མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་འགན་འཛིན་ལྷན་ཚོཊ་ཀྱི་གྲོས་ཆོད་ངོས་ལེན་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུའི་རང་བཙན་ལྟ་བ་ལས་དབུ་མའི་ལམ་དུ་སྐྱོད་མཁན་ས་གནས་ཁག་བརྒྱད་ཀྱིས་ཚོགས་འདུ་བསྐོངས་ཏེ་གཞོན་ནུའི་འགན་འཛིན་ལྷན་ཚོགས་སྟེང་གི་གྲོས་ཆོད་ཁག་ལ་ངོས་ལེན་མེད་པའི་གྲོས་ཆོད་བཞག་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་བརྒྱད་དེ་མོན་གྷོ་དང་སྦེལ་ཀོབ། ལ་དྭགས། ཀོ་ལི་གྷལ། ཧོན་སོར། ཌལ་ཧོར། སྤོན་གྲོ བྷིང་ལོར་བཅས་ཀྱིས་ཚོགས་འདུ་ཚོགས་ཏེ། ཉེ་ལམ་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ནས་ཚོགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་སྟེང་། གོང་གསལ་ས་གནས་ཁག་བརྒྱད་དང་འབྲེལ་བའི་གྲོས་ཚོད་དོན་ཚན་ ༣ བཞག་ཡོད་པ་དེར་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་འདུག

དེ་རིང་འདི་གའི་གསར་ཁང་གིས་ཁ་པར་བརྒྱུད་ས་གནས་ཁག་བརྒྱད་ཀྱི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་སུ། ཐེངས་འདིར་ཚོགས་བཅར་བ་ག་ཚོད་ཡོད་མེད་སོགས་བཅར་འདྲི་ཞུས་པར། ཁོང་གིས་ད་རེབ་ཀྱི་ཚོགས་འདུའི་སྟེང་དངོས་སུ་ཚོགས་ཞུགས་གནང་མཁན་ས་གནས་ཁག་ ༤ ཡི་རྒྱུན་ལས་དང་སྐབས་སྔ་མའི་རྒྱུན་ལས་བཅས་མི་ ༢༧ ཙམ་འཛོམས་ཡོད། ལ་དྭགས་དང་སྤོན་གྲོ ཌལ་ཧོར། བྷིང་ལོར་བཞི་ཕེབས་མ་ཐུབ་པ་དེ་གང་ཡིན་ཟེར་ན། ལ་དྭགས་ནང་ཁ་སང་དེ་རིང་ཆུ་ལོག་གི་དཀའ་ངལ་ཞིག་འཕྲད་འདུག ཐ་ན་ང་ཚོའི་བར་ཁ་པར་ཡང་མཐུད་མ་ཐུབ་པའི་དཀའ་ངལ་བྱུང་ཡང་། མཐའ་མ་ཁོ་རང་ཚོས་དྲ་ཐོག་ནས་ཡི་གེ་འབྱོར་སོང་། དེ་བཞིན་ཌལ་ཧོར་དང་སྤོན་གྲོ་གཉིས་ཀྱང་ཚོགས་འདིར་བཅར་རྩིས་ཡོད་ཀྱང་ཚོགས་འདུ་ཚོགས་ཁ་ཏག་ཏག་ལ་རྒྱུན་ལས་སྒེར་གྱི་དཀའ་ངལ་དབང་གིས་ཕེབས་ཐུབ་མ་སོང་། བྷིང་ལོར་ལ་མཚོན་ན་རྒྱུན་ལས་དང་ཚོགས་མི་ཕལ་ཆེ་བ་སློབ་ཕྲུག་ཆགས་ཡོད་པ་རེད། ཐོག་མ་ང་ཚོས་གཟའ་ཉི་མར་ཚོགས་འདུ་འཚོགས་རྒྱུ་བྱས་ཀྱང་ས་གནས་གཞན་ལ་ལྟ་དགོས་དུས། གཟའ་ཟླ་བ་ལ་ཚོགས་དགོས་བྱུང་སྟེ་སློབ་ཕྲུག་དེ་ཚོ་ཕེབས་ཐུབ་ཡོད་པ་མ་རེད། ལྷག་པར་དུ་ཁོ་རང་ཚོ་ད་ལྟ་ཡིག་ཚད་ཀྱི་སྐབས་ལ་འཁེལ་འདུག ཁོ་རང་ཚོས་ཡིག་ངག་གཉིས་ཐོག་ནས་གང་འབྱོར་བ་དེ་ད་རེབ་ཚོགས་འདུའི་ནང་གསལ་བཤད་བྱས་ཡོད། ཐེངས་འདིའི་ཚོགས་འདུའི་སྟེང་གྲོས་ཆོད་གང་བཞག་པ་དེར་ཁོ་རང་ཚོས་རྒྱབ་སྐྱོར་ཆ་ཚང་ཡོད་པའི་ཐོག་ནས་སྤྱི་མོས་བྱུང་བ་རེད། ཅེས་ལན་བསྐྱོན་སོང་།

གསལ་བསྒྲགས་ནང་འཁོད་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ སྔ་སྣུར་གྱིས་དྷ་སར་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༢༧ ནས་ཕྱི་ཟླ་ ༦ ཚེས་ ༡ བར་ལྷན་འཛོམས་བསྐྱངས་སྐབས་ཚོགས་འདུ་སྔ་སྣུར་དང་འབྲེལ་བའི་གྲོས་གཞིས་ཐད་ཚོགས་མིའི་མངོན་འདོད་ཇི་ཡོད་བགྲོ་བསྡུར་སྦྱང་བཤད་ཀྱི་གོ་སྐབས་རྩ་བ་ནས་མ་སྤྲད་པ་མ་ཟད། ལངས་ཕྱོགས་ལ་འང་འགྱུར་བ་མེད་པའི་གསལ་བསྒྲགས་གནང་བར་བརྟེན་ནས་ས་གནས་ཁག་བརྒྱད་ཀྱི་མང་ཚོགས་ཀྱི་མངོན་འདོད་བཏོན་མ་ཐུབ་སྟབས་ཚོགས་འདུ་ནས་ཕྱིར་ཐོན་མ་བྱས་ག་མེད་བྱུང་།

གོང་གསལ་ས་གནས་རྣམས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བརྩི་མཐོང་དང་གུས་བཀུར། དེ་བཞིན་མ་འོངས་པར་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མཚམས་སྔ་ལམ་ལྟར་མུ་མཐུད་འཕྱར་གྲུ་མཉམ་འདེགས་ཞུ་རྒྱའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་ནམ་ཡང་མེད་པའི་དམ་བཅའ་བརྟན་པོ་ཡོད་ཅེས་ཕྱི་ལོ་ ༢༠༡༣་ཟླ་བ་ ༥ ཚེས་ ༣༠ ཉིན་ཚོགས་ཆེན་ཐོག་དབུས་རྒྱུན་ལས་ལྷན་རྒྱས་གཙོས་པའི་ཚོགས་བཅར་བའི་མཚན་འགོད་ཞུ་ཡིག་ཕུལ་བ་དང་དེའི་ངོ་བཤུས་ཁག དགའ་ལྡན་ཕོ་བྲང་དང་བཀའ་སྤྱི་སོགས་ལ་ཕུལ་ཡོད། ཅེས་སོགས་འཁོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཆོད་དོན་ཚན་ ༨ བཞག་ཡོད་པ་དག་ནི།

དང་པོ། སྒང་དོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚིགས་ཀྱི་འགན་ལྷན་ཐེངས་༤༥ཐོག་རྒྱབ་ལྗོངས་ཀྱི་རྒྱུན་མཚན་ཡང་དག་ཡང་མེད་པའི་ས་གནས་ཁག་བརྒྱད་ཀྱི་ཐོག་གྲོས་ཆོད་དོན་ཚན་ གསུམ་བཞག་པར་ངོས་ལེན་ཞུ་ཐབས་མེད།

གཉིས་པ། ས་གནས་ཁག་བརྒྱད་ཀྱི་ཚོགས་མིའེ་མངོན་འདོད་ལ་བརྟེན་ནས་རང་བཞིན་གྱིས་གཞོན་ལྷན་ ནང་ལངས་ཕྱོགས་གཉིས་ཅན་ཞིག་ཆགས་སྟབས་འགྲོ་ལུགས་ལྟར་གཞོན་ནུའི་མཚན་བྱང་དང་ལས་ རྟགས་ལས་དམ་་ངོ་སྤྲོད་ལག་འཁྱེར་སོགས་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་ཡོད།

གསུམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་གཉིས་དབར་ལངས་ཕྱོགས་ཁོ་ན་མ་མཐུན་པ་ལས་དེ་མིན་གཞོན་ལྷན་གྱི་སྒྲིགས་འཛུགས་ལ་གཏོར་བཤིག་དང་ བརྩི་མེད་རིགས་གཏན་ནས་བཏང་མེད་པ་དང་འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ ཀྱི་ལངས་ཕྱོགས་ལམ་དབུ་མར་གཏན་འབེབས་བྱུང་ཉིན་ཚོགས་མིའི་མངོན་འདོད་གཞིར་ བཟུང་གཞོན་ལྷན་སྒྲིག་འཛུགས་ནང་སྔོན་ཚུད་ཐག་གཅོད་གྲོས་ཆོད་བཞིན་གོམ་པ་མདུན་ སྤོས་ཀྱིས་སྒྲིག་འཛུགས་ཞུགས་ཞུ་རྒྱུ།

བཞི་པ། ལོ་གཅིག་རིང་ས་གནས་ཁག་བརྒྱད་ནས་རང་ཚུགས་བརྟན་པོའི་ངང་ཆབ་སྲིད་དང་འབྲེལ་བའི་ ལས་འགུལ་ཁག་དུས་ཐོག་འཐུས་གཙང་ཞུས་པ་ལས་དབུས་ལ་ད་བར་སྐྱོན་འཛུགས་རིགས་བྱས་ མྱོང་མེད་ལ་།འབྱུང་འགྱུར་དང་ད་ལྟའི་ཆར་གང་དུ་ཡང་དེ་རིགས་གཏན་ནས་བྱེད་རྩིས་ མེད་སྟབས་ས་གནས་སོ་སོའི་ཚོགས་མི་རྣམས་ནས་དགའ་སྤོབས་ཆེན་པོ་དང་རྒྱ་ཆེའི་སྐྱ་ སེར་ཡོངས་ནས་བསྔགས་བརྗོད་ཐོབ་མུས་ཡོན།

ལྔ་པ། ལོ་གཅིག་ནང་དབུས་ནས་ད་བར་ས་གནས་ཆེ་ཁག་བརྒྱད་ཀྱི་དགོས་འདུན་ལ་དགོངས་བཞེས་གཏད་ནས་མ་གནང་བར་བློ་ཕམ་གྱི་གནས་སུ་གྱུར།

དྲུག་པ། གྲོས་ཆོད་ཨང་གཉིས་པ་ནང་གསལ།་སྐབས་སྔོན་མའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་ཅེས་འཁོད་ཐད།་ས་གནས་ ཁག་བརྒྱད་ཀྱི་ཚོགས་མི་གཙོས་ལས་ཐོག་རྒྱུན་ལས་དང་། རྒྱུན་ཟུར་བཅས་ནས་གྲོད་ཆོད་དེར་ནམ་ཡང་ངོས་ལེན་མེད་པ་ནི་ས་གནས་ཚོགས་མི་རྣམས་ ཀྱི་མངོན་འདོད་བཞིན་ཕྱག་ལས་མུ་འཐུད་རྒྱུན་འཁྱོངས་ཡོང་རྒྱུར་ངོས་ལེན་ཞུས་པ་ ཡོན།

བདུན་པ། གྲོས་ཆོད་དོན་ཚན་གསུམ་པའི་ནང་གསལ་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་བ་དང་ ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གཞོན་ལྷན་གྱི་ སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག མ་འོངས་པར་ས་གནས་ཁག་བརྒྱད་ཀྱི་གནས་དོན་ཐོག་ཐག་གཅོད་ཅི་ཞིག་གནང་དགོས་ཀྱང་ གནང་ཆོག་པའི་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འགན་ལྷན་འདེའི་ཐོག་ནས་ཕུལ་བ་ཡིན་ཞེས་པའི་ཐད་། ས་གནས་ཁག་བརྒྱད་ཀྱི་ལས་ཐོག་རྒྱུན་ལས་དང་ཚོགས་མི་ཡོངས་ནས་གྲོས་ཆོད་འདིར་ངོས་ལེན་གནང་ཐབས་མེད།

བརྒྱད་པ། མཐའ་དོན་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བླ་ན་མེད་པ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་ལམ་སྟོན་མུན་སེལ་འོག་བཙན་བྱོལ་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་་སྨན་དབུ་མའི་ལམ་ གྱི་ཐོག་ཚོགས་མི་ཡོངས་ནས་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་གཏན་པོ་ཞུ་རྒྱུའི་གྲོས་ཆོད་དུ་སྦེལ་ཀོབ་བདེ་སླར་ཚོགས་ཁང་ནང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ལས་ཐོག་དང་སྐབས་སྔོན་མའི་རྒྱུན་ཟུར་མཐུན་མོང་ནས་ཚེས་ ༡༥ ཉིན་ཚོགས་འདུ་དང་ཚེས་ ༡༦ ཞོགས་པར་གསར་འགོད་ལྷན་ཚོགས་ཞིག་ཚོགས་ཡོད་པ་རེད་འདུག ཅེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

སྐར་མ ༩ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༢༣ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 14

  1. གནས་ཚང་། says:
    ལོ་ 11 སྔོན།

    གཞོན་ནུའི་ལངས་ཕྱོགས་ལ་ངོས་ལེན་མེད་ན་ཕྱིར་འབུད་བྱེད་དགོས་པ་རེད། རྒན་ཡོལ་གྱི་དུས་ཚོད་ལྟ་བུ་ཞིག་སྒུག་ནས་འདུག་དགོས་དོན་ཡོད་པ་མ་རེད། ཚོགས་པ་གང་ཞིག་ཡིན་ཀྱང་གཞན་དང་མི་འདྲ་བའི་ལངས་ཕྱོགས་དམིགས་བསལ་བ་ཞིག་ཡོད་པ་རེད། བསམ་ཚུལ་ལྡོག་ཕྱོགས་པ་མང་བོ་ཞིག་ཚོགས་པར་ཞུགས་བཅུག་ཏེ་ཚོགས་པའི་ལངས་ཕྱོགས་བསྒྱུར་དགོས་ཟེར་ན་འགྲིག་ཐབས་ཡོད་པ་ཞིག་ཨེ་རེད། རང་བཙན་ཚོགས་པ་ཉུང་རུ་གཏོང་ཐབས་རང་ཉིད་དེ་ལས་ཕྱིར་འབུད་བྱེད་རྒྱུ་ལས་རང་བཙན་ཚོགས་པའི་ལྟ་བ་སྒྱུར་ཐབས་བྱེད་རྒྱུ་དེ་མ་རེད་སྙམ། རང་བཙན་དང་རང་སྐྱོང་ནི་ད་ལྟར་ང་ཚོ་ལ་ཡོད་པའི་ལྟ་བ་མི་འདྲ་བ་གཉིས་ཡིན་ལ་རང་བཙན་གྱི་མགྲིན་ཚབ་ཚོགས་པ་ལྟ་བུ་དེ་གཞོན་ནུ་ཆགས་ཀྱི་ཡོད་སྟབས་གཞོན་ནུ་ཚོགས་པ་དང་གཞོན་ནུ་རང་བཙན་ཚོགས་པ་ཞེས་པ་དོན་གཅིག་ལ་འགྲོ་གི་ཡོད་པ་ཤེས་པའི་སྒོ་ནས་འཛུལ་ཞུགས་དང་ཕྱིར་འབུད་བྱེད་སྟངས་ཀྱང་ཤེས་དགོས་པ་རེད། དེ་ན་མི་ཚེ་གང་བོར་བྱ་ཤ་རྐྱང་རྐྱང་ཟ་རྒྱུ་ཡོད་པ་ལྟ་བུ་ནི་མིན་པས་ལྟ་བ་བརྗེས་ནས་ད་དུང་ཨུ་ཚུགས་ཀྱིས་དེའི་ཁོངས་བྱས་ནས་འདུག་ཐབས་བྱེད་པ་ནི་འོས་པ་མ་ཡིན་ནོ།།

    Reply
  2. གངས་ཕྲུག says:
    ལོ་ 11 སྔོན།

    དུས་དང་བསྟུན་ནས་ལས་འགུལ་སྤེལ་མཁན་རྣམས་རྣམ་དཔྱོད་ཡོད་པ་ཞིག་ལ་དངོས་འཛིན་ཞུ་རྒྱུ་ཡིན། སྤྱིར་རང་བཙན་མི་འདོད་མཁན་གངས་ཅན་པ་སུ་ཡང་མེད། འོན་ཀྱང་གནས་སྐབས་བོད་ནང་གི་ཛ་དྲག་གནས་དོན་ལ་དགོོངས་པ་ཞེས་རྒྱུ་གལ་ཆེ། སོ་སོའི་འདོད་པ་དང་མ་ཐུན་ན་ནོར་འཁྲུལ་རེད་ཟེར་བ་དང་ཁ་གཏོང་བསྡད་ན་མི་དེ་ལ་ཡོན་ཏན་གྱི་ཤེས་རབ་མེད་པའི་རྟགས་རེད། ཕ་མི་གཅིག་པའི་བུ་ལ་བསམ་ཚུལ་མི་ཐུན་པ་ཡོང་སྲིད། གཞན་ལ་སྐྱོན་བརྗོད་པ་ལས་སོ་སོའི་ངོས་ནས་སྤྱི་པའི་ལས་དོན་སྣ་གཅིག་ཙམ་བསྒྲུབ་ན་ཕན་རླབས་ཆེ། གཞན་ཁ་གཡུག་ལག་གཡུག་བྱེད་པ་ཙམ་ཧ་མི་ལས།

    Reply
  3. སྤགས་ཤར། says:
    ལོ་ 11 སྔོན།

    བྱ་ཉལ་ལྷ་སྐྱབས་ལ་སོགས་པའི་མི་ངན་དེ་ཚོའི་བྱ་སྤྱོད་ལ་ངོ་རྒོལ་ཡོད། མང་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་མ་མཐུན་ན་སྤྱི་མོས་སམ་མང་མོས་ནི་སྤྱི་ཡོངས་ཀྱི་འགྲོ་ལུགས་ཡིན་པ་བརྗོད་ག་ལ་དགོས། ཡིན་རུང་ཀླད་མེད་བྱ་ཉལ་སོགས་ཀྱི་མང་མོས་མཁས་ལེན་མ་བྱས་པར་རང་འདོད་ལྟར། རླབས་ཆེན་གྱི་ཚོགས་པ་ཞིག་གི་ནུས་པ་ཇེ་ཆུང་དུ་གཏོང་ཐབས་བྱེད་པ་ནི། རྒྱ་གཞུང་མྱུལ་མ་འམ་བཙན་བྱོལ་ནང་གི་སྐབས་འཚོལ་ཆབ་སྲིད་པ་དེ་ཚོའི་རྒྱུགས་ཁྱི་ཡིན་པ་ཐེ་ཚོམ་མི་དགོས་སོ། ཁྱེད་ཚོའི་ཕུགས་བསམ་གཞོན་ལྷན་གྱི་ནུས་པ་ཇེ་ཆུང་གཏོང་ཐབས་བྱ་ཡས་ནི་ཉི་མོའི་རྨི་ལམ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་ལྟ་བར་དུ་ཕྱག་ལས་རླབས་ཆེན་གང་འདྲ་གནང་མིན། མང་གཙོའ་སྤྱི་ཚོགས་ནང་དུ་ཚར་ལོངས་བྱུང་བའི་ང་ཚོས་སྐབས་འཚོལ་པ་ཁྱེད་ཚོར་བརྗོད་མ་དགོས་པར་རྒྱ་གཞུང་གིས་རྒྱུད་ལམ་ཁག་ཏུ་བརྗོད་དང་བརྗོད་མོས་ཡིན་པ། ལོང་བ་ཡིན་ཡང་མཐོང་ཚོད་དང་། འོན་པ་ཡིན་ནའང་གོ་ཚོད་རེད། མ་ཟད་རང་བཙན་གྱི་ལྟ་གྲུབ་དོར་བའི་ས་གནས་གཞོན་ནུ་ང་ཚོ་བོད་མིར་མི་དགོས་ལ། ཕུགས་བསམ་མེད་པའི་སྐབས་འཚོལ་པ་བྱ་ཉལ་ལ་སོགས། ང་ཚོ་བོད་མིར་དགོས་ཡས་མི་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱས་གྱུར་ཅིག མང་གཙོའི་འགྲོ་ལུགས་དང་འགལ་བའི་ས་བརྒྱད་ནུབ་གྱུར་ཅིག

    Reply
  4. བསྟན་ཆོས། says:
    ལོ་ 11 སྔོན།

    ལྷོ་ཕྱོགས་ཁག་གི་གཞོན་ནུའི་ཚོག་མི་ཚོས་བསམ་བློ་ཡག་པོ་ཐོངས། ཚོགས་པ་གང་ཞིག་ཡིན་ཡང་། རྩ་བའི་དམིགས་པ་འམ་ལྟ་བ་བསྒྱུར་དགོས་བྱུང་ཚེ། དེ་ནུས་མེད་ཆགས་སྟེ་རང་བཞིན་གྱིས་ཤི་འགྲོ་བཞིན་པའི་སྐབས་ཡིན་དགོས་པ་རེད། བོད་གཞོན་དེའི་ཚད་ལ་ཕར་ཞོག ནུས་པ་ཧ་ལས་པ་ཡོད་བཞིན་པ་རེད།
    བྱ་ཉལ་གྱི་བྱ་ཉེས་ལ་ཐ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  5. གནས་ཚང་། says:
    ལོ་ 11 སྔོན།

    ད་འཐབ་ཕྱོགས་གཅིག་གྱུར་ཁང་གིས་དངུལ་འབོར་ཆེན་སྤྲོད་ས་རེག་སོང་བ་རེད། མི་ཉུང་ཤས་ཤིག་ཕྱུག་པོ་ཆགས་ནའང་ཡག་པོ་རེད།

    Reply
  6. མངའ་རིས་འཕྲིན་ལས། says:
    ལོ་ 11 སྔོན།

    ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་འཐུས་མི་བྱབ་ཆུང་ཀླད་མེད་རྨོངས་དད་ཅན་དེ་ཚོར་ངོ་རྒོལ་ཐ་ཅིག་ཏུ་ཡོད། མ་གཞི་ཁྱེད་ཚོར་ཁག་མེད་ཚོད། སྔོན་མ་ནས་སྒེར་སྤྱོད་རིང་ལུགས་པ་ཚོས་ཉོས་ཟིན་པ་རེད། སྤྱི་ཁྱབ་དབུས་རྒྱུན་ལས་ནས་བཀའ་ལ་བརྩི་བཀུར་མི་དགོས་པར་རང་སྣང་གང་དྲན་བྱེད་དགོས་དོན་གང་ཡིན། འཛམ་གླིང་སྤྱིའི་ཁྲིམས་དང་མཐུན་ཡོད་དམ། ཡང་ན་ཁྱེད་ཚོར་རྒྱབ་ལྗོངས་ཆེ་བས་རེད་དམ། མ་རབ་ཐ་ཤལ་གྱི་བྱ་སྤྱོད་རེད།

    Reply
  7. བོད་དགའ། says:
    ལོ་ 11 སྔོན།

    བྱ་ཉལ་ཟེར་བའི་མི་འདི་གཙོས་པའི་ས་གནས་ཁག་བཞིའི་མི་འདི་ཚོའི་ཧམ་པ་ཚ་བ་ལ།
    ཁོ་ཚོས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཚུར་ལམ་སྟོན་དང་བཀོད་པ་འཐེན་ཡོང་གིན་འདུག སྔར་མིའི་གཏམ་དཔེ་ལ། བླ་མས་དྲིལ་བུ་གར་བཞག་ལས། དྲིལ་བུས་བླ་མ་གར་བཞག་མ་རེད། ཟེར་སྲོལ་ཡོད། ངོ་མ་མགོ་དང་མཇུག་གི་རྣམ་བཞག་ཙམ་ཡང་མ་ཤེས་ན་ཁྱེད་ཚོས་བོད་བསྟན་པ་ཆབ་སྲིད་ཇི་ལྟར་བསྐྱང་རྩིས་ཡོད། མ་གཞི་དབུས་གཞོན་ནུའི་ལོང་ཕྱོགས་དབུ་ལམ་དུ་བསྒྱུར་ནའང་དབུ་ལམ་ནི་སྔར་ནས་ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁག་གི་དར་དམར་འོག་ཏུ་འཛུལ་རྒྱུའི་དམ་བཅའ་བཞག་ཚར་བ་རེད།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    གཞོན་ལྷན་དབུ་མར་བསྒྱུར་ན་དགེ་ཕན་ག་རེ་ཡོད་རེད། དངོས་གནས་ཅི་ཞིག་བཤད་ཀྱིན་ཡོད་མེད་མགོ་ཚོས་ཀྱི་མི་འདུག དབུ་མའི་ལམ་ལས་འགུལ་ཁང་ཞེས་པའི་ཚོགས་པ་ཟུར་དུ་བཙུགས་ཡོད་པ་མ་རེད་དམ། སོ་སོ་ལངས་ཕྱོགས་གཞོན་ལྷན་གྱི་ལངས་ཕྱོགས་དང་མཐུན་གྱི་མེད་པར་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་གྱི་ཡོད་ན། དབུ་མའི་ལམ་ལས་འགུལ་ཁང་ཚོགས་པར་འཛུལ་ཞུགས་ཀྱིས་ཚོགས་པ་དེར་རྒྱབ་སྐྱོར་གྱིས་ནུས་པ་བཏོན་ཏེ་རྒྱ་བསྐྱེད་བྱས་པ་ཡིན་ན་དེ་ནི་འགྲོ་སྟངས་ཤིག་རེད། དེ་མིན་པར། གཞོན་ལྷན་གྱི་མང་མོས་ཐག་གཅོད་ཀྱང་ངོས་ལེན་མི་བྱེད། གཞོན་ལྷན་གྱི་ལངས་ཕྱོགས་ཀྱང་ངོས་ལེན་མི་བྱེད། གཞོན་ལྷན་གྱི་ཚོགས་གྲས་ནས་ཀྱང་ཕྱིར་མི་འབུད། འདི་ནི་རྙོག་དྲ་རང་བཟོ་སྟངས་ཤིག་ལས་ཅི་ཡང་མ་རེད་བསམ། ནང་ནས་བཀྲ་མ་ཤིས་ན། ཕྱི་ནས་དོན་མི་འགྲུབ་ཅེས་པའི་དཔེ་ལྟར། ཚང་མས་སེམས་ལྷོད་ལ་བབས་ནས་བསམ་གཞིགས་བྱེད་རན་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    རང་བཙན་ལྟ་གྲུབ་བཞག་ནས། གཞོན་ལྷན་ཡོད་ཆོག་ས་ལ། དབུས་ལམ་ལྟ་གྲུབ་བཞག་ནས་གཞོན་ལྷན་གསར་པ་བཙུག་ན་ཡང་སྐྱོན་ཆེར་མ་མཐོང་། གཞོན་ལྷན་གཉིས་བྱུང་ན། ཕན་མེད་དེ་རང་བཞིན་གྱིས་མེད་པ་ཆགས་རྒྱུ་ཡིན་པ་ཆོས་ཉིད་རེད་སྙམ་ལགས།

    Reply
  10. སྣང་རྒྱལ་ཤེར་དགེ says:
    ལོ་ 11 སྔོན།

    བསྟན་པ་བཤིག་ཟེར་བ་འདི་འདྲ་ལས་གང་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཧྲ་ཐག་ཐག་ཅིག་ཡོད་པ་དེ་ཡང་གཡས་གཏོར་གཡོན་གཏོར་བྱེད་ཀྱིན་འདུག བོད་ཀྱི་ཆབ་སྲིད་པ་རེ་འགས་རྒྱ་ནག་པོའི་ངོ་སྲུང་གི་ཆེད་དུ་ལས་དོན་འདི་རིགས་སྤེལ་བཞིན་པ་ནི་ཆེས་གཉན་འཕྲང་གི་སྐབས་འདིར་བགྱེལ་བའི་ཐོག་ཏུ་རྡོག་བརྫིས་རང་རེད། རྒྱབ་ཏུ་ཡིབ་ནས་བོད་ཀྱི་སྤྱི་ཚོགས་ལ་འདྲེ་ལག་སྐྱོང་མཁན་འདི་ཚོ་གཏན་དུ་མེད་པར་གྱུར་ཅིག དེ་དག་གི་རྗེས་འཇུག་རྨོངས་ཤིང་འཐིབ་པའི་ཆབ་སྲིད་པར་འབོད་པ་དེ་དག་ཀྱང་རྨོངས་པ་འདི་ལས་སད་པར་གྱུར་ཅིག རང་ཚུགས་རྒྱལ་ལོ། རྣམ་དཔྱོད་རྒྱལ་ལོ། སྙིང་སྟོབས་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  11. བློ་བཟང་། says:
    ལོ་ 11 སྔོན།

    བོད་པའི་གནས་སྟངས་ཛ་དྲག་ཏུ་ཆགས་ཡོད་པའི་སྐབས་ལ་གཞོན་ནུ་ལྷན་ཚོགས་ནང་ཁུལ་དུ་རྙོག་དྲ་རིགས་མ་བཟོ་བར་འགྲིག་འཇགས་ཡོང་ཐབས་གནང་རོགས། བོད་སྤྱི་དོན་ལ་འབད་འབུངས་གནང་སྟེ་ཕྱག་ལས་མཉམ་རུབ་གནང་རོགས། ཁ་ནང་དུ་གཏོད་པ་ལས་རྒྱ་ནག་ལ་ཁ་གཏད་དེ་གང་ཐུབ་ཅི་ཐུབ་གནང་དགོས་པའི་དུས་ཚོད་ཅིག་རེད། གཞོན་ནུའི་ཚོགས་མི་ཚོའི་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་ཁྱད་པར་མི་འདུག་གཙོ་བོ་སྤྱི་ཚོགས་སྣེ་འཁྲིད་དེ་འཐབ་རྩོད་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེ་ཤོས་རེད།

    Reply
  12. རིགས་ཀྱི་བུ། says:
    ལོ་ 11 སྔོན།

    དུས་བབ་ཡག་པོ་བྱུང་།
    ཡིག་འཁྱམས་ལྟ་བུའི་གནས་ཚུལ་རིགས་འགོད་རྐྱང་མི་བྱེད་པ་རྩད་གཅོད་བྱས་ཏེ་དོགས་འདྲི་ཞུས་པ་ཡག་པོ་བྱུང་འདུག སྤྱི་ཚོགས་བརྒྱུད་ལམ་ཁག་ནང་དུ་ཁ་གསལ་བོ་མེད་པ་དང་། དཀྲོག་གཏམ་འདྲ་མིན་བརྒྱུད་འགོད་བྱེད་བཞིན་འདུག

    Reply
  13. རིགས་ཀྱི་བུ། says:
    ལོ་ 11 སྔོན།

    དུས་བབ་ཡག་པོ་བྱུང་།
    ཡིག་འཁྱམས་ལྟ་བུའི་གནས་ཚུལ་རིགས་འགོད་རྐྱང་མི་བྱེད་པ་རྩད་གཅོད་བྱས་ཏེ་དོགས་འདྲི་ཞུས་པ་ཡག་པོ་བྱུང་འདུག སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་རྫུན་མ་འདྲ་མིན་འགྲོ་བཞིན་འདུག

    Reply
  14. ཨ་མའི་བུ། says:
    ལོ་ 11 སྔོན།

    ནང་བཀྲིས་མ་གཤིགས་ན། ཕྱི་དོན་མི་འགྲུབ་ཞེས་པ་ཅི་མི་བདེན། ད་དངོས་གནས་གད་མོ་ཤོར་གྱི་འདུག གཞོན་ལྷན་སྒྲིག་འཛུགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དུ་ལྷག་བསམ་ཆེན་པོ་ལས་འགུལ་གནང་དང་གནང་མུས་རེད། ཡིན་ཡང་ས་གནས་ཁག་བརྒྱད་ཀྱི་མིང་བེད་སྤྱོད་བཏང་ཏེ་རང་ཉིད་འགྲོ་སྟངས་བཟོ་མཁན་བྱ་ཉལ་ལྷ་སྐྱབས་ཚེ་རིང་སོགས་སྐབས་འཚོལ་པ་དེ་ཚོས་རྩ་དོན་ཁ་ལ་ཁྱེར་ཏེ་བཙན་བྱོལ་ནང་དུ་ཐུག་པ་དཀྲུགས་དཀྲུགས་དཀྲུགས་ཏེ་རང་ཉིད་སྐད་གྲགས་ཡོང་ཆེད་ལས་ཉན་དེ་འདྲས་བྱེད་ཀྱི་འདུག ད་རེས་མགོ་མེད་ཚོགས་འདུ་འདིར་ས་གནས་ཁག་བརྒྱད་ཀྱི་མི་ཡང་མི་འདུག ས་གནས་བཞི་ལས་མི་འདུག ད་རྫུན་ཤོད་མུ་མཐུད་ཤོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese