མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོལ་རྒྱུན་སོ་ནམ་འདེབས་ལས་ཁུངས་འཁྱོལ་ལམ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གྲོས་ཚོགས་ནང་སྲོལ་རྒྱུན་སོ་ནས་འདེབས་ལས་སྐོར་ལ་དྲི་བ་དྲིས་ལན་གནང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་སྲིད་བྱུས་དེས་ཐད་ཀར་ཕན་ཐོགས་མེད་ཀྱང་བརྒྱུད་ནས་ཕན་ཐོགས་ཡོད་སྐོར་གསུངས་སོང་།

ཉིན་འདི་གར་གངས་ཅན་སྐྱིད་གཞོང་སྤྱི་འཐུས་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༨ པ་ཚོགས་བཞིན་ཡོད་པ་ལྟར། ཁ་སང་གྲོས་ཚོགས་ཉིན་གཉིས་པའི་སྔ་དྲོའི་ལས་རིམ་གྱི་ཐོག་མར། ཕྱི་ལོ་ ༢༠༠༥ ནས་བཟུང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཅིག་ནང་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ལ་དྲི་བ་དྲིས་ལན་གནང་སོང་།

བོད་མི་མང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ། སྐར་རྟགས་ཅན་གྱི་དྲི་བ་དོན་ཚན་ ༥ ཅན་ཞིག་བཏོན་པ་ནི། དང་པོ། སྲོལ་རྒྱུན་སོ་ནམ་འདེབས་ལས་དེ་ལག་བསྟར་བྱས་ཏེ་ལོ་ངོ་ ༡༣ ཙམ་འགྲོ་བཞིན་ཡོད་པའི་ཐོག་གཞུང་གིས་ད་བར་འགྲོ་སོང་ག་ཚོད་བཏང་ཡོད་པ་དང་། གཉིས་པ། སྲིད་བྱུས་དེར་གྲུབ་འབྲས་དང་ཕན་རླབས་ཅི་ཙམ་བྱུང་ཡོད། གསུམ་པ། བཀའ་ཤག་སྐབས་བཅུ་བཞི་པས་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱིན་ཡོད་པའི་གནས་སྟངས་གང་འདྲ་ཆགས་ཡོད་མེད། བཞི་པ། སྲིད་བྱུས་དེའི་ཐད་བཀའ་ཤག་སྔོན་མ་ལས་ལྷག་གི་ལས་དོན་གང་དག་གྲ་སྒྲིག་ཡོད་མེད། ལྔ་པ། སྲིད་བྱུས་དེ་མུ་མཐུད་འཛིན་ཐུབ་ཀྱི་ཡོད་མེད། ཟེར་བ་སོགས་རེད།

གོང་གསལ་དྲི་བ་ཁག་ལ་ནང་སྲིད་བཀའ་བློན་མཆོག་གིས་ལན་ཕེབས་པའི་ནང་། དྲི་བ་དང་པོར། སྲོལ་རྒྱུན་སོ་ནམ་འདེབས་ལས་མགོ་འཛུགས་བྱས་ཏེ་ད་བར་བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་སོང་ཧིན་སྒོར་འབུམ་དྲུག་བརྒྱ་ ༦༥༦༣༡༦༨༤ ཙམ་བཏང་ཡོད་པ། དྲི་བ་གཉིས་པའི་ལན། སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱིས་ཞིང་པ་ཚོར་ཐད་ཀར་ཕན་པ་ཆེན་པོ་བྱུང་མེད་ཀྱང་སྲོལ་རྒྱུན་སོ་ནམ་གྱི་དགེ་མཚན་མང་པོ་ཞིག་མང་ཚོགས་ཀྱིས་རྟོགས་ཡོད་པ་དང་། ས་འོག་གི་ཆུ་དང་མཁའ་རླུང་། ཁོར་ཡུག་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་སྟེ་ཕྱི་ནང་གི་མི་མང་པོས་སྔགས་བརྗོད་ཐོབ་ཡོད་པ། དྲི་བ་གསུམ་པའི་ལན་དུ། དེང་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་ ༡༡ དུ་ཁྱིམ་ཚང་ ༨༡༡ གི་ས་ཆ་ཨེ་ཀར་ ༢༩༦༠ ཙམ་ལ་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱིན་ཡོད་པ། དྲི་བ་བཞི་པའི་ལན་དུ། བཀའ་ཤག་བཅུ་བཞི་པའི་སྲིད་བྱུས་འདིའི་ཆེད་དུ་ལས་གཞི་ཁག་ཅིག་གསར་གཏོད་བྱས་ཡོད་པ་དག་ནི། སོ་ནམ་བུན་གཏོང་ལས་གཞི་དང་། སོ་ནམ་འཕྲུལ་ལས་ཡར་རྒྱས། སྐྱེ་ལྡན་ཞིང་པ་རང་འཚོ་རུ་ཁག་སོགས་ཡོད་པ། དྲི་བ་ལྔ་པའི་ལན་དུ། ལས་གཞི་དེ་མ་འོངས་པར་མུ་མཐུད་ལག་བསྟར་ལམ་ལྷོངས་ཅི་ཙམ་ཡོང་མིན་མི་མང་གི་མཉམ་རུབ་ཅི་ཙམ་བྱེད་མིན་ལ་ཐུག་ཡོད་སྐོར་སོགས་གསུངས་ཀྱི་ལན་འདེབས་གནང་སོང་།

དེའི་རྗེས་སླར་ཡང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱིས་ཞིང་པ་ཚོར་ཐད་ཀར་ཕན་པ་ཆེན་པོ་བྱུང་མེད་ཟེར་བ་དེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་དང་། ཞིང་པ་ཚོས་སྲིད་བྱུས་དེའི་དགེ་མཚན་རྟོགས་ཡོད་ན་ད་ལྟ་ལག་བསྟར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་མེད། མ་འོངས་པར་སྲིད་བྱུས་དེ་ལག་བསྟར་ལམ་ལྷོངས་ཡོང་མིན་མི་མང་གི་མཉམ་རུབ་ལ་ཐུག་ཡོད་ན། བཀའ་ཤག་གིས་སྲོལ་རྒྱུན་སོ་ནམ་འདེབས་ལས་འདི་མི་འོངས་པར་རྒྱུན་འཁྱོངས་ཐུབ་པའི་གདེང་ཚོད་ཡོད་ག་ཚོད་ཅིག་ཡོད་མེད་སོགས་དྲིས་པའི་ལན་དུ།

བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་མཁན་ཚོར་ཕན་པ་ཆེན་པོ་བྱུང་མེད་ཟེར་བ་དེ་རྫས་ལུད་བེད་སྤྱོད་གཏོང་མཁན་ཚོ་ལས་གྱོང་ཆེ་བ་ཆགས་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་ཐོག་མར་སྲིད་བྱུས་དེར་རེ་བ་བརྒྱབ་པ་ལྟ་བུའི་གྲུབ་འབྲས་ཤིག་རག་གི་མེད་སྐོར་དང་མི་མང་གིས་སྲིད་བྱུས་དེའི་དགེ་མཚན་རྟོགས་ཏེ་དམིགས་བསལ་གྱིས་ལག་བསྟར་བྱེད་མཁན་མང་དུ་ཕྱིན་མེད་སྐོར། སོ་ནམ་བུན་གཏོང་གི་ལས་གཞི་ཟེར་བ་དེར་སྔར་ལོའི་ཕྱི་ ༩ ཚེས་ ༡༣ ཉིན་བཀའ་ཤག་གིས་བཀའ་ཁྲོལ་ཐོབ་པ་ལྟར། ད་བར་ཁྱོན་བསྡོམས་ཧིན་སྒོར་ ༡༠༢༤༥༠༠༠ ཙམ་གཏོང་གི་ཡོད་པ་དང་། དེར་ཞིང་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་སྐོར་སོགས་ལན་འདེབས་གནང་སོང་།

གཞན། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གོང་གི་བརྗོད་གཞིའི་ཐོག་དྲི་བ་ཁག་ཅིག་བཏོན་པའི་ནང་། ད་བར་གཞུང་གིས་སྲིད་བྱུས་དེའི་ཐོག་ཧིན་སྒོར་འབུམ་ ༦༠༠ ལྷག་བཏང་ཡོད་པ་དེ་ས་གནས་ཁག་ ༡༡ ནང་ག་ཚོད་རེ་བཏང་ཡོད་མེད་དང་། ས་གནས་རེ་རེ་ལ་སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་ཀྱི་ཡོད་པའི་ཞིང་ས་ཨེ་ཀར་ག་ཚོད་ཡོད་མེད་དྲི་བ་བཏོན་པར། ནང་སྲིད་བཀའ་བློན་མཆོག་གིས་དྲི་བ་དེ་དག་དུས་ཐོག་ཏུ་ལན་ཁ་གསལ་ཞུ་ཐུབ་ཀྱི་མེད་སྟབས་རྗེས་སུ་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 3

  1. འཇམ་གཅེས ། says:
    ལོ་ 11 སྔོན།

    བཀུར་འོས་ནང་སྲིད་བཀའ་བློན་མཆོག་ནས་དྲི་བ་དག་ལ་ལེན་ཁ་གསལ་གོ་བདེ་གནང་འདུག་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་སོང་།

    Reply
  2. གངས་ཕྲུག says:
    ལོ་ 11 སྔོན།

    གུས་པར་འོས་པའི་ནང་སྲིད་བཀའ་བློན་ལགས།
    ཐད་ཀར་ཕན་ཐོགས་ཀྱང་བརྒྱུད་ནས་ཕན་ཐོག་ཡོད་ཅེས་པ་འདི་ཞིང་པ་ཚོའི་བཀའ་མོལ་ཡིན་ནམ། བཀའ་བློན་མཆོག་གི་བསམ་ཚུལ་ཡིན་ནམ། དེ་གཉིས་དབྱེ་བ་ལེགས་པོ་ཞིག་ཕྱེས་ཏེ་གྲོས་ཚོགས་ནང་གསུང་ན་དགེ་ཚན་ཆེ་བ་མཐོང།

    Reply
  3. བུ་རིགས་པ་ཅན། says:
    ལོ་ 11 སྔོན།

    ཞིང་པ་ཚོར་ཕན་ཐོགས་མེད་པའི་ལས་དོན་ཞིག་བོད་གཞུང་གིས་ཅིའི་ཕྱིར་ཨུ་ཚུགས་བསྐྱོན་ནས་ལག་བསྟར་བྱེད་དགོས་པ་རེད། འདི་དྲི་བ་ཡིན། བསམ་ཚུལ་ཞིག་ཡོད་པ་ནི་སྤྱི་འཐུས་ཚོའི་དྲི་བ་དེ་དག་ཧ་ཅང་གནད་འགག་ཅན་རྐྱང་རྐྱང་རེད་བཀའ་ཤག་གིས་ལན་ཁ་གསལ་གཏིང་གསལ་ཡར་དཀྱོག་མར་དཀྱོག་མེད་པར་འདེབས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese