མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ལག་བསྟར་མ་ཐུབ་པའི་རྒྱབ་ལྗོངས་ཨེ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་ཤུགས་ཆེའི་བགྲོ་གླེང་བྱས་སོང་། སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་པ་དང་། དེར་སྲིད་སྐྱོང་མཆོག་ནས་དགག་བྱ་གནང་མིན་ལ་མ་ལྟོས་པར་གྲོས་ཚོགས་རྭ་བའི་ནང་བསླེབས་པ་ཙམ་དུ་མ་ཟད། དེའི་ཐད་གྲོས་ཚོགས་འཐུས་མི་མང་པོས་བགྲོ་གླེང་གི་ཆ་ཤས་བཞེས་པ་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་ཇི་ཞུས་ཐད་རྟོག་ཞིབ་ཚོགས་ཆུང་འཛུགས་རྒྱུ་ཡང་གཏན་འབེབས་བྱུང་ཡོད།

སྐུ་ངོ་སྲིད་སྐྱོང་མཆོག་དང་གསར་བསྐོས་བཀའ་བློན་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལས་ཁུངས་མཐོ་ཤོས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་དེ་ཤེས་ཡོན་སྲིད་བྱུས་གསར་གཏོད་གནང་མཁན་གྱི་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་དེ་ནས་ཀྱང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ལ་ཆེ་མཐོང་ག་ཚོད་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་ཚུལ་གསུངས་ཡོད། སྤྱི་འཐུས་འགའ་ཤས་ནས་ཀྱང་དེ་དེ་བཞིན་ཡིན་པའི་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད།

ད་ནི་གུས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེད་འཛུགས་གནང་འཆར་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་རེ་སྐུལ་ཞུ་རྒྱུ་ཞིག་ཡོད། སྤྱིར་སྐུ་ངོ་སྤྱི་འཐུས་རྣམ་པ་ནི་མི་མང་གི་འཐུས་མི་མཁྱེན་པའི་མངའ་བདག་ཞེ་གཅིག་ཏུ་སོང་། སངས་རྒྱས་ལ་ཀ་ཁ་སློབ་དགོས་དོན་མེད་ཀྱང་སྐྱེ་བོ་བློན་མུན་ཅན་བདག་གི་ཞུ་འདོད་པ་ཁག་གཅིག་མ་ཞུ་ཀ་མེད་རེད་འདུག རིང་མིན་རྟོགས་ཞིབ་ཚོགས་ཆུང་ནས་ལས་འཆར་དབུ་འཛུགས་གནང་སྐབས། ཐུབ་པའི་ངོ་ལ་འགྲམ་ལྕག་དང་། མི་ཐུབ་མགོ་བོར་བྱིལ་བྱིལ། ཞེས་པའི་དཔེ་དོན་དུ་མ་བཏང་པར། ད་རེས་ཀྱི་རྟོག་ཞིབ་དེ་ཤེས་རིག་བློན་ཆེན་ལྷན་ཁང་དང་དེའི་ཁྱབ་ཁོངས་སུ་ལྡིང་སྐོར་བརྒྱབ་ནས་མ་བསྡད་པར་གྲོས་འཆར་གྱི་སྔོན་གླེང་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཆ་ཚང་སྲིད་བྱུས་གཅིག་གི་འོག་བསྐྱོད་ཐུབ་པ་ཡོང་ཐབས་ལ་རེ་བ་ཆེན་པོ་བཅངས་པ་བཞིན་འབྱུང་འགྱུར་སྲིད་བྱུས་ལག་བསྟར་ཐུབ་ཐབས་ཀྱི་རེ་བ་མེད་ཀྱང་། དེ་ལྟར་མ་ཡོང་བའི་རྒྱུ་མཚན་གང་ཡིན་བྱུང་རབས་ཀྱི་དེབ་ཐེར་ནང་འཁོད་ཐུབ་པའི་ཆེད་དུ་ངེས་པར་དུ་ཁ་གསལ་བཟོ་ཐུབ་པ་གནང་རོགས།

ཤེས་ཡོན་ལྷན་ཚོགས་འདི་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་ཞུ་སྒོ་སྤྱི་དང་། ལྷག་པར་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་ཅན་རང་དབང་ལྡན་པའི་ལས་ཁུངས་མཐོ་ཤོས་ཀྱི་ངོ་བོར་བཀའ་ཤག་སྐབས་གོང་མས་གཟེངས་བསྟོད་ཀྱིས་དབུ་བཙུགས་གནང་ཡོད་ཀྱང་། དེའི་བར་ནས་བཀའ་ཤག་གོང་མའི་ལས་ཡུན་རྫོགས་པར་བརྟེན་ཤེས་རིག་བློན་ཆེན་ལྷན་ཁང་གི་ཡན་ལག་གི་ངོ་བོར་ལྷག་པ་རེད། ཡིན་ནའང་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་ལ་ཤེས་རིག་ལྷན་ཁང་ནས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་ཕུལ་ཡོད་པས་ཁོང་གིས་རེ་ལྟོས་བཅངས་ཡུལ་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ལས་ཁུངས་མཐོ་ཤོས་དེ་སླར་ཡང་ཁོང་རང་ཉིད་ཀྱི་ཕྱག་ཏུ་སོན་པ་རེད། འོན་ཀྱང་ད་ལྟའི་བར་ཤེས་ཡོན་ལྷན་ཚོགས་ནི་མིང་ཙམ་བརྡ་ཙམ་གྱི་ངོ་བོར་ལུས་ཡོད་ཅིང་འདི་ལྟར་གྱུར་བའི་ལན་པ་སུ་ལ་ཡོད་མེད་ཡང་བསྐྱར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་དགོས་པ་འདུག

དེ་ཙམ་དུ་མ་ཟད་སྤྱི་ཚོགས་ནང་གླེང་གཞི་ཞིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེས་བྱུང་རབས་ཀྱི་དེབ་ཐེར་ནང་འཁོད་པའི་དོན་དུ་རྣམ་འགྱུར་ཙམ་མཛད་པ་ལས་ཕྱག་བསྟར་དོན་འཁྱོལ་ཡོང་ཐབས་ལ་རེ་བ་དང་ཐུགས་འདོད་ཀྱང་དེ་ཙམ་མེད་ཚུལ་དང་། ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་དུའང་ཟུར་ཙམ་གསལ་འཁོད་ཡོད་ཅེས་དང་། ཤེས་ཡོན་ལྷན་ཚོགས་དེ་ཡང་ཤེས་རིག་ལྷན་ཁང་གི་ཡན་ལག་མིང་བརྡ་ཙམ་གྱི་ངོ་བོར་འཇོག་མཁན་ཡང་ཁྲི་ཟུར་གང་ཉིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་རེད།

སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཆ་ཚང་སྲིད་བྱུས་གཅིག་གི་འོག་བསྐྱོད་ཐུབ་པ་ཡོང་ཐབས་ལ་རེ་བ་ཆེན་པོ་བཅངས་ཡོད་ཀྱང་དོན་འབྲས་སྨིན་རྒྱུ་ཧ་ཅང་ཁག་པོ་རེད། གཞི་རྒྱ་ཆེ་བའི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ནས་ལ་དྭགས་བྱང་ཐང་ས་ཁུལ་གྱི་སློབ་གྲྭ་གཅིག་ཙམ་ལ་ལོ་ངོ་བཅུ་ལ་ཉེ་བའི་རིང་ཚོད་ལྟའི་ལག་བསྟར་བྱས་པའི་རྣམ་འགྱུར་ཙམ་སྟོན་པ་དེ་ཡང་ཤེས་རིག་ལྷན་ཁང་འོག་གི་སློབ་གྲྭ་ཁག་བཅུ་ཙམ་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་ལས་གཟི་བརྗིད་དང་ངོ་སོ་ཆེ་བ་ཡོད་པ་རེད།

ལར་ནས་བོད་ཁྱིམ་ནས་ཤེས་ཡོན་སྲིད་བྱུས་འདི་ལ་བྱང་ཁུལ་གྱི་སློབ་གྲྭའི་ནང་ལག་བསྟར་ཚོད་ལྟ་གནང་བ་འདི་ནས་ཀྱང་ཤེས་ཡོན་སྲིད་བྱུས་ལ་ཆེ་མཐོང་ཇི་ཙམ་གནང་ཡོད་པ་གསལ་པོ་མཁྱེན་ཐུབ། ཆེ་མཐོང་འདིར་དཔེ་ཞིག་བཞག་ན་སྐབས་གོང་མའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། སྐབས་འདི་པའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་གཉིས་སྲིད་སྐྱོང་དང་བཀའ་ཁྲི་ནས་ལ་བྱང་ས་ཁུལ་གྱི་ས་གནས་མགོ་འཛིན་ལ་བསྐོས་པ་འདྲ་པོ་བྱུང་འདུག འོན་ཀྱང་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁས་དབང་བློ་བཟང་སེང་གེ་ཡིན་པ་རེད།

ད་དུང་ང་ཚོའི་སྤྱི་ཚོགས་ནང་གླིང་གཞི་ཚབས་ཆེན་ཞིག་ཡོད་པ་ནི། འབྲེལ་ཡོད་མི་སྣ་གནད་ཆེན་འགའ་ཤས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མཐའ་བར་གསུམ་དུ་ཤེས་ཡོན་སྲིད་བྱུས་ལ་ཐུགས་མོས་མེད་ཚུལ་དང་། དེར་བརྟེན་ཁྱབ་ཁོངས་འགའ་ཤས་ནས་དང་ལེན་བྱེད་ཀྱི་མེད་ཚུལ་གྱི་ལབ་གླེང་ཞིག་ཀྱང་འདུག རང་ངོས་ནས་བསམ་བློ་གཏོང་སྐབས་སྐད་ཆ་འདི་ནི་ཁུངས་མེད་ཀྱི་གཏམ་འཆལ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཀྱང་ངས་ངོས་འཛིན་བྱས་པས་གང་ཡང་ཕན་ཐོགས་མེད་སྟབས་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཡིན།

གལ་སྲིད་དེ་ལྟར་ཡིན་ན་ཤེས་ཡོན་སྲིད་བྱུས་ཀྱི་ཆེད་དུ་བརྗོད་པའི་གཏམ་རིང་པོ་དེའི་མཇུག་ཏུ་ཤེས་ཡོན་སྲིད་བྱུས་འདི་བཞིན་ལེགས་གྲུབ་བྱུང་བ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མཐའ་བར་གསུམ་དུ་ལམ་སྟོན་བཀའ་སློབ་གནང་བ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་འཁོད་འདུག དེས་ན་རྟོག་ཞིབ་ཚོགས་ཆུང་ནས་གནད་དོན་འདི་ཚོར་ངེས་པར་དུ་ཐུགས་སྣང་ཞིབ་ཚགས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་ཁ་ལ་འཁྱེར་ཏེ་སྤྱི་དོན་ཁྱད་གསོད་བྱེད་མཁན་དེ་ཚོར་འགྲམ་ལྕག་ཚ་ཐག་གཅོད་ཅིག་ཞུ་རྒྱུ་གལ་ཆེ་བ་མཐོང་གི་འདུག་པས་དགོངས་འཇགས་ཞུ།། །།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 6

  1. གངས་གསེར་སྨྱུག says:
    ལོ་ 12 སྔོན།

    ད་དུང་ཞུ་ཡ་གཅིག་ལ། དགེ་རྒན་གྱིས་བོད་ཡིག་གནས་ཚད་ཡག་པོ་མེད་པ་དང་། དགེ་རྒན་གྱིས་བོད་སྐད་གཙང་མ་བཤད་མི་ཤེས་ཚུལ་འདི་བརྗོད་དུས། དོན་དངོས་ཐོག་ཤེས་ཡོན་བྱུས་ལ་རྒྱབ་སྐྱོར་གནང་པ་རེད། གང་ཡིན་ཞེ་ན། ད་སྐབས་ཀྱི་དགེ་རྒན་དང་ལས་སྣེ་རྣམས་པའི་བོད་ཡིག་གནས་ཚད་སྐྱོ་བོ་དང་། བོད་སྐད་གཙང་མ་བཤད་ཤེས་ཀྱི་མེད་པ་བདེན་པ་ཡིན་ཚེ། དེ་ཡིད་སྨོན་དང་། དགའ་བསུ་གནང་མཁན་བོད་མི་རྣམ་དག་ཞིག་ཡོད་མི་སྲིད། དེར་བརྟེན་མ་འོངས་པར་ཡང་བོད་དོན་ཆེད་སྐུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་འདུན་འགྲུབ་པ་དང་། བོད་མི་ལྷད་མེད་ཞིག་གིས་དགའ་བསུ་དང་། བསྔགས་བརྗོད་ཐོབ་དགོས་ན། མ་འོངས་བའི་འགོ་ཁྲིད་དང་། དགེ་རྒན་རྣམས་པར་བོད་ཡིག་གི་ཤེས་རྒྱ་དང་། བོད་སྐད་ཀྱི་སྦྱང་ཆ་ཐོན་པ་དགོས་ངེས་ཅན་རེད། ་དེ་ཡོང་པ་ལ་ཤེས་ཡོན་སྲིད་བྱུས་ལས་གཞན་པས་ཐབས་ལམ་ཞིག་ངས་རྩ་ནས་མ་མཐོང་། ད་དུང་རྒྱུན་དུ་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། བོད་མི་རིགས་གནས་དགོས་ན་སྐད་ཡིག་ལ་ཐུག་ཡོད་ཟེར་བ་དེ་ཚོ་བདེན་པ་ཡིན་ན། ཤེས་ཡོན་སྲིད་བྱུས་་ཐོག་འབད་བརྩོན་ལྷོད་མེད་གནང་རོགས།

    Reply
  2. གངས་གསེར་སྨྱུག says:
    ལོ་ 12 སྔོན།

    ཤེས་ཡོན་སྲིད་བྱུས་གླེང་བ་ནི་མི་རིགས་ཀྱི་ཕུགས་མདུན་གླེང་བ་ཡིན་པས། འདི་གླེང་མཁན་རྣམས་པར་དགའ་བསུ་དང་། ལེགས་གསོལ་ཡོད། སྐད་ཡིག་འདི་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། བོད་མི་རིགས་གནས་དགོས་ན་སྐད་ཡིག་ལ་ཐུག་ཡོད་ཟེར་བ་དེ་ཚོ་བདེན་པ་ཡིན་ན། ཤེས་ཡོན་སྲིད་བྱུས་ལ་ཐོག་འབད་བརྩོན་གནང་རོགས།

    Reply
  3. འཇིགས་མེད་སེངྒེ། says:
    ལོ་ 12 སྔོན།

    གང་ལྟར་ཤེས་ཡོན་སྲིད་བྱུས་ཐོག་གཅིག་མཇུག་གཉིས་མཐུད་ཀྱིས་རྩོམ་ཡིག་སྤེལ་བ་འདིས་རྒྱ་ཆེའི་མང་ཚོགས་ཁྲོད་སེམས་ཚོར་ཆེན་པོ་ཡོད་པའི་རྟགས་མཚན་གསལ་སྟོན་བྱས་ཤིང་། བོད་ཡིག་འཚོ་རྟེན་དུ་བྱེད་ཀྱང་། བོད་ཡིག་ལ་དྲིན་མི་ཚོར་བའི་གྲོས་ཚོགས་འཐུས་མི་བསམ་མེད་རེ་འགས། “ཤེས་ཡོན་སྲིད་བྱུས་གླེང་བ་དེ་ཀུན་སློང་ཡག་པོ་མེད་”ཚུལ་གླེང་བར་ཡང་། འགྲམ་ལྕགས་ཚ་ཐག་ཆོད་ཅིག་གཞུས་པ་རེད།
    མདོར་ན་ཤེས་ཡོན་སྲིད་བྱུས་གླེང་བ་ནི་མི་རིགས་ཀྱི་ཕུགས་མདུན་གླེང་བ་ཡིན་པས། འདི་གླེང་མཁན་གྱི་ཀུན་སློང་ལ་དོགས་པ་ཡོད་ཟེར་མཁན་ཚོའི་ཀུན་སློང་ལ་དོགས་པ་ཆེན་པོ་ཡོད།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    བརྒྱ་བཤད་ཚིག་གི་རྩ་བ་ནི། ཐོག་དང་པོ། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་སྤྱོད་བཞིན་པའི་སྐད་གཉིས་སློབ་གསོའི་སྐོར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱོས། དེ་ནས་སོ་སོར་འཚམ་པའི་སྐད་གཉིས་སློབ་གསོའི་ལམ་ལུགས་ཤིག་གཏན་འབེབས་བྱོས། དེ་རྗེས་གཡག་ཞར་གྱི་རྩྭ་ཟ་བའི་དཔེ་སུ་མི་འགྱུར་བར། སྐད་གཉིས་སློབ་གསོའི་བསླབ་གཞི་ཆ་ཚང་བ་ཞིག་བསྒྲིགས། དེ་ལའང་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ནང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་ཞིག་དགོས་པ་གནད་ཀྱི་དམ་པ་ཡིན། རྒྱ་གར་གྱི་སློབ་གསོའི་སྒྲོམ་གཞིའི་འགྲོས་དང་ཁ་བྲལ་ཏུ་གྱུར་བའི་སློབ་གསོའི་སྒྲོམ་གཞི་ཞིག་བཙུགས་ཀྱང་ཕུང་བའི་རྒྱུ་མེད་ཡོད་མི་སྲིད། དེ་ནི་ལྟག་ཆུ་ཆད་པའི་རྫིང་བ་བུ་ཞིག་དང་འདྲ་བར། འབྲེལ་ཡོད་གནས་སྡོད་སྤྱི་ཚོགས་ནང་ནས་རྒྱང་ཕུད་དུ་བཏང་སྟེ་དྭ་ཕྲུག་གི་ངོ་བར་འགྱུར་འགྲོ། ཐ་ན་མི་རིགས་ཀྱི་ལས་དོན་གཡུག་ཤོག སོ་སོའི་ལྟོ་དོན་ཀྱང་མི་འཁྱོངས་བའི་རིགས་ཚོགས་ཤིག་ལས་མ་འདས།

    གཉིས་པ། དཔྱད་ཀྱང་སྒྲུབ་སྟེ་གྲུབ་པའི་སྐད་གཉིས་སློབ་གསོའི་ལམ་ལུགས་ཏེ་ལག་ཏུ་བསྟར་མཁར་གྱི་དཔུང་སྡེ་ཤིག་གསོ་སྐྱོང་བྱེད་དགོས། དེ་ལ་ཐོག་མར་སྐད་གཉིད་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ་ཡང་དག་པ་ཞིག་བསྐྱེད་བསྲིང་བྱེད་དགོས། དེ་ཡོང་བ་སྐད་གཉིས་སློབ་གསོའི་དགེ་ཐོན་སློབ་གྲྭ་ཞིག་འཛུགས་དགོས། དེ་ཡོང་མི་ཐུབ་ན་དམའ་མཐར་ཡང་སྐད་གཉིས་སློབ་གསོའི་དགེ་འོས་ཆེད་ལས་འཛིན་གྲྭ་ཞིག་ངེས་པར་དུ་འཛུགས་དགོས། རབ་ཡིན་ན་རྒྱ་གར་གྱི་མཐོ་སློབ་ཞིག་དང་མཉམ་འབྲེལ་གྱིས་འཛུགས་དགོས། དེ་མི་ཡོང་ན་ཏཱ་ལའི་བླ་མ་མཐོ་སློབ་དང་ས་རཱ། ཝ་རཱ་ཎ་སི་སོགས་དང་མཉམ་འབྲེལ་གྱིས་འཛུགས་དགོས། བརྒྱུད་ལམ་དེ་ནས་སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་ཞིག་བསྐྱེད་བསྲིང་བྱེད་དགོས། དེའང་ལའང་རིག་ཚན་སོ་སོ་བར་ཆེད་དུ་སྐད་གཉིས་དགེ་རྒན་བསྐྱེད་བསྲིང་བྱེད་དགོས། མ་མཐར་ཡང་རྩིས་དངོས་རྫས་གསུམ་གཙོས་ཚན་རྩིས་སྡེ་ཚན་གཅིག་དང་། ས་རྒྱུས་ལོ་རྒྱུས་ཆབ་སྲིད། སྤྱི་ཚོགས་ཚན་རིགས། སོགས་གཙོས་སྡེ་ཚན་གཅིག་བཅས་ཁག་གཉིས་སུ་བགོས་སྟེ་སྐད་གཉིས་དགེ་རྒན་བསྐྱེད་བསྲིང་བྱེད་དགོས།

    གོང་གསལ་རིམ་པ་དེ་གཉིས་གྲུབ་རྗེས། ད་གཟོད་སྐད་གཉིས་དགེ་རྒན་སློབ་ཐོན་གྱི་རིམ་པ་ལྟར། སློབ་གྲྭ་སོ་སོའི་གཞི་རིམ་འཛིན་གྲྭ་འོག་ནས་མགོ་བརྩམས་ཏེ། རིམ་པ་གོང་མ་བར་རིམ་པས་སློབ་ཁྲིད་ལག་བསྟར་བྱེད་དགོས། ༼འདིའི་རིམ་པ་འདི་དཔེ་སྟོན་སློབ་གྲྭ་གཙོས་སློབ་གྲྭ་ཁག་ཅིག་ནང་འགྲོ་བཞིན་པ་རེད། ཡིན་ནའང་། དགེ་རྒན་དཔུང་སྡེ་ཚད་ལྡན་མ་རེད།༽

    གོང་གསལ་ཁག་གྱི་ཁྲོད་ནས། དཀའ་ལས་ཁག་ཤོས་ཏེ་ཚད་ལྡན་གྱི་སྐད་གཉིས་དགེ་རྒན་དཔུང་སྡེ་བསྐྱེད་བསྲིང་བྱ་རྒྱུ་དེ་ཆགས་ཡོད་པ་དང་། ཆེས་གནད་འགག་དང་ཉེན་ཁ་ལྡན་པའི་ལས་དོན་དེ། སྐད་གཉིས་སློབ་གསོའི་སྒྲོམ་གཞི་དང་བསླབ་དེབ་ཆགས་ཡོད། དེ་ལ་ནོར་འཁྲུལ་ཤོར་ཚེ་སྤྱི་ཚོགས་ལ་ཕན་ཐོག་རྒྱུའི་ཚབ་ཏུ་གནམ་ལ་མི་ཤོངས་པའི་ནག་ཉེས་ཆེན་པོ་གསོག་ངེས།

    དེ་མ་གཏོགས། ཆབ་སྲིད་པ་ཀྲོག་ཀྲོག་འགའ་དང་། མགོ་ལ་བཙན་གྱི་མཁས་པའི་རྭ་བཙུགས་པའི་རང་སྣང་འགའ། རྣ་མེད། མིག་མེད། ཡིད་མེད་པའི་ཚུལ་ཏུ་རུབ་འཚོགས་བརྒྱབ་སྟེ། དྲན་ཚོར་གློ་བུར་བ་དང་། སེམས་ཤུགས་སྐད་ཅིག་མ་ཙམ་གྱིས་སྒྲུབ་པའི། ཁ་སྟོང་བའི་ནང་གི་ཚིག་སྟོང་བ་ལྟ་བུའི་གཞི་ལམ་འབྲས་གསུམ་དང་སྦྱོར་དངོས་རྗེས་གསུམ་མི་ཚང་བའི་སྒྲོམ་གཞི་ཡ་མ་བླ་ཞིག་གིས་ཡོང་གི་མ་རེད། (རྣར་མི་འགྲོ་ན་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞི་དང་སློབ་ཁྲིད་དམིགས་ཚད་དག་གི་བརྗོད་བྱ་དང་། བརྡ་དང་ཐ་སྙད་འདེམས་བསྒྲིགས་སོགས་ལ་ཅིག་ལྟོས་དང་།)

    ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་དགེ་རྒན་དག་གི་སྤུས་ཚད་ནི་ཧ་ལས་པའི་ཞན་པོ་རེད། དགེ་རྒན་དེ་དག་གིས་སོ་སོའི་ངོས་ནས་ཀྱང་། རིག་ཚན་ཆེད་ལས་པའི་བརྡ་དང་ཐ་སྙད་པར་ཞོག ཐ་ན་སྤྱིར་བཏང་གི་འགྲོ་འདུག་ཟ་འཐུང་ཙམ་གྱི་བོད་སྐད་གཙང་ཞིག་ཀྱང་བཤད་ཤེས་ཀྱི་མི་འདུག དེ་འདྲའི་དགེ་རྒན་དཔུང་ཁག་ཅིག་གིས་བསྐྱངས་པའི་སློབ་ཕྲུག་ཏག་ག་འདྲ་ཡིན་རྒྱུ་རེད། (རྣར་མི་འགྲོ་ན། དཔེ་སྟོན་སློབ་གྲྭའི་དགེ་རྒན་དག་དང་མཉམ་དུ་ཁ་བརྡ་བྱོས་དང་། ཁོ་ཚོས་སློབ་ཕྲུག་ཚོར་ཁ་བརྡ་བྱེད་པའི་གཏམ་ལ་ཉོན་དང་། སྐད་ཆའི་ཁྲོད་ཀྱི་གནད་ཚིག་དག་གི་བརྒྱ་ཆའི་ ༦༠ ཡན་བོད་སྐད་མ་རེད། སྐད་ཆ་ཧྲིལ་པོ་ར་མ་ལུག་གི་སྐད་རེད། )

    ད་ལྟའི་ཤེས་ཡོན་སྲིད་ཇུས་ཀྱི་བསླབ་དེབ་དང་སློབ་ཁྲིད་དཔྱད་ཡིག་དག་གཙོས་འཛིན་སྐྱོང་སྒྲོམ་གཞི་དང་། དགེ་རྒན་དཔུང་སྡེ་འདི་འདྲ་ཞིིག་གི་འོག ལམ་ལུགས་ལོགས་སུ་བགར་ནས་བསྐྱེད་སྲིང་བྱེད་པ་ལས། བོད་སྐད་ཡིག་གཅིག་པུའི་སྒང་ཤུགས་བརྒྱབ་སྟེ། གཞན་པའི་རིག་ཚན་དག་དབྱིན་ཡིག་གི་ལམ་ནས་ཁྲིད་ན་ཡག་ཤོས་རེད། འདི་མུར་ཕྱིན་ཚེ་མཐར་༼རྒྱུ་ཤ་མི་ལ་མེད་པ། རྒྱུ་ཁུ་ཁྱི་ལ་མེད་པ༽ཞིག་གི་འགྱུར་རྒྱུར་ཉེན་ཁ་འདུག

    Reply
  5. འཇམ་གཅེས ། says:
    ལོ་ 12 སྔོན།

    ཤེས་ཡོན་སྲིད་བྱུས་ནི་མི་རིགས་ཤིག་གི་རིན་ཐང་དང་། མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ལོས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་བཀའ་ཁྲི་ཟམ་གདོང་ཚང་གིས་གསར་གཏོད་གནང་བ་རེད། ཡི་ཡང་བོད་ཁྱིམ་ཁག་གི་ཡན་ལག་དང་ཉིང་ལག་དག་ཏུ་ལག་བསྟར་གནད་ལ་སྨིན་པོ་ཞིག་བྱུང་མ་ཐུབ་པ་འམ་ཡང་ན་འགོག་རྐྱེན་ཆེ་ཤོས་དེ་ནི་ཨ་མ་རྗེ་བཙུན་པདྨ་ལགས་དང་འབྲེལ་བ་ཡོད་པ་རེད།

    སྤྱིར་ཤེས་ཡོན་སྲི་ལག་བསྟར་གནང་ཡུལ་དཔེ་བསྟོན་སློབ་གྲྭ་ལྟ་བུར་མཚོན་ན་སློབ་ཕྲུག་ཚོའི་ཀུན་སྤྱོད་དང་ཤེས་ཡོན་གང་ཐད་ནས་སློབ་ཕྲུག་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོང་བཞིན་པ་ནི་མངོན་སུམ་ལ་བསྙོན་མི་ནུས་པ་གྱུར་ཡོད། དཔེ་ན་ཁྱིམ་ཚང་གཅིག་གི་ནང་ནས་བུ་ཕྲུག་གཉིས་ལས་གཅིག་དཔེ་བསྟོན་སློ་གྲྭ་དང་། གཅིག་སློབ་གྲྭ་གཞན་པར་ཡོད་མཁན་ཕ་མ་མང་པོས་མཐོང་ཐོས་མྱོངས་གསུམ་ཡོད་པའི་སྒོ་ནས་དཔེ་བསྟོན་སློབ་གྲྭ་ཡག་པོ་ཡོད་པ་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད།

    ད་ལྟའི་འཛིན་སྐྱོང་གིས་ལག་ལེན་གང་འདྲ་གནང་གི་ཡོད་མིན་གསལ་པོ་ཞུ་མ་ཤེས་ཀྱང་། སྤྱི་ཚོགས་ནང་དུ་གླེང་ཕྱོགས་མང་པོ་ཡོང་གི་ཡོད་པ་ནི་དངོས་ཡོད་རེད། དེ་མིན་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་པ་གཉིས་ལ་ཤེས་ཡོད་སྲིད་ཇུས་དང་འབྲེལ་བའི་སྒོ་ནས་ཟུར་ཟ་དང་ངན་རྨོད་ག་ཚོད་བྱས་ཀྱང་། རང་གི་དེ་ཉིད་ཕྱི་རུ་གསལ་བྱེད་ཙམ་ལས་དྲང་བདེན་ཞིག་ལ་ཡིན། དཔེ་ན་རྩོམ་ཡིག་འདིའི་ནང་དུ་ཆ་མཚོན་ནའང་སྤྱི་ཚོགས་དྲྭ་འབུ་ཚོས་བཤད་ཡམ་མང་པོ་ཞིག་ལུང་འདྲེན་ཐོག་གནད་ཡོད་མི་སྣ་ཚོས་བསམ་ཚུལ་ཡིན་ཁུལ་དང་། ད་དུང་དགོས་མེད་ཀྱི་གཏམ་རྙོག་ཡང་མང་པོ་སྤུངས་འདུག་པར་བརྟེན་དྲང་བདེན་གྱི་སྒོ་ནས་བསམ་ཚུལ་ཞུས་པ་ཡིན།། །།

    Reply
  6. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    ཁ་བཤད་ཆུ་ཡི་རྦོ་བ་ལག་ལན་གསེར་གྱི་ཐེག་པ་ཟེར་བ་བཞིན་སྤྱི་འཐུས་རྒྱུན་ལས་གྲོས་ཆ་དེ་ལག་ལན་ཐོག་གང་འདྲ་ཞིག་འགྲོ་མན་ལྟས་མོ་ཡོད། མང་ཚོགས་རྒྱབ་སྐྱོར་ཐོབ་ཆེད་ཙམ་ལས་གང་ཡང་མ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese