རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཚེས་ ༡༧ ཉིན་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་བསླེབ་འཆར་ཡོད་དང་བསྟུན་ཏེ། བྷ་རོ་ཊར་ཡོད་པའི་བོད་པའི་སློབ་ཕྲུག་༨༠ ཙམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
ཕྱི་ཚེས་ ༡༦ གི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་རྒྱ་གར་ནང་ཐོག་མར་འབྱོར་ཡུལ་རྒྱ་གར་གྷུ་ཅུ་ར་ཊི་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌེ་(Ahmedabad)ནང་གི་(Maharaja Sayajirao)སློབ་ཆེན་གྱི་སློབ་མའི་སྡོད་ཁང་ལ་གློ་བུར་རྒྱ་གར་ཉེན་རྟོག་པ་མང་པོ་འབྱོར་ཏེ། བྷ་རོ་ཊའི་སློབ་ཕྲུག་སྡོད་ཁང་མཐའ་སྐོར་གྱིས་བོད་རིགས་སློབ་མ་རྣམས་ལ་ཚོགས་ཁང་ནང་སྐོང་ཚོགས་ཀྱིས་ངོ་སྤྲོད་ལག་འཁྱེར་སྟོན་དགོས་པར་བརྗོད་ཡོད་པ་དང་། སློབ་ཕྲུག་རྣམས་ཚོགས་ཁང་ནང་འཛོམས་རྗེས་ཉེན་རྟོག་པས་སློབ་མ་ ༨༠ ཙམ་རླངས་འཁོར་ནང་བཅུག་ནས་འཁྲིད་ཡོད་འདུག
བྷ་རོ་ཌ་ས་གནས་གཞོན་ནུའི་སློབ་ཕྲུག་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྷུ་ཅུ་ར་ཌེ་མངའ་སྡེའི་ནང་བསླེབ་གཏན་འཁེལ་བར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་བདུན་ཕྲག་གཅིག་གི་སྔོན་ནས་གྲ་སྒྲིག་ཨང་གསར་བྱས་ཡོད་ཀྱང་། ད་ཆ་སློབ་ཕྲུག་རྣམས་འཛིན་བཟུང་འོག་ཡོད་པར་བརྟེན་ལས་འགུལ་སྤེལ་ཐབས་བྲལ་སྟབས། སློབ་ཕྲུག་རྣམས་ཀྱི་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག