མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་གྱི་ལུས་སྦྱོང་སློབ་སྦྱོང་གནང་གི་ཕེབས་ཤོག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་འཛམ་གླིང་ཐོག་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་ལུས་སྦྱོང་ཐོག བོད་པའི་རིག་གཞུང་དང་འབྲེལ་བའི་ལུས་སྦྱོང་ཆེད་མཁས་པ་གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་གིས་དྷ་ས་ཁུལ་གྱི་དགེ་བཙུན་གཙོས་མི་མང་ལ་ལུས་སྦྱོང་ངམ། རྩ་རླུང་སྒྲུབ་སྒོམ་གྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་སྦྱོང་བརྡར་གནང་རྒྱུ་ཡིན་འདུག

ཁ་སང་ཕྱི་དྲོ་ཆུ་ཚོད་ ༥།༡༥ ཐོག མེག་གྷན་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱལ་སྤྱིའི་ནང་བསྟན་སྨན་གླིང་གི་གོ་སྒྲིག་འོག ལུས་སྦྱོང་ཆེད་མཁས་པ་གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་གིས་དང་བླངས་ཐོག་དྷ་ས་ཁུལ་གྱི་མི་མང་ཚོར་གཞི་རིམ་གྱི་ལུས་སྦྱོང་སློབ་འཁྲིད་གནང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་ལྷན་ཚོགས་ཐོག་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གཙོས་པའི་ལས་བྱེད་ཁག་ཅིག་དང་། དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས། རྒྱལ་སྤྱིའི་ནང་བསྟན་སྨན་གླིང་གི་འགན་འཛིན་དགའ་ལྡན་ཚོགས་ཆེན་དབུ་མཛད་ཟུར་པ་དགེ་བཤེས་ནོར་བཟང་ལགས། དྷ་ས་ཁུལ་གྱི་མི་མང་དོན་གཉེར་ཅན་ཁག་ཅིག་བཅས་འཛོམས་སོང་།

འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན། རིན་པོ་ཆེ་མཆོག་གི་ལུས་སྦྱོང་སྐོར་དགའ་ལྡན་ཚོགས་ཆེན་དབུ་མཛད་ཟུར་བ་དགེ་བཤེས་ནོར་བཟང་ལགས་དང་ང་ཚོའི་བར་འབྲེལ་བ་བྱུང་སྟེ། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་ཡོད་པའི་བཀའ་མོལ་བྱུང་བ་ལྟར། རིན་པོ་ཆེ་རྒྱ་གར་ནང་ཕེབས་པ་དང་བསྟུན་ཏེ་ལུས་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ད་ལྟ་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་མཛད་པ་འཕྲིན་ལས་མང་པོ་སྐྱོང་གི་ཡོད་སྟབས། སྤྱིར་བཏང་རྒྱ་གར་ནང་ལུས་སྦྱོང་ཐོག་ལ་སློབ་སྟོན་བྱེད་མཁན་མང་པོ་ཡོད་ཀྱང་། ང་རང་ཚོའི་སྤྱི་ཚོགས་ཀྱི་བོད་རིགས་ཤིག་གིས་འཛམ་གླིང་ཐོག་སྐད་གྲགས་ཐོན་པའི་ལུས་སྦྱོང་ཐོག་ལམ་སྟོན་གནང་གི་ཡོད་པ་དེ། ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཆགས་ཡོད། ཅེས་སོགས་བརྗོད་སོང་།

དགེ་བཤེས་ནོར་བཟང་ལགས་ཀྱིས་བརྗོད་དོན། རིན་པོ་ཆེ་མཆོག་གིས་ལོ་མང་རིང་བོད་བརྒྱུད་ནང་བསྟན་ནང་ཡོད་པའི་སྙིང་པོ་སྟེ། སྤྱིར་གསང་སྔགས་ཁོངས་སུ་ཡིན་པ་གང་ཞིག་བོད་བརྒྱུད་གསོ་བ་རིག་པ་དང་འབྲེལ་བ་ཡོད་པ། ཆོས་ཕྱོགས་ནས་བཤད་ན་རྣམ་པ་ཐམས་ཅད་ཀྱི་གོ་འཕང་ཐོབ་རྒྱུ་དང་འཇིག་རྟེན་གྱི་ཕྱོགས་ནས་འཁྲུལ་འཁོར། སྤྱིར་རྨང་གཞི་འདྲ་པོ་བོད་བརྒྱུད་ནང་བསྟན་དང་གསོ་བ་རིག་པའི་ནང་ཡོད་པ་གང་ཞིག་ལ་དེང་དུས་མིའི་སེམས་ཁམས་དང་མཐུན་པའི་ཐོག་ནས་ལུས་སྦྱོང་འདི་ཡུ་རོབ་གཙོ་བོར་གྱུར་བའི་ཨ་རི་སོགས་ནང་། བོད་པའི་ཐུན་མོང་མ་ཡིན་པའི་རྩ་རླུང་ངམ་ལུས་སྦྱོང་གི་མཚན་ཁྱེར་ནས་སློབ་འཁྲིད་གནང་གི་ཡོད་པར། ཁ་དང་ཚིག་ཙམ་མིན་པར་དངོས་གནས་ཕན་ཐོགས་འབྱུང་བཞིན་ཡོད་ནི་གཟི་བརྗིད་ཅིག་ཆགས་ཡོད། ཅེས་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ནང་། དེང་སྐབས་རང་རེའི་འཚོ་བའི་གནས་སྟངས་ཕྲན་བུ་ཡར་རྒྱས་འགྲོ་བཞིན་པ་དང་ཕྱོགས་མཚུངས་ཉིན་རེའི་ལས་དོན་ལ་བྲེལ་ཟིང་འ་འུར་ཆེ་རྐྱེན་མི་ལུས་རིན་ཆེན་འདི་བཞིན་བདེ་ཐང་ཡོང་སླད་ཉིན་རེའི་སྐར་མ་ཁ་ཤས་གཏོང་མ་ཐུབ་པའི་ཁར་ཟས་སྤྱོད་ལའང་དོ་སྣང་ཞན་ཆ་ཡོད་པ། མདོར་ན་འཕྲོད་བསྟེན་ལ་ཕན་སླད། སྨན་བཅོས་ལས་སྔོན་འགོག་ལྷག་ཞེས་པ་ལྟར་ལུས་སྦྱོང་གི་འཕྲོད་བསྟེན་ནི་ཧ་ཅང་གལ་འགངས་ཆེ་ཁར་རྒྱལ་སྤྱིའི་ནང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ལྷག་པར་བོད་ཀྱི་ལུས་སྦྱོང་རིག་པ་བ་གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ལུས་སྦྱོང་རིག་པ་ནུབ་ཕྱོགས་སུ་དར་སྤེལ་གནང་མཁན་ཐོག་མ་དང་། དེ་ཡང་བོད་ཀྱི་ལུས་སྦྱོང་རྩ་རླུང་འཁྲུལ་འཁོར་གཞི་བྱས་ཏེ་རྩ་རླུང་དྲག་རྩྭལ་ཞེས་དེང་རབས་ཀྱི་རལ་གྲི་དབྱུག་སྟངས་ཀྱི་རྣམ་པའི་སྒོ་ནས་ ༼རྟོག་གཅོད།༽ཅེས་བོད་ཀྱི་འཕྲོད་བསྟེན་རིག་པ་ཐུན་མོང་མ་ཡིན་པའི་ལུས་སེམས་བདེ་སྲུང་གི་ནུས་པ་ཐོན་པའི་ལུས་སྦྱོང་དྲག་རྩལ་ཞིག་གསར་གཏོད་གནང་ཡོད་སྟབས། ཁོང་འདི་ཁུལ་ཕེབས་ཞོར་རང་རེའི་དགེ་བཙུན་དང་། སློབ་ཕྲུག མི་མང་བཅས་ལ་དང་བླངས་ཐོག་གཞི་རིམ་ལུས་སྦྱོང་སློབ་འཁྲིད་གནང་རྒྱུའི་དགོངས་གཞི་སྔོན་མ་ནས་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། རྒྱལ་སྤྱིའི་ནང་བསྟན་སྨན་གླིང་གི་འགན་འཛིན་དགའ་ལྡན་ཚོགས་ཆེན་དབུ་མཛད་ཟུར་བ་དགེ་བཤེས་ནོར་བཟང་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཡིན། ཞེས་འཁོད་འདུག

མཇུག་ཏུ་གསར་འགོད་པས་རིན་པོ་ཆེར་ལུས་སྦྱོང་འདི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཞིག་ཡིན་སྟབས། ད་སྔ་ནུབ་ཕྱོགས་མི་རིགས་ཚོར་ཁྲིད་སྤེལ་གནང་སྟེ་དགེ་རྒན་མང་པོ་སྐྱེད་སྲིང་གནང་ཡོད་པ་ལྟར། བོད་རང་གི་སྤྱི་ཚོགས་ནང་ཁྱབ་སྤེལ་དང་དགེ་རྒན་སྐྱེད་སྲིང་གི་དམིགས་ཡུལ་ཡོད་མེད་དྲིས་ཁོང་གིས། ངས་སྔོན་མ་ནས་བོད་པའི་སྤྱི་ཚོགས་ནང་ལུས་སྦྱོང་འདི་དར་ཁྱབ་འགྲོ་ཐུབ་ན་ཧ་ཅང་ཡག་པོ་འདུག་བསམ་ཡང་། འདི་ཇི་ལྟར་སློབ་ཁྲིད་གནང་དགོས་མིན་ཐོག་འཆར་གཞི་གང་ཡང་དྲན་མ་སོང་། སྔོན་མ་ང་རྒྱ་གར་ནང་ཡོང་སྐབས་གྲྭ་བཙུན་མང་པོ་ཡོད་ནས་སློབ་ཁྲིད་གནང་རོགས་ཟེར་ནས་ལབ་སོང་། དེ་ནས་ང་རང་གིས་བོད་པའི་སྤྱི་ཚོགས་ནང་དུའང་ལུས་སྦྱོང་ཁྲིད་ན་དོ་སྣང་ཡོང་ས་རེད་བསམ་ནས་སྤོབས་པ་འདྲ་བོ་བསླེབས་སོང་། ཕྱི་རྒྱལ་གྱི་མི་མང་པོ་ཞིག་གིས་ལུས་སྦྱོང་འདིར་སློབ་སྦྱོང་མཐར་ཕྱིན་པ་གནང་སྟེ་མི་གཞན་ལ་ཁྲིད་སྟོན་བྱས་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ངའི་འདོད་པ་ཆེ་ཤོས་དེ་བོད་པའི་བུ་ཕྲུག་ལོ་བཅུ་གྲངས་ཅན་མང་པོ་ཞིག་ལ་སློབ་ཁྲིད་བྱས་ཏེ་རྨང་གཞི་ཡག་པོ་འཇོག་ཐུབ་ན་མ་འོངས་པར། གཅིག་ནས་སོ་སོའི་འཚོ་བ་སྐྱེལ་ཐུབ་པ་དང་གཉིས་ནས་བོད་པའི་རིག་གཞུང་ཁྱབ་སྤེལ་གཏོང་ཐུབ་པ། གསུམ་ནས་རང་གཞན་གཉིས་ཀྱི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་ནི་ ༡༩༧༦ ཟླ་ ༡༢ པའི་ཚེས་ ༡ ཉིན་མདོ་སྨད་རྔ་པ་བསུ་བ་ཡུལ་ཚོའི་དཀོན་ཚང་ཞེས་པར་སྐྱེས་ཤིང་། དགུང་ལོ་ ༧ ལ་སོན་སྐབས་གྲྭ་སར་ཞུགས་པ་དང་། དགུང་ལོ་ ༡༣ ཐོག་ཨ་མཆོག་རིན་པོ་ཆེའི་སྐྱེས་བཟང་འཁྲུལ་མེད་དུ་ཐུགས་ཐག་བཅད་དེ། ཨ་མཆོག་མཚན་ཉིད་དགོན་དུ་གྲྭ་སར་ཞུགས་ནས་གཞུང་ཆེན་ཁག་དང་གསོ་རིག་ལ་གསན་བསམ། ༡༩༩༢ ལོར་རྒྱ་གར་ཕེབས་ཏེ་དགའ་ལྡན་ཤར་རྩེ་སོག་བ་ཁང་ཚན་གཞུང་ཆེན་ཐོས་བསམ་གནང་བ་མ་ཟད། དགུང་ལོ་ ༢༥ ཕེབས་སྐབས་ཇོ་ནང་མཁན་པོ་ཀུན་དགའ་ཕུན་ཚོགས་ཀྱི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྒོམ་རིམ་སོགས་ལ་གསན་པ་དང་། དགུང་ལོ་ ༢༧ སྐབས་བཀའ་རྒྱུད་པའི་མཁན་པོ་ཨ་ཆོས་རིན་པོ་ཆེའི་མདུན་ནས་རོ་ཆོས་དྲུག་གི་བསྐྱེད་རྫོགས་ཀྱི་ལམ་མཐའ་དག་གསན་བསམ་ཐོབ་པ་མ་ཟད། མཁན་པོ་ཨ་འདུས་ཀྱི་མདུན་ནས་མཁའ་འགྲོ་ནེ་གུ་མའི་བསྐྱེད་རྫོགས་ཀྱི་ལམ་མཐའ་དག་གི་ཁྲིད་ལུང་དང་། ནེ་གུ་མ་དང་ན་རོ་ཆོས་དྲུག་གི་ལུས་སྦྱོང་འཁྲུལ་འཁོར་གྱི་གནད་གསང་མཐའ་དག་བཀའ་རྒྱུད་ཀྱི་ཕྱག་བཞེས་ཇི་བཞིན་ལ་གསན་སྦྱངས་གནང་རྗེས། ༢༠༠༥ ལོར་ཡུ་རོབ་ཁུལ་དུ་ཕེབས་ནས་རྒྱལ་སྤྱིའི་ནང་བསྟན་སྨན་གླིང་ཞེས་པའི་བོད་ཀྱི་ལུས་སྦྱོང་རིག་པའི་འཕྲོད་བསྟེན་ཚོགས་པ་ཞིག་ཨོ་སོ་ཌོ་རེ་ཡར་གསར་འཛུགས་གནང་སྟེ། རྒྱུན་ལས་ལས་མི་ ༡༥ དང་། རྒྱལ་ཁབ་ཁག་ ༡༠ ནང་ཡན་ལག་ཚོགས་པ་ ༡༥༠ ཟིན་ཏེ། ད་བར་བོད་ཀྱི་ལུས་སྦྱོང་རྩ་རླུང་འཁྲུལ་འཁོར་མཐར་ཕྱིན་དགེ་རྒན་ ༡༢༠༠ ལྷག་སྐྱེད་སྲིང་གནང་ཡོད། ཅེས་སོགས་འཁོད་འདུག

ཚེས་ ༡༤ ནས་བཟུང་བདུན་ཕྲག་གཅིག་རིང་རིན་པོ་ཆེ་མཆོག་གིས་དྷ་ས་ཁུལ་དང་སྦིར། ལྡི་ལི་བཅས་ནང་བོད་རིགས་དོན་གཉེར་ཅན་ཚོར་ལུས་སྦྱོང་སློབ་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. བློ་འཕེལ། says:
    ལོ་ 11 སྔོན།

    ཧ་ཅང་ཡག་པོ་འདུག། ནང་ཆོས་སུ་ཡོད་པ་གང་ཞིག་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་རིགས་ངེས་པར་དུ་དར་སྤེལ་གཏོང་དགོས་ཀྱི་འདུག

    སྐུ་ཤོག་ལ་ཐུགས་རྗེ་ཆེ།

    Reply
  2. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ད་ལམ་ལུས་སྦྱོང་དེ་རྒྱ་དཔོན་གྱི་མདུན་ལ་བྱས་ན་ག་འདྲ་འདུག་ཞིས་ལ་དགའ་བསུ་བྱས་ན་བོད་ནང་གི་དམ་དྲག་གུ་ཡངས་གཏོང་རྒྱུ་ཁག་ཐེག་འདུག་ན་ཕེབ་བསུ་བགྱིས།དེ་མིན་རྗེས་མ་འགྲོ་སྟངས་སྡོད་སྟངས་མི་ཤེས་པ་ཞིག་ཡོང་རྒྱུ་ལས་གཞན་མེད།

    Reply
  3. བསོད་མས་ཆོས་འཕེལ། says:
    ལོ་ 11 སྔོན།

    སྐུ་ཤོག་འདིའི་སྦྱོང་སྟངས་དེ་གང་འདྲ་ཞིག་ཡིན་མིན་མི་ཤེས། ཕར་བལྟས་ན་དྲག་རྩལ་ཁྲིད་སྦྱོང་འདྲ་བོ་ཞིག་རེད། གང་ལྟར། ལུས་སྦྱོང་དང་རླུང་སྦྱོང་གཉིས་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་ཐོག་ཧ་ཅང་ཕན་ཐོག་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ང་རང་ལ་མཚོན་ན་ཞོགས་པ་སྔ་བོ་རླུང་སྦྱོང་གི་ཡོད་པ་དེ་ཧ་ཅང་ཡག་པོ་དང་དུས་ཚོད་ཀྱང་འཕྲོ་བརླག་ཏུ་མི་འགྲོ་བ། མི་སུ་འདྲ་ཞིག་ཡིན་ནའང་སྟབས་བདེ་བ་དང་དཀའ་ལས་མེད་པ་ཞིག་རེད་བསམ་གྱི་འདུག ངས་རླུང་གི་སྦྱོང་རྩལ་དེ་ལག་ལེན་བྱས་ཏེ་ལོ་ཤས་འགྲོ་བཞིན་འདུག དངོས་གནས་དྲང་གནས་ཕན་ཐོག་ཆེན་པོ་འདུག བོད་པའི་སྤྱི་ཚོགས་ནང་ལ་ངེས་པར་དུ་དར་ཁྱབ་འགྲོ་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese