ཀ་སྤྱི་ཚོགས་ཀྱི་ལམ་གྱི་རིམ་པ་དང་མཐུན་པའི་དབང་གིས་རེད། གང་ལྟར་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་གཉིས་ཀ་ལེགས་སྦྱར་སྐད་དང་ཐག་ཉེ་བོ་ཡོད་པ་ང་ཚོས་ངེས་པར་ཤེས་དགོས། དེ་ལ་བརྟེན་ནས་ལེགས་སྦྱར་གྱི་གཞུང་མང་པོ་ཞིག་བོད་སྐད་ནང་བསྒྱུར་ཐུབ་པ་དང་། བོད་ཀྱི་ཡིག་གཟུགས་ཕལ་ཆེ་བ་ལེགས་སྦྱར་གྱི་ཡིག་གཟུགས་ལ་ཐག་ཉེ་བ་ཡོད། ཅེས་གསུངས་སོང་།

མཇུག་ཏུ་རིན་པོ་ཆེ་མཆོག་གིས། ཡིག་གཟུགས་དེ་དག་དང་སྒྱུ་རྩལ་གྱི་ལམ་ནས་མཛེས་ཆོས་ཚང་བའི་ཐོག་ནས་བྲིས་ཐུབ་པར་དེང་རབས་ཀྱི་གསར་གཏོད་ཟེར་ན་འདྲ་གྲུབ་འབྲས་ཆེན་པོ་རེད། ལྷག་པར་དུ་དེང་སང་ཡིག་གཟུགས་ཆུང་ཆུང་འབྲི་བ་ཞེ་དྲག་ཉམས་བསྡད་པ་རེད། སྔོན་མ་རྒྱ་གར་གྱི་མཁས་པ་ཆེན་པོ་ཚོས་གཞུང་ལུགས་ཆེན་པོ་དག་ཡིག་གཟུགས་ཆུང་ཆུང་འབྲི་བའི་ལུགས་སྲོལ་ཞིག་འདུག ད་རེབ་འགྲེམས་སྟོན་ནང་ཡིག་གཟུགས་ཆུང་ཆུང་ངོས་ནས་སྐུ་གཟུགས་ཀྱི་རྣམ་པ་བྲིས་པ་མང་པོ་འདུག དེར་འགྲེལ་བཤད་ཆ་ཚང་དགོས་པ་གལ་ཆེན་པ་རེད། ཅེས་གསུངས་སོང་།

ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་སྔོན་མ་འབྲས་ལྗོངས་མངའ་སྡེ་གཞུང་ནང་ལོ་མང་ཕྱག་ལས་གནང་མྱོང་ཡོད་པ་དང་། དེའི་རྗེས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ཁོངས་ཞུགས་ཡོད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 6

  1. ཡོན་བྷེ། says:
    ལོ་ 11 སྔོན།

    དབྱངས་དང་གསལ་བཤད་གཉིས། དོ་སྣང་ཆེ་ཙམ་གནང་རོགས། མ་ཤེས་པ་མིན་རུང་སྣང་མེད་ཀྱི་རྣམ་པ་ཤུགས་ཆེན་པོ་མཚོན་གྱི་འདུག

    Reply
  2. ཁ་བ་དཀར་པོ། says:
    ལོ་ 11 སྔོན།

    གསར་འགོད་པ་ལྷན་སྐྱབས་རྒྱལ་ཟེར་བ་འདི་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་ཆེན་པོ་སོང་ཡོད་པ་རེད། ཡིན་ནའང་ད་དུང་ཁོ་རང་གི་གསར་འགྱུར་ནང་འགྲིག་ཡོད་མེད་མང་པོ་ཞིག་ཡོང་གི་འདུག ད་དུང་ཡར་རྒྱས་གཏོང་དགོས་ས་དང་ཞིབ་ཚགས་གཏོང་དགོས་ས་མང་པོ་ཞིག་འདུག་པས་དོ་སྣང་གནང་བར་འཛོད་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  3. བོད་དགའ། says:
    ལོ་ 11 སྔོན།

    བོད་ཡིག་ཐོན་མིས་བཟོས་མ་བཟོས་ཟེར་བ་དང་། བོད་ཡིག་རྒྱ་གར་གྱི་ཡི་གེ་ནས་དཔེ་བླངས་མ་བླངས་ཟེར་བའི་སྐད་ཆ་འདི་ཚོ་རྙིང་པ་རེད། མཁས་དབང་ཟམ་གདོང་ཚང་གིས་ལྷ་སྐུ་རྙིང་པ་ལ་རྟེན་བཤད་གསར་པ་བརྒྱབ་གནང་འདུག

    ཁོང་གིས་”ད་ལྟའི་བར་བྱུང་རབས་ཀྱི་བདེན་རྟགས་ཟངས་དང་རྡོ་ལ་བརྐོས་པའི་རིགས་གང་ཡང་རག་གི་ཡོད་པ་མ་རེད། དཔེར་ན། རྒྱ་གར་གྱིས་མཚོན་པའི་ཤར་གླིང་གི་ཡིག་གཟུགས་རྙིང་པ་ཚོར་ཆ་བཞག་ན་སྤྱི་ལོའ་སྔོན་གྱི་བརྒྱ་ཕྲག་དྲུག་པ་བདུན་པར་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་ཀྱི་ཡིག་གཟུགས་དེ་འདྲ་རག་གི་ཡོད། ” གསུངས་འདུག
    དེ་རེད་རྒྱ་གར་ནང་བདུན་རབས་བདུན་པའི་ནང་ལོག་ལ་བོད་ནང་བྱུང་བའི་གོད་ཆག་དང་གཏོལ་རྒོལ། དེ་བཞིན་རིག་གནས་གསར་རྗེ་འདྲ་བའི་དུས་རབས་མང་པོ་ཞིག་ཤར་མ་མྱོང་བ་རེད། སྤྱི་ལོའི་དུས་རབས་བདུན་པའི་སྔོན་ནས་བཞེངས་པའི་སྐུ་འདྲ་དང་ལྷ་ཁང་མཆོད་རྟེན་སོགས་ཀྱང་ད་དུང་ཡང་མཇལ་རྒྱུ་འདུག
    བོད་ལ་མཚོན་ན་སྤྱི་ལོའི་དུས་རབས་བདུན་པའི་གོང་གི་ཡོད་ཚད་མེ་ཆུ་རླུང་གསུམ་ལ་བསྐུར་ཚར་མཁྱེན་བཞིན་དུ་ད་དུང་མཐོང་རྒྱུ་མི་འདུག་གསུང་གིན་བཞུགས་བསྡད་ན་མཁས་པ་ཆེན་པོ་ཁེ་མཚར་རེད།
    ད་དུང་”འགྲེལ་ཆེན་དྲི་མེད་ཡུལ་ནང་གསུངས་བ་དེ་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་བའང་ཡིན་སྲིད། ” ཅེས་ཨུ་ཚུགས་གནང་དགོས་དོན་ཅི་ཡིན་ནམ།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 11 སྔོན།

    “ད་ལྟའི་བར་བྱུང་རབས་ཀྱི་བདེན་རྟགས་ཟངས་དང་རྡོ་ལ་བརྐོས་པའི་རིགས་གང་ཡང་རག་གི་ཡོད་པ་མ་རེད། ”སྐད་ཆ་འདི་འདྲ་ཞིག་མཁས་པ་ཁོང་འདྲ་བ་ཞིག་གིས་བཤད་ཐུབ་པ་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། བོད་ལ་ལོ་སུམ་སྟོང་སྔོན་ནས་ཡི་གེ་འབྲི་སྲོལ་བྱུང་བ་ཡོད་པ་ས་འོག་ནས་ཐོན་པའི་རྡོ་བརྐོས་ཡི་གེ་ཞིག་གིས་བདེན་དཔང་བྱས་པ་རྒྱ་ནག་གི་རིག་དངོས་འཚོལ་ཞིབ་པ་ཚོས་ལོ་མང་པོ་སྔོན་ནས་བསྒྲགས་ཟིན་པ་དང་། ༸གོང་ས་མཆོག་གིས་ཀྱང་ཚུལ་དེ་སྤོབས་པའི་ཚུལ་གྱིས་ཡོངས་བསྒྲག་གནང་ཡོད་པ་རེད། དེར་མ་ཟད་ཉེ་ཆར་མདོ་སྨད་ཐེ་བོའི་ཡུལ་ནས་བོན་གྱི་དཔེ་ཆ་མང་པོ་ཞིག་གསར་རྙེད་བྱུང་བ་དེ་ནང་ནས་འགའ་ཞིག་དུས་རབས་ལྔ་བ་གཡས་གཡོན་གྱི་དཔེ་རྙིང་ཡིན་པའང་ཡིག་རྙིང་ཞིབ་འཇུག་སྡེ་ཁག་གིས་ཐག་གཅོད་བྱས་པར་མ་ཟད་ཉེ་ཆར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཀྱང་དེའི་སྐོར་ལ་ཆེད་བསྒྲིག་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་པ་རེད། འོན་ཀྱང་ཆོས་ལུགས་ག་གེ་མོའི་ལ་རྒྱ་བཟུང་ཁུལ་གྱིས་འདི་རིགས་བཙན་ཚུགས་ཀྱིས་མ་མཐོང་ཁུལ་དང་སྣང་བར་མི་འགྲོ་བའི་ཚུལ་བྱེད་པ་ནི་བོད་པ་ཚོར་ཡོངས་ཁྱབ་དུ་འགོས་ཟིན་པའི་ནད་ཡམས་ཤིག་རེད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    སྲོང་བཙན་གྱི་སྔོན་དུ་མེད་ཟེར་པ་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་ལོ་རྒྱུས་སོགས་ལ་འགན་ཁུར་ཡེ་ནས་མེད་མཁན་ཚོས་སྣང་བ་གང་དྲན་བྱས་པ་ཡིན་པར་ལོ་རྒྱུས་བདེན་པ་འཕྲོ་བརླག་གཏོང་མཁན་དེ་ཚོར་དག་སེལ་བྱེད་པའི་དུས་ལ་བབ་ཡོད།།

    Reply
  6. ཡོན་བྷེ། says:
    ལོ་ 11 སྔོན།

    ཕྲན་ལ་མཚོན་ན་བོད་ཀྱི་དུས་བབ་ཀློག་པ་པོ་རྙིང་བ་ཞིག་ཡིན། འོན་ཀྱང་ཉེ་བའི་ལོ་གཅིག་མ་ཟིན་ཙམ་གྱི་རིང་བོད་ཀྱི་དུས་བབ་དྲྭ་ཤོག་གཉིས་ཀ་ཞིབ་ཚགས་པོས་དོ་སྣང་དང་ཀློག་རྒྱུའི་དུས་ཁོམ་མ་བྱུང་། དེ་རིང་གི་གསར་འགྱུར་འདི་དང་ཉེ་སྔོན་གྱི་གསར་འགྱུར་ཁ་ཤས་ལ་དྲྭ་ཐོག་ནས་དོ་སྣང་བྱུང་སྟེ་བཀླགས་པ་ཡིན། ཉེ་བའི་ལོ་གཅིག་གཉིས་ཤིག་གི་ནང་བོད་ཀྱི་དུས་བབ་ཀྱི་ཡིག་རྩ་ལ་ཉམ་ཆག་ཤུགས་ཆེན་པོ་བྱུང་འདུག་པའི་ཚོར་སྣང་བྱུང་བ་མ་ཟད། དེ་རིང་གི་གསར་འགྱུར་འདིའི་དག་ཆ་གཅིག་པོའི་ངོས་ཐད་ནས་ནན་ཏན་མ་གནང་བའམ་ཤེས་ཚད་ཀྱིས་མ་འདངས་པ་གང་ལྟར་ཡང་ནོར་འཁྲུལ་མང་པོ་ཤོར་འདུག་ན་རྩོམ་སྒྲིག་འགན་འཛིན་མཆོག་གིས་ངེས་པར་ནན་གཟིགས་གནང་གལ་ཆེ་བའི་འབོད་སྐུལ་ཞུ་བཞིན་ཡོད།

    དཔེ་མཚོན། འགྲེལ་ཆེན་དྲི་མེད་འོད་ལ་འགྲེལ་ཆེན་དྲི་མེད་ཡུལ་ཞེས་ལན་གཅིག་མིན་པར་ཆེད་མངགས་ལྟ་བུའི་བྲིས་གནང་འདུག་པས་མཚོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese