མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཊ་ལིའི་ནང་རྒྱ་ནག་གི་མི་སེར་བརྒྱད་ཀྱིས་རྒྱ་ནག་གི་ཕྱི་སྡོད་ཉེན་རྟོག་པར་རྒྱབ་སྐྱོར་ཏེ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་བར་བརྟེན། ཨི་ཊ་ལིའི་གཞུང་གིས་རྒྱ་མི་དེ་དག་ཨི་ཊ་ལི་ནས་ཕྱིར་ཕུད་བཏང་ཡོད་འདུག

Photo Credit: UYGHUR HUMAN RIGHTS PROJECT

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་ངོས་འཛིན་འོག་རྒྱ་ནག་གི་མི་སེར་བརྒྱད་ཕྱིར་ཕུད་བཏང་བའི་ཐག་གཅོད་བྱས་ཡོད་ཅིང་། ཁོ་ཚོས་རྒྱ་ནག་གི་ཕྱི་སྡོད་ཉེན་རྟོག་པའི་ལས་དོན་ལ་རོགས་འདེགས་ཀྱིས། ཨི་ཊ་ལིའི་ནང་དུ་ཡོད་པའི་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་སོ་ལྟ་དང་འཇིགས་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་འདུག

དེ་འབྲེལ་ཡུ་རོབ་རྒྱལ་ཁབ་སི་པན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲུང་སྐྱོབ་པའི་བདེ་འཇགས་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན།  ཨི་ཊ་ལིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་ནས་རྒྱ་ནག་གི་མི་སེར་ ༨  ཕྱིར་ཕུད་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། ད་ལྟ་མི་གསུམ་འཕྲལ་མར་ཕྱིར་ཕུད་བཏང་ཟིན་ཞིང་། མི་བཞི་ཨི་ཊ་ལིའི་མངའ་ཁོངས་ནས་ཕྱིར་བྲོས་ཡོད་འདུག་ལ།  མི་གཅིག་སྐྱབས་བཅོལ་ཞུ་མཁན་གྱི་ཐོ་ཁོངས་སུ་ཡོད་སྟབས། གནས་སྐབས་བཀག་ཉར་འོག་བཞག་ཡོད་འདུག

ཨི་ཊ་ལིའི་ཐག་གཅོད་དེ་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་ཇུས་ལ་གཞུང་འབྲེལ་གྱི་ཐོག་ནས་རྒོལ་ལན་བསློགས་པ་ཐོག་མར་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨི་ཊ་ལིའི་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་དགེ་རྒན་ལི་ཞུ་བ་ཞིག་གཙོ་བྱས་པའི་དམར་ཤོག་ཚོགས་པའི་ཁ་གཏད་གཅོག་མཁན་རྣམས་ལ་ལོ་མང་རིང་གསང་ཉུལ་བྱས་ཏེ་ཉེན་བརྡ་དང་འཇིགས་སྐུལ་བྱས་པ་ཙམ་དུ་མ་ཟད།  ཁོང་ཚོའི་ལས་འགུལ་ཁག་མཚམས་འཇོག་བྱས་ཏེ་ཕྱིར་རྒྱ་ནག་ཏུ་ལོག་པར་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་འདུག

རྒྱལ་སྤྱིའི་སྲུང་སྐྱོབ་པའི་བདེ་འཇགས་ཚོགས་པས།  རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ལས་འགུལ་བརྒྱུད་རྒྱ་ནག་གི་ཁ་གཏད་དུ་ལངས་མཁན་རྣམས་ལ་གསང་ཉུལ་བྱས་ཏེ་དྲ་ཐོག་ནས་སྐྱོན་བརྗོད་དང་སོ་ལྟ་སོགས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་ཕ་མ་དང་གཉེན་ཉེ་རྣམས་ལ་འཇིགས་སྐུལ་སོགས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གནད་དོན་དེའི་ཐད་དགེ་རྒན་ལི་ལགས་ཀྱིས། ང་ཚོས་རྒྱ་ནག་གཞུང་གིས་ཡུན་རིང་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པར་བཟོད་བསྲན་བྱས་ཡོད། ང་དང་ངའི་ལས་རོགས་ཚོ། ང་ཚོའི་ཁྱིམ་མི་བཅས་ཀྱིས་རྒྱུན་མཐུད་ནས་རྒྱ་ནག་གི་འཇིགས་སྐུལ་དང་ཉེན་བརྡ། ཐུབ་ཚོད་བཅས་ལ་གདོང་ལེན་བྱས་ཡོད། ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ལ་རྒོལ་ལན་བསློགས་པ་མཐོང་དུས་ང་ཚོའི་སེམས་ཤུགས་འཕེལ་བྱུང་། འདི་ནི་ང་ཚོར་སྲུང་སྐྱོབ་བྱས་པ་ཙམ་མིན་པར། དམངས་གཙོའི་རྩ་དོན་དང་ཁྲིམས་ལུགས་ཀྱི་དབང་བསྒྱུར་སྲུང་སྐྱོབ་བྱས་པ་ཞིག་ཀྱང་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ལོ་ནས་ཨི་ཊ་ལི་དང་རྒྱ་ནག་གི་བདེ་འཇགས་ལས་ཁུངས་གཉིས་བར་རྒྱལ་སྤྱིའི་ཉེན་རྟོག་པའི་སྒྲིག་འཛུགས་དང་ཉེས་ཅན་རྩིས་སྤྲོད་ཀྱི་མོས་མཐུན་གན་རྒྱ་བཞག་ཡོད་སྟབས། དུས་དེ་ནས་བཟུང་ཨི་ཊ་ལི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལས་འགུལ་སྤེལ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ནང་རྒྱ་ནག་གཞུང་གིས་རྒྱབ་རྟེན་བྱས་པའི་དྲ་ལམ་འཇབ་རྒོལ་བ་དག་གིས། ཨི་ཊ་ལིའི་གསང་བའི་ལས་ཁུངས་དང་འབྲེལ་བའི་ལས་བྱེད་སྟོང་ཕྲག་མང་པོའི་མིང་དང་གོ་གནས། ལས་ཁུངས་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱས་པ་ཕྱིར་ཤོར་བ་དང་འབྲེལ། འདས་ལོ་ནས་ཨི་ཊ་ལིས་རྒྱ་ནག་དང་ལྷན་དུ་བཞག་པའི་མཉམ་ལས་ཀྱི་གན་རྒྱ་ཚང་མ་ཕྱིར་འཐེན་བྱས་ཡོད་པ་དང་། ད་ལྟ་ཨི་ཊ་ལིའི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ཕྱིར་ཕུད་གཏོང་བའི་ཐག་གཅོད་དེས། ཨི་ཊ་ལིའི་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྒྱ་རིགས་རྣམས་ལ་དྲག་གནོན་བྱེད་མཚམས་བཞག་པ་མ་ཟད། ཨི་ཊ་ལིའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་གཏན་འགོག་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese