མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱུང་མཆུ་འབྲོག་མང་གིས་ཞུ་གཏུག་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚོང་པའི་ལྷན་ཚོགས་ཀྱིས་ནོར་དང་སྐམ་ཤའི་རིན་གོང་མར་ཆག་ཏུ་བཅུག་སྟེ་འབྲོག་མང་གི་ཡོང་སྒོར་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་འབྲོག་པ་མང་ཚོགས་ཀྱིས་རྫོང་སྲིད་གཞུང་ལ་བསྐྱར་དུ་ཞུ་གཏུག་བྱས་འདུག

ཕ་ཡུལ་ཁྱུང་མཆུ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཤེལ་དགེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚོང་པའི་ལྷན་ཚོགས་ཀྱིས། འདི་ལོར་ཁྱུང་མཆུ་རྫོང་གི་ནོར་ཉོ་ཚོང་གི་དུས་ཡུན་ཕྱིར་འགྱངས་བྱས་པ་དང་། རྫོང་ཤ་རིགས་ལས་སྣོན་བཟོ་གྲྭ་དང་ངན་འབྲེལ་བྱས་ཏེ་རྫོང་ཡོངས་ཀྱི་སྒེར་གཉེར་བཤས་ར་ ༡༣ བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད་པ་མ་ཟད། ནོར་དང་སྐམ་ཤའི་རིན་གོང་ཡང་མར་ཆག་ཏུ་བཅུག་ནས་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན། ཁྱུང་མཆུ་རྫོང་འབྲོང་མང་གིས་རྫོང་སྲིད་གཞུང་ལ་དེ་སྔོན་ནས་ཞུ་གཏུག་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བསྐྱར་དུ་དགོས་འདུན་དོན་ཚན་ ༤ བཏོན་ཏེ་ཞུ་གཏུག་བྱས་ཡོད་འདུག

འབྲོག་མང་གི་ཞུ་གཏུག་ཡི་གེའི་ནང་། འབྲོག་མང་ལ་མཚོན་ན་ཕྱུག་ཟོག་གི་རིན་གོང་ནི་འབྲོག་མང་ཀྱི་ཁ་གསོ་བྱེད་དང་རྒྱབ་འགེབས་བྱེད། བུ་ཕྲུག་གི་སློབ་ཡོན། ནད་པའི་སྨན་ཡོན་སོགས་འཚོ་གནས་དང་ཁ་བྲལ་ཐབས་མེད་པའི་དཔལ་འབྱོར་གྱི་ཡོང་སྒོ་གཅིག་པུ་དེ་ཡིན་ཡང་། ད་ལོར་ནོར་གྱི་རིན་གོང་མར་ཆག་སྟེ་འབྲོག་མ་མང་ཚོགས་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྩ་འཛུགས་མི་སྣས་དངོས་ཤུགས་བརྒྱུད་གསུམ་ནས་དབང་ཆ་བཀོལ་སྤྱོད་ཀྱིས་ཁྱུང་མཆུ་རྫོང་གི་ནོར་ནག་ཚོང་རའི་འཕེལ་རྒྱས་ལ་སྟངས་འཛིན་དང་། ཕྱི་ནས་ཡོང་བའི་ནོར་ཚོང་བ་ཚོར་རྒོལ་རྡུང་བཏང་སྟེ་ཚོང་ར་མེད་པར་བཟོས་ཡོད་པ་མ་ཟད། ཚོགས་སྒེར་གྱིས་གཉེར་བའི་བཤས་ར་ཁག་ ༡༣ བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད་པས་རེད། ཅེས་དང་།

ཡང་མུ་མཐུད་དུ། འདས་ལོར་ནོར་ཤ་རྒྱ་མ་གང་ལ་རྒྱ་སྒོར་ ༢༥ ནས་ ༢༧ བྱས་ཡོད་པ་དང་། གྲོས་ཆོད་ལྟར་ན་ཕྱི་ཟླ་ ༥ པ་ནས་བཟུང་འབྲོག་མང་ཚོས་རང་འགུལ་གྱིས་ནོར་ཚོང་བྱེད་ཆོག་ཀྱང་། ད་ལོར་ཕྱི་ཟླ་ ༨ པ་བསླེབས་རྗེས་གཞི་ནས་ཁྱུང་མཆུ་རྫོང་ཤ་རིགས་ལས་སྣོན་བཟོ་གྲྭ་བརྒྱུད་དེ་ནོར་ཚོང་གི་སྒོ་ཆུང་ཆུང་ཞིག་ཕྱེས་ཏེ། སྐམ་ཤ་རྒྱ་མ་ ༡༣༠ ཡན་གྱི་ཚོང་བྱས་ན་རྒྱ་མ་གང་རེར་རྒྱ་སྒོར་ ༢༣ སྤྲོད་ཀྱི་ཡོད་པ་དང་། རྒྱ་མ་ ༡༠༠ མན་གྱི་སྐམ་ཤ་རྒྱ་མ་གང་རེར་རྒྱ་སྒོར་ ༢༠ ནས་ ༢༡ ཡིན་པ་མ་ཟད། ན་ནིང་ནོར་ནག་འབྲིང་ཙམ་ཞིག་ལ་རྒྱ་སྒོར་ ༤༠༠༠ ཡིན་ཡང་། ད་ལོར་ ༣༠༠༠ ལ་མར་ཆག་ཡོད། ནོར་དང་ཤ་ཡི་རིན་གོང་འདི་ལྟར་མར་ཆག་པ་དང་ཚོང་ར་བཀག་སྡོམ། དེ་བཞིན། མི་མང་ལ་བརྙས་བཅོས་གཉའ་གནོན་བཅས་ཀྱི་བྱེད་ཐབས་དེས་གོང་རིམ་གྱི་འབྲོག་ཕན་སྲིད་བྱུས་ལ་རྒྱབ་འགལ་བྱས་ཡོད་པ་མ་ཟད། ཁྱུང་མཆུ་རྫོང་གི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཐད་གྱོང་གུད་ཚབས་ཆེན་བཟོ་བཞིན་ཡོད་པར་བརྟེན། ང་ཚོས་བསྐྱར་དུ་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱས་ཀྱང་། འབྲེལ་ཡོད་མི་སྣས་མི་མང་གི་ཞུ་གཏུག་ལ་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། གོ་སྐབས་བཟུང་ནས་མ་འོངས་ལག་བསྟར་བྱེད་འཆར་གྱི་འབྲོག་ཕན་ལས་འཆར་གྱིས་མི་མང་ལ་གཉའ་གནོན་དང་ཞུ་གཏུག་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བྱུང་། གསལ་བོ་ཤེས་རྟོགས་དགོས་པ་ཞིག་ལ་འདི་ནི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཡིན་པས། ང་ཚོས་ངེས་པར་དུ་གོང་རིམ་ལ་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་བཀོད་འདུག

ཞུ་གཏུག་ཡི་གེའི་ནང་འབྲོག་མང་གིས་དགོས་འདུན་དོན་ཚན་བཞི་བཏོན་པའི་དང་པོ་ནི། ཚོགས་པ་དང་མི་སྒེར་གྱི་བཤས་ར་དག་ལ་རྒྱུན་ལྡན་ལྟར་ཚོང་ལས་གཉེར་དུ་འཇུག་དགོས་པ་མ་ཟད། མང་ཚོགས་ལ་རང་དབང་གིས་ནོར་ཚོང་རྒྱག་པའི་ཁོར་ཡུག་བསྐྲུན་དགོས། གཉིས་པ། སྲིད་གཞུང་གིས་ཕྱི་ནས་ཡོང་བའི་ཚོང་པ་དག་གི་མིས་བཟོས་ཤ་རིགས་དང་འཆི་སྐྱོན་བྱུང་བའི་ནོར་ཤ་རིགས། དེ་བཞིན། ན་ཚ་ཅན་གྱི་ཤ་རིགས་ཉོ་ཚོང་བྱེད་པར་བཀག་འགོག་ཆེད་ཞིབ་བཤེར་གཟབ་ནན་བྱེད་དགོས། གསུམ་པ། ཁྱུང་མཆུ་རྫོང་ཚོང་པའི་ལྷན་ཚོགས་ཀྱིས་མི་མང་གི་རང་དབང་ནོར་ཚོང་ལ་ཐེ་གཏོགས་བྱེད་བཞིན་པ་བཀག་འགོག་དགོས། བཞི་པ། སྲིད་གཞུང་ནས་སྐམ་ཤའི་རིན་གོང་སྔར་ལོ་ལས་འཕར་སྣོན་བྱེད་པར་རྒྱབ་སྐྱོར་ཡོང་བར་རེ་སྐུལ་ཞུ། ཞེས་བཀོད་འདུག

ཁྱུང་མཆུ་རྫོང་ཚོང་པའི་ལྷན་ཚོགས་ཟེར་བ་དེ་ནི་གོང་རིམ་མགོ་ཁྲིད་ཀྱིས་གྲུབ་པའི་ལྷན་ཚོགས་ཤིག་ཡིན་པ་དང་། དང་ཐོག་ཚོགས་པ་དེས་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལམ་བུ་གསར་པ་ཞིག་བཏོད་ཐུབ་པའི་དྲིལ་བསྒྲགས་བྱས་ཏེ། ཁྱུང་མཆུ་རྫོང་གི་མགོ་ཁྲིད་དང་བླ་མ། བོད་རྒྱ་གཉིས་ཀྱི་ཚོང་པ་བཅས་མི་གྲངས་ ༡༦༥ ལྷག་གིས་རང་བདག་གི་མ་རྐང་བཞག་སྟེ། ཚོགས་པ་དེའི་ནང་མཉམ་ཞུགས་བྱས་ཡོད་ཀྱང་། ཉེ་སྔོན་སི་ཁྲོན་ཁྲིན་ཏུའུ་རུ་སྐོང་ཚོགས་བྱས་པའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་མི་སྣ་དང་། ཁྱུང་མཆུ་རྫོང་གི་དམར་ཤོག་དྲུང་ཆེ་ཧེ་བྷོ། རྫོང་དཔོན་འཇམ་དབྱངས་བློ་གསལ། དེ་བཞིན་རྫོང་དཔོན་གཞོན་པ་འོད་གསལ་སོགས་མཉམ་ཞུགས་བྱས་ཐོག འབྲོག་པ་མང་ཚོགས་ཀྱིས་རང་དབང་གིས་ནོར་ཚོང་རྒྱག་རྒྱུར་ཚོད་འཛིན་བྱས་ཡོད་པ་མ་ཟད། སྲིད་གཞུང་གི་ཁེ་ཕན་གཉེར་ཆེད་སྒེར་གྱི་བཤས་ཚོང་ར་བ་རྣམས་བཙན་གྱིས་སྒོ་རྒྱག་དགོས་པ་སོགས་ཀྱི་ངན་བྱུས་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese