མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་བསྔོག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་གནས་ཚུལ་ཞིག་དང་འབྲེལ་ཏེ། འཕྲོད་བསྟེན་བཀའ་བློན་ཡང་རྙོག་གྲ་དེ་དང་འབྲེལ་བ་ཡོད་མེད་ཀྱི་རྙོག་གླེང་ཞིག་བྱུང་བར་བཀའ་ཤག་གིས་ཞིབ་འཇུག་གནང་སྟེ་སྙན་ཐོ་སྤྱི་འཐུས་ལ་སྤྲོད་དགོས་པའི་ཐག་གཅོད་གནང་སོང་།

དེ་རིང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་འབྲེལ་ཏེ། སྤྱི་འཐུས་ཤིག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་དུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་བྱུང་ཡོད་པའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ལ་དོགས་འདྲི་ཞུས་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ནས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཀྱང་ཡིག་ཆ་རྫུན་མ་བཟོས་ཡོད་མེད་ཀྱི་གནད་དོན་ཞིག་གི་ཐོག་སྤྱི་འཐུས་མང་པོ་ཞིག་གིས་དོགས་འདྲི་དང་དགོངས་ཚུལ་གསུངས་སོང་།

གནད་དོན་དེར་འཕྲོད་བསྟེན་བཀའ་བློན་དང་སྲིད་སྐྱོང་མཆོག་བཅས་ནས་གསལ་བཤད་གནང་བར། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་གཉིས་ཀྱིས་ཁོང་ཚོའི་སྨན་ཁང་གི་འགན་འཛིན་ལ་སྐྱོན་འཛུགས་ཡི་གེ་ཞིག་ས་གནས་མགོ་འཛིན་ལ་བཏང་ཡོད་པ་དང་། དེའི་ངོ་བཤུས་དབུས་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེར་ཡང་ཕུལ་ཡོད་འདུག དེ་ལ་འཕྲོད་བསྟེན་བཀའ་བློན་གྱི་ངོས་ནས་འཕྲོད་བསྟེན་དྲུང་ཆེ་དང་དྲུང་ཕར། ཟུང་དྲུང་། ས་གནས་ལུགས་ཟུང་དང་བདེ་སྐྱིད་སླར་གསོའི་གཞིས་མགོ་གཉིས་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་འདུག

ཞིབ་འཇུག་ཚོགས་ཆུང་དེས་ཕྱི་ཟླ་ ༤ པའི་ཚེས་ཉི་ཤུ་རྩ་གྲངས་ནས་ཞིབ་འཇུག་དངོས་སུ་མགོ་འཛུགས་གནང་སྟེ། ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཞིབ་འཇུག་སྙན་ཐོ་དེ་དབུས་འཕྲོད་བསྟེན་ལས་ཁུངས་ལ་ཕུལ་ཡོད་ཀྱང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཞིབ་འཇུག་སྙན་ཐོར་གཟིགས་ཞིབ་བརྒྱུད། སྙན་ཐོ་དེར་ངོས་ལེན་བྱེད་ཐུབ་མེད་སྐོར་གསུངས་ཏེ་བཀའ་ཤག་ལ་ཞུས་དོན་ལྟར། སླར་ཡང་བཀའ་ཤག་གིས་ནང་སྲིད་བཀའ་བློན་དང་ནང་སྲིད་དྲུང་ཆེ། དཔལ་འབྱོར་དྲུང་འཕར། ལྷོ་སྤྱི་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་བསྐྱར་དུ་རྟོག་ཞིབ་མགོ་འཛུགས་གནང་ཡོད་འདུག

གནས་ཚུལ་དེའི་ཐད་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེ་གང་འདྲ་ཡོད་མེད་དང་། ཞིབ་འཇུག་ཚོགས་ཆུང་དེ་སྤྱི་འཐུས་རྒྱུན་ལས་ནས་འཛུགས་གལ་ཆེ་པ། རྙོག་དྲ་དེའི་ནང་འཕྲོད་བསྟེན་བཀའ་བློན་ཡང་ཚུད་ཀྱི་ཡོད་སྟབས། དྲུང་ཆེའི་གནས་རིམ་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་བཀའ་བློན་རིམ་པར་འདྲི་ཞིབ་ཚད་ལྡན་གཏོང་ཐུབ་མིན་དང་། དེ་ལ་གྲུབ་འབྲས་གསལ་ཁ་ཆོད་པ་ཞིག་འབྱུང་ཐུབ་མིན་བཅས་ཀྱི་ཐད་བགྲོ་གླེང་མང་པོ་གནང་སོང་།

སྐབས་དེར་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་དོན། “ང་ཚོས་གོ་ཐོས་ལ་ཀོ་ལེ་གལ་གཞིས་ཆགས་ནས་ཡིག་ཆ་དང་སྒྲ་འཇུག་ཡོད་པ་དང་། སྦེལ་ཀོབ་ཀྱི་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་ཚོང་ཁང་དེ་ནས་ཡིག་ཆ་ཁག་གཉིས་དང་སྒྲ་ཐག་ཁག་གཉིས་ཡོད་པ་དེར། ང་ཚོ་བཀའ་ཤག་གིས་ཞིབ་འཇུག་ཚོགས་ཆུང་བཙུགས་བཞག་པ་དེས་ཡིག་ཆ་དང་སྒྲ་ཐག་དེ་དག་ཚང་མ་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ། སྤྱི་འཐུས་ལ་ཕུལ་བ་ཡིན་ན་སྤྱི་འཐུས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་མིན་གསལ་བོ་ཆགས་ཡོང་གི་རེད”ཅེས་གསུངས་སོང་ལ། དེའི་རྗེས་སུ་སྤྱི་འཐུས་ཤིག་གི་དོགས་འདྲི་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་སླར་ཡང་ཁ་ཇེ་གསལ་དུ་བཏང་སྟེ། “འགན་འཛིན་ཁོང་སྔོན་མ་ཀོ་ལེ་གལ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གནང་སྐབས། ས་གནས་མི་མང་ཚོས་སྐྱོན་འཛུགས་ཀྱི་ཡི་གེ་ཞིག་འབྱོར་ཡོད་པ་དེ་དང་མཉམ་དུ་ཞིབ་འཇུག་བྱས་བཞག་ན་ཡག་གི་རེད་ལབ་པ་ཡིན” ཞེས་གསུངས་སོང་།

འཕྲོད་བསྟན་བཀའ་བློན་མཆོག་གིས་གསལ་བཤད་གནང་དོན། འཕྲོད་བསྟེན་བཀའ་བློན་གྱིས་ཡིག་ཆ་རྫུན་མ་བཟོས་དང་མ་བཟོས་ཐོག་སྤྱི་འཐུས་མང་པོ་ཞིག་གིས་དོགས་འདྲི་བསླེབས་སོང་། དེ་ལ་གསལ་བཤད་ཅིག་ཞུས་པ་ཡིན་ན། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ང་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་དང་མཉམ་དུ་མེལ་སོར་ན་ཡོད། དེའི་སྔོན་ལ་ཞིབ་འཇུག་སྙན་ཐོ་ཡར་འབྱོར་ཡོད་པ་རེད། སྙན་ཐོའི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་སོ་སོར་དོགས་པ་བསླེབས་སོང་། སོ་སོའི་ནང་མིའི་ཐོག་ནས་གནས་ཚུལ་གང་འཚམ་ཞིག་བསྡུ་རུབ་བྱས་པ་ཡིན། སྔོན་མ་ཞིབ་འཇུག་བྱེད་སྐབས་དོན་ཚན་ ༩ ཡོད་པ་ལས། དང་པོ་ནས་ལྔ་པའི་བར་གློག་གསོག་སྣོད་(UPS)དང་འབྲེལ་བ་ཆགས་ཡོད། དེ་ལ་ཧིན་སྒོར་འབུམ་ ༡ དང་ཕྱེད་མན་ཙམ་གྱི་བར་ཁྱད་ཕྱིན་ཡོད་པ་རེད། གློག་གསོག་སྣོད་ཚོང་ཁང་གིས་བར་བརྒལ་དངུལ་དེ་གློག་ཆས་དེ་དག་གི་བཟོ་བཅོས་ MC དངུལ་ཡིན་ཟེར་ནས་ཡིག་ཆ་ཞིག་སྨན་ཁང་འགན་འཛིན་ལ་སྤྲད་འདུག ང་རང་གིས་ཞིབ་འཇུག་བྱས་བར་གློག་གསོག་སྣོད་རིགས་ལ་བཟོ་བཅོས་ཀྱི་དངུལ་སྤྲོད་པའི་ལམ་སྲོལ་ཧ་ཅང་ཉུང་ཉུང་རེད། གློག་གསོག་སྣོད་དེ་དག་ལ་འགན་ལེན་ལོ་གཉིས་འདུག ཅེས་གསུངས་སོང་།

བཀའ་བློན་མཆོག་གིས་མུ་མཐུད་དུ་གསུངས་དོན། ང་མགྲོན་ཁང་ནས་ཕར་འགྲོ་རྒྱུའི་འཆར་གཞི་མེད་པར་ཚོང་ཁང་བདག་པོར་ཁ་པར་བཏང་སྟེ་ཚུར་ཕེབས་རོགས་ལབ་ཡིན། འོན་ཀྱང་ཁོ་ནང་དུ་བསྡད་མེད་སྐོར་སོགས་བཤད་དེ་གཡོལ་གྱིན་འདུག དེ་ནས་རྒྱ་གར་ངོ་ཤེས་ཤིག་ཡོད་པ་ཁོ་འཁྲིད་ནས་ཕར་སོང་བ་ཡིན། གང་ཡིན་ཟེར་ན། ཡིག་ཆ་མང་པོ་ཞིག་གི་ནང་དུ་སྨན་ཁང་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་སོང་ཟེར་ནས་སྐྱོན་འཛུགས་ཤིག་བྱེད་ཀྱི་ཡོད་པ་རེད། ཞིབ་འཇུག་སྙན་ཐོའི་ནང་དེ་དང་འགལ་ཟླ་ཞིག་ཆགས་ཡོང་གི་འདུག དེ་ནས་ང་ཚོང་ཁང་ལ་སོང་ནས་སྤྱིར་བཏང་གི་མི་ཞིག་ཡིན་ལབ་ན་ཁོས་དེ་སྔོན་སྡིགས་ར་སྐུལ་གྱི་ཡོད་པ་ཞིག་གོ་སོང་བས། འཕྲོད་བསྟེན་བཀའ་བློན་ཡིན་ལབ་ན་ཏོག་ཙམ་མཉམ་རུབ་ཡོང་རྒྱུར་ཕན་ཐོགས་མེད་འགྲོ་བསམ་སྟེ། ང་འཕྲོད་བསྟེན་བཀའ་བློན་ཡིན་ཞེས་ཞུས་པ་ཡིན། ཁྱོད་རང་གིས་གནས་ཚུལ་གང་ཡིན་པ་དེ་དྲང་མོར་བཤད་རོགས། ང་ཚོའི་གྲོས་ཚོགས་ནང་དུའང་གནས་ཚུལ་འདི་བསླེབས་ཚར་བ་རེད་ཅེས་ཞུས་སྐབས། ཁོས་གནས་ཚུལ་དྲང་མོར་བཤད་སོང་། ཁོས་གང་བཤད་པ་ཚང་མ་ངས་སྒྲ་འཇུག་བྱས་ཡོད། ཁོ་རང་གིས་གང་ལབ་སོང་ཟེར་ན། སྤྱིར་བཏང་གློག་གསོག་སྣོད་ལ་གོང་ཚད་འདི་རེད། ཡིན་ནའང་ཉོ་མཁན་ཁོ་རང་གིས་གོང་ཚད་ཆེན་པོ་རྒྱོབས་ལབ་སོང་། ཞེས་ཆ་ཚང་ལབ་སོང་བས། ངས་ཁྱོད་ཀྱིས་གང་བཤད་པ་དེ་ཡིག་ཐོག་ལ་འགོད་རོགས་ལབ་སྐབས་ཁོས་འགྲིག་གི་རེད་ཟེར་ནས་ཡིག་ཆ་སྤྲད་སོང་།

ངས་ཁོ་ལ་སྡིགས་ར་སྐུལ་བ་སོགས་རྩ་བ་ནས་བྱུང་མེད། དེར་མ་ཟད་ངེད་གཉིས་སྐད་ཆ་ཤོད་བཞིན་པའི་སྐབས་ལ་སྨན་ཁང་འགན་འཛིན་གྱིས་ཚོང་ཁང་བདག་པོར་ཁ་པར་འབྱོར་སོང་། ཁོ་རང་གཉིས་ཀྱིས་ཁ་པར་ནང་སྐད་ཆ་བཤད་པའང་སྒྲ་འཇུག་བྱས་ཡོད། དེ་དུས་ག་རེ་ལབ་སོང་ཟེར་ན། འཕྲོད་བསྟེན་བཀའ་བློན་དེར་བསླེབས་སོང་ངམ། སྐད་ཆ་དྲིས་སོང་ངམ་སོགས་ལབ་སོང་། དེས་མ་ཚད་འཕྲོད་བསྟེན་བཀའ་སློན་དེ་རིང་དགོང་མོ་ཧཱོབ་ལེ་ལ་འགྲོ་རྒྱུ་རེད། དེའི་བར་སྐད་ཆ་ག་རེ་བྱུང་ན་ང་ལ་ལབ་རོགས། ཅེས་སོགས་ལབ་སོང་། གནས་ཚུལ་དེ་དག་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བྱུང་བ་རེད། དེ་ནས་ང་མོན་གྷོ་ཊིར་ཕྱིན་ཏེ་ཕྱིར་བྷིང་ལོར་ལ་ལོག་ཡོང་བ་ཡིན། ཕལ་ཆེར་ཕྱི་ཟླ་ ༨ ཚེས་ ༢ ཡིན་ས་ཡོད། ངས་རྒྱ་གར་ཚོང་ཁང་དེ་ལ་ཁ་པར་ཞིག་བཏང་བ་ཡིན། གང་ཡིན་ཟེར་ན། སྐབས་དེར་སྨན་ཁང་འགན་འཛིན་གྱིས་ལས་ཀ་བར་མཚམས་བཞག་ཡོད་པ་རེད་དེ་སྨན་ཁང་བསྡད་མི་འདུག་ཟེར་ནས་གོ་སོང་། དེ་ནས་ངས་ཁ་པར་བཏང་དུས་སྐད་ཆ་མང་པོ་བཤད་ཡོང་གི་འདུག དེའི་སྐོར་སྒྲ་འཇུག་ལས་རྣམ་པ་ཚོས་མཁྱེན་གསལ་རེད། དེའི་རྗེས་ལ་རྒྱ་གར་དེས་ཚུར་ཁ་པར་བསླེབས་ཏེ། ཁ་སང་ཡི་གེ་སྤྲད་པ་དེ་རྫུན་མ་ཡིན། དེ་འདྲ་ཞིག་ལབ་རྗེས་མཚམས་བཞག་པ་རེད། དེར་བརྟེན། འཕྲོད་བསྟེན་བཀའ་བློན་གྱི་ངོས་ནས་ཡིག་ཆ་རྫུན་མ་བཟོས་ཡོད་མེད་ཡིག་ཆ་དེ་དག་དང་སྒྲ་འཇུག་སོགས་ལ་ཡག་པོ་ཞིབ་འཇུག་གནང་ན་གསལ་བོ་ཆགས་ཡོང་གི་རེད། ཅེས་གསུངས་སོང་།

མཇུག་ཏུ་གྲོས་ཚོགས་ནང་མང་མོས་འོས་བསྡུ་བྱས་སྐབས། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེས་མུ་མཐུད་ཞིབ་འཇུག་གནང་རྒྱུར་འོས་ ༢༡ དང་། སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་ཚོགས་ཆུང་གསར་དུ་འཛུགས་རྒྱུར་འོས་ ༡༡ བཅས་ཐོབ་པ་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེས་འབྱུང་འགྱུར་ཟླ་བ་གཉིས་ཏེ་སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ནང་ཚུད་དུ་ཞིབ་འཇུག་སྙན་ཐོ་སྤྱི་འཐུས་རྒྱུན་ལས་ལ་སྤྲོད་དགོས་པ་དང་། ཞིབ་འཇུག་གནང་ཕྱོགས་ཐད། གནད་དོན་གཙོ་བོ་ལྐོག་ཟ་རུལ་སུངས་གནས་ཚུལ་གཞི་རྩར་བཟུང་སྟེ། དེ་དག་ཚོགས་ཆུང་སྔོན་མའི་ཞིབ་འཇུག་སྙན་ཐོ་ལ་བསྐྱར་ཞིབ་དང་། འཕྲོད་བསྟེན་བཀའ་བློན་གྱིས་རྩིས་མེད་གཏོང་དོན་གང་ཡིན། འཕྲོད་བསྟེན་བཀའ་བློན་གྱིས་ཡིག་ཆ་རྫུན་མ་བཟོས་ཡོད་མེད་དང་། དེ་བཞིན། སྒྲ་འཇུག་དང་ཡིག་ཆ་གང་ཡོད་པ་ཆ་ཚང་སྙན་ཐོ་དང་མཉམ་དུ་འཁྱེར་ཡོང་དགོས་པ་བཀའ་ཤག་གིས་ཡིག་ཐོག་ནས་ལམ་སྟོན་གསལ་བོ་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese