མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་མི་མང་ལ་ཞབས་ཞུ་ཡག་པོ་སྒྲུབས་ཨ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ད་རེབ་ཀྱི་གྲོས་ཚོགས་མཇུག་བསྡོམས་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། མི་མང་གིས་འཛིན་སྐྱོང་དང་ལས་བྱེད་ཚོས་བཀའ་མོལ་གནང་སྟངས་དང་ཚིག་བེད་སྤྱོད་གཏོང་སྟངས་སོགས་ཀྱི་ཐོག་ཡག་པོ་མ་མཐོང་བ་ཡིན་ན། ལས་བྱེད་བྱེ་བྲག་པར་བསམ་ཚུལ་ཡོད་པ་བཤད་མི་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ལ་མཐོང་སྣང་ཞན་པོ་ཆགས་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

ཟླ་འདིའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ ཡས་མས་སུ་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྒྲིལ་ཡོད་ཅིང་། མཇུག་བསྡོམས་གཏམ་བཤད་གནང་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཉིན་ ༡༡ རིང་གི་ཚོགས་འདུའི་སྐབས་མཚམས་རེར་དགོང་དྲོའི་ཆུ་ཚོད་ ༨།༠༠ ཡན་ལྷག་པའི་གནས་སྟངས་བྱུང་ཡང་། སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། ཚོགས་གཙོ་གཞོན་པ་དབུས་པའི་སྤྱི་འཐུས་ཚང་མས་ལས་རིམ་ཆ་ཚང་ནང་ཐུགས་འཁུར་ཆེན་པོས་མཉམ་ཞུགས་ཀྱིས། དོན་དང་ལྡན་པའི་བགྲོ་གླེང་དང་འཛིན་སྐྱོང་གིས་སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་དང་གསལ་བཤད་གནང་སྟེ། སྤྱི་འཐུས་རྣམ་པར་ཐུགས་དོགས་ཡོད་པ་དང་གནས་ཚུལ་གསལ་བོ་མ་ཆགས་པ་གསལ་བོ་བཟོས་སོང་མ་བ་མ་ཟད། གྲོས་ཚོགས་བརྒྱུད་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་གནས་ཚུལ་མང་དག་ཅིག་གསལ་བོ་བཟོ་ཐུབ་སོང་བ་དང་། སྤྱི་འཐུས་ཚོས་དྲི་བ་དྲིས་ལན་དང་ཐུགས་སྣང་གཞེན་སྐུལ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་ཚང་མར་གོ་སྐབས་བཞེས་ཏེ། འཁུར་ཆེན་པོས་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་སོང་།

ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་སྐོར་ལ་གསུངས་དོན། ད་རེབ་གྲོས་ཚོགས་ནང་ལས་བྱེད་ཚོའི་གནས་ཚུལ་མང་པོ་ཞིག་གླེང་སློང་བྱུང་བ་རེད། ལྷག་པར་དུ་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་སྔར་དང་མ་འདྲ་བའི་བསྟོད་བསྔགས་མང་པོ་གནང་སོང་། འཛིན་སྐྱོང་གི་ངོས་ནས་འགན་ཆེན་པོ་བཞེས་ཏེ་སྐབས་རེར་ང་ཚོའི་སེམས་ནང་བཀའ་བློན་རྣམ་པ་ཕྱོགས་ཕེབས་མང་པོ་གནང་གི་འདུག་པའི་བསམ་བློ་ཡོང་གི་ཡོད་ཀྱང་། ཕྱོགས་ཕེབས་གནང་དགོས་པ་དེ་ཡང་མི་མང་གི་བདེ་རྩ་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་ཡིན་སྟབས། དེའི་ཐོག་གང་གནང་བཞག་པ་དེ་གྲོས་ཚོགས་བརྒྱུད་ནས་གསལ་བོ་ཆགས་རྒྱུ་དང་། ལྷག་པར་དུ་འཛིན་སྐྱོང་ལ་གྲོས་ཚོགས་འཐུས་མི་རྣམ་པས་བསྟོད་བསྔགས་གནང་སྐབས་འཛིན་སྐྱོང་གིས་གསུང་བ་ལྟར། ལས་བྱེད་ཚོ་སེམས་ཤུགས་འཕར་བའི་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་ལས་དོན་གང་བྱས་ཀྱང་། གང་ཟག་གཅིག་གིས་བསྒྲུབ་ཐབས་མེད་སྟབས། སྲིད་སྐྱོང་མཆོག་ལ་བཀའ་ཤག་ཁྱོན་ཡོངས་ཀྱིས་མཉམ་རུབ་དང་རྒྱབ་སྐྱོར་དགོས་ཀྱི་ཡོད། དེ་བཞིན། ལྷན་ཁང་སོ་སོའི་ལས་དོན་བསྒྲུབས་སྐབས་བཀའ་བློན་ལ་འཛིན་སྐྱོང་གི་ལས་ཀྱི་སྣེ་ མོ་བ་དྲུང་ཆེ་ལས་བྱེད་བར་དང་། དབུས་དང་ཡན་ལག་ཚང་མས་ཐུགས་འགན་བཞེས་ཏེ་ནུས་འདོན་དགོས། ཞེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་གསུངས་དོན། ད་ལྟ་ཡག་པོ་ཡོད་བསྡད་པ་དེ་ད་དུང་ཡག་ཏུ་གཏོང་རྒྱུའི་འབད་བརྩོན་གནང་རྒྱུ་དང་། ལྷག་པར་དུ་གྲོས་ཚོགས་ནང་སྤྱི་འཐུས་གཉིས་གསུམ་ཅིག་གིས་ལས་བྱེད་ཚོའི་རྣམ་འགྱུར་སྟོན་སྟངས་ཐོག་བཀའ་མོལ་དེ་འདྲ་བྱུང་བ་རེད། དེ་ལས་བྱེད་ཚང་མ་མ་རེད། རེ་ཟུང་གི་ཐོག་ནས་ཡོང་གི་ཡོད་པ་རེད། ༧གོང་ས་མཆོག་གིས་ལས་བྱེད་ཚོར་བཀའ་སློབ་གནང་སྐབས། མཛད་གཙོ་རྣམ་པ་ནས་ལས་བྱེད་ཚང་མས་མི་མང་གི་ཞབས་ཞུ་སྒྲུབ་མཁན་ཡིན་བསམ་པའི་ལས་ཀ་བྱེད་དགོས་པ་རེད་ཅེས་བཀའ་གནང་གི་ཡོད་པ་ལྟར། ལས་བྱེད་ཚོའི་ངོས་ནས་ཀྱང་ང་ཚོ་མི་མང་གི་ཞབས་ཞུ་སྒྲུབ་མཁན་ཡིན། མི་མང་ནང་གནས་སྟངས་འདྲ་མིན་མང་པོ་ཞིག་ཡོད་པ་རེད། གནས་སྟངས་ཡག་པོ་དང་ངན་པ། ཞུ་ཤེས་མཁན་དང་མི་ཤེས་མཁན་མང་པོ་ཞིག་ཡོང་གི་ཡོད་སྟབས། ལས་བྱེད་ཚོའི་གམ་དུ་བཅར་སྐབས་མི་མང་གི་བདེ་སྡུག་ཞིག་དང་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཡོང་གི་ཡོད་པ་རེད། དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་ལས་ཆེ་བ་མི་འདུག་བསམ་པའི་ཚོར་བ་ཞིག་ཡོད་པ་རེད། དེ་འདྲའི་དཀའ་ངལ་ཞིག་འཁུར་ཡོང་སྐབས་འཛིན་སྐྱོང་གི་ལས་བྱེད་ཚོའི་ངོས་ནས་ཀྱང་རྣམ་འགྱུར་སྟོན་སྟངས། བཀའ་མོལ་གནང་སྟངས། ཚིག་བེད་སྤྱོད་གཏོང་སྟངས་སོགས་ཀྱི་ཐོག་ཡག་པོ་ཞིག་མ་མཐོང་བ་ཡིན་ན། ལས་བྱེད་བྱེ་བྲག་པར་བསམ་ཚུལ་ཡོད་པ་བཤད་མི་དགོས་པར། བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ལ་མཐོང་སྣང་ཞན་པོ་ཆགས་འགྲོ་གི་ཡོད་པ་རེད། ང་ཚོའི་མི་མང་གཅིག་གི་སེམས་ལ་དོ་ཕོག་ཕྱིན་པ་ཡིན་ན། ང་ཚོའི་གྱོང་གུད་རེད་མ་གཏོགས། ཁེ་ཕན་ཆགས་ཀྱི་ཡོད་པ་མ་རེད། དེ་ཚོའི་ཐོག་ལ་ཐུགས་གཟབ་གནང་དགོས་ཀྱི་འདུག ཅེས་གསུངས་སོང་།

ལྐོག་ཟ་རུལ་སུངས་ཐད་ཚོགས་གཙོ་མཆོག་གིས། གྲོས་ཚོགས་འདིའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོན་པ་རེད། བཀུར་འོས་སྤྱི་འཐུས་ཁ་ཤས་ཅིག་གིས་བཀའ་མོལ་གནང་སྟངས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཕར་བཞག་ནས་གནད་དོན་གཞན་པ་དེ་འདྲའི་ཐོག་འགྲོ་བཞིན་པའི་ཚོར་བ་ཚོགས་གཙོ་གཉིས་ལ་བྱུང་སོང་། ལྐོག་ཟ་རུལ་སུངས་བཀུར་འོས་སྤྱི་འཐུས་གཅིག་གིས་གྲོས་ཚོགས་ནང་གསུང་བ་ནང་བཞིན་རེད། སྤྱི་ཚོགས་གཞན་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། གནས་ཚུལ་གཅིག་གཉིས་བྱུང་སྐབས་ང་ཚོ་ཧང་སངས་སངས་ཐོག་ནས་གྲོས་ཚོགས་ནང་བཀའ་མོལ་གནང་གི་ཡོད་སྟབས། ལྐོག་ཟ་རུལ་སུངས་ཐོག་ང་ཚོར་བཟོད་བསྲན་མེད་པའི་གནས་སྟངས་དེ་གྲོས་ཚོགས་འདིའི་ཐོག་ནས་རྣམ་འགྱུར་གསལ་བོ་ཞིག་སྟོན་ཐུབ་ཡོད་པ་རེད།

རྒྱ་རིགས་དང་འབྲེལ་བ་བྱེད་སྟངས་སྐོར་ལ་ཚོགས་གཙོ་མཆོག་གིས། གྲོས་ཚོགས་འདིའི་ནང་རྒྱ་རིགས་དང་འབྲེལ་བ་བྱེད་སྟངས་རྒྱ་རིགས་འབྲེལ་མཐུད་པའི་སྐོར་ལ་བཀའ་མོལ་མང་པོ་བྱུང་བ་རེད། རྒྱ་ནག་གིས་ཡིག་ཆ་མང་པོ་ཞིག་སྤེལ་བཞག་པ་དེ་ཚོར་གཞི་བཅོལ་ནས་དགག་ལན་དང་ལན་འདེབས་བྱ་རྒྱུ་གནད་འགག་ཆེན་པོ་རེད། གཙོ་བོ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་བྱ་རྒྱུ་གལ་ཆེ་ཤོས་རེད། བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བྱེད་དགོས་ཀྱི་ཡོད་པ་རེད། དེ་བཞིན། རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་རྒྱ་རིགས་ཚོར་འབྲེལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱི་སྡོད་རྒྱ་རིགས་ཚོར་སྐབས་རེར་ཚོགས་འདུ་དེ་འདྲ་མ་ཚོགས་པ་ཡིན་ན་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། རིམ་པ་སོ་སོར་དཔག་པའི་ལས་དོན་བསྒྲུབ་དགོས་པ་དེ་ཡང་གལ་ཆེན་པོ་རེད་བསམ་གྱི་ཡོད། ལོ་ནས་ལོ་བསྟུད་དེ་རྒྱ་ཡིག་སྡེ་ཚན་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་རྒྱུའི་ཐོག་བསམ་ཚུལ་མང་པོ་ཞིག་བསླེབ་ཀྱི་ཡོད་པ་རེད། དེ་ཚོའི་ཐོག་ཏན་ཏན་འཛིན་སྐྱོང་གིས་དགོངས་པ་བཞེས་མདོག་ཁ་པོ་རེད་ལ། མ་འོངས་པར་དེ་ཚོའི་ཐོག་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་འདུག

དབུ་མའི་ལམ་གྱི་ཐད་ལ་ཚོགས་གཙོ་མཆོག་གིས། གྲོས་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་རྒྱ་མི་རིགས་ལ་སྤེལ་དགོས་པ་རེད་ཅེས་བཀའ་མོལ་བྱུང་བ་རེད། རྒྱ་ནག་སྲིད་གཞུང་ལ་མཚོན་ན། ༢༠༠༢ ལོ་ནས་ ༢༠༡༠ བར་ང་ཚོ་འབྲེལ་བ་ཞིག་བྱས་པ་རེད། འབྲེལ་བ་བྱེད་ས་དེ་རྒྱ་ནག་སྲིད་གཞུང་གི་རིམ་པ་འོག་མའི་ཚབ་སུ་བཞག་ཡོད་ཀྱང་། དེ་དང་མཉམ་དུ་ལོ་བརྒྱད་ལྷག་འབྲེལ་བ་བྱས་ནས་དབུ་མའི་ལམ་གྱི་གོ་དོན་དང་། ལྷག་པར་དུ་ཁོ་རང་ཚོའི་དགེ་འདུན་ལྟར་ང་ཚོས་ཡིག་ཆ་སྤྲད་བཞག་པ་གཞིར་བཞག་ཐོག ང་རང་གི་བསམ་པར་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་དང་འཛིན་སྐྱོང་གི་དབུ་མའི་ལམ་གྱི་ལས་དོན་བསྒྲུབ་ཕྱོགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱེད་སྟངས། དེ་ཚོའི་ཐོག་རྒྱ་ནག་གཞུང་གིས་མ་ཤེས་པའི་གནས་སྟངས་རྩ་བ་ཉིད་ནས་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་། རྒྱ་རིགས་མི་མང་ལ་གོ་རྟོག་སྤེལ་རྒྱུ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་སྐོར་ལ། དེའི་སྐོར་ལ་ང་ཚོའི་སྙན་ཐོ་ཕེབས་པ་རེད། ཁ་སང་ཞུས་པ་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་འདིའི་འོག་ནས་མ་འོངས་པར་གདོང་ལེན་བྱེད་ས་གཙོ་བོ། བོད་མིའི་སྒྲིག་འཛུགས་དང་མི་མང་བར་འབྲེལ་བ་འཇོག་རྒྱུ་དེ་རེད། དེ་ཡང་འབྲེལ་བ་ཡོད་པ་ཙམ་མིན་པར་དམ་ཟབ་འཇོག་རྒྱུ་དེ་རེད། ད་ལྟའི་བར་དུ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སྤྱི་ཚོགས་གཞན་དང་མ་འདྲ་བར་བོད་མི་ཚོ་གང་དུ་ཕྱིན་ཡང་། མི་མང་ཉུང་ལ་མ་ལྟོས་པར་བོད་རིགས་ཚོགས་པ་བཙུགས་ཏེ་དེས་ས་གནས་དོན་གཅོད་དང་དྷ་རམ་ས་ལར་འབྲེལ་བ་བཞག དམིགས་བསལ་ཚོགས་འདུ་སོགས་ཀྱི་ནང་བཅར་ཏེ་ཡག་ཐག་ཆོད་ཡོང་གི་ཡོད། དོན་གཅོད་རེར་མང་ན་ལས་བྱེད་ལྔ་རེ་དང་། ཉུང་ན་གཉིས་རེ་ལས་ཡོད་པ་མ་རེད། འཛམ་གླིང་གང་སར་དོན་གཅོད་ཀྱིས་སྙོབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། བོད་རིགས་ཚོགས་པ་སོ་སོས་ལས་དོན་ཚགས་ཚུད་བྱུང་བ་ཡིན་ན། དོན་གཅོད་ཚོས་ནང་ཁུལ་གྱི་དཀའ་རྙོག་ལ་ལྟ་རྒྱུའི་དུས་ཚོད་ཉུང་དུ་གཏོང་རྒྱུ་དང་། སོ་སོའི་ཁྱབ་ཁོངས་ཀྱི་ལུང་པར་ཆབ་སྲིད་ཀྱི་ཐོག་ནས་སྙོབ་ཐུབ་ལ་འབད་བརྩོན་བྱེད་དགོས་པ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    ལྐོག་ཟ་རུས་སུངས་སྐོར་ངེས་པར་དུ་ཐག་གཅོད་ནན་པོ་གནང་དགོས།

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    ཚོགས་གཙོས་སྟངས་འཛིན་ལ་བསྔགས་སོ།།

    སྤྱི་འཐུས་འགའ་ཡི་བཀའ་མོལ་གན་སྟངས་དང་ཤེས་མྱོང་སོགས་ལ་བལྟས་ནས་སེམས་སྦུག་ཞེ་ནས་སྐྱོ།

    Reply
  3. བསྟན་འཛིན། says:
    ལོ་ 12 སྔོན།

    ཞེ་ས་མ་བཤད་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་ཀྲོག་ཀྲོག་དང་རྫིག་པོ་མ་བྱེད་རོགས། ཟེར་བ་དེ་རེད།

    Reply
  4. བསྟན་འཛིན། says:
    ལོ་ 12 སྔོན།

    ཞེ་ས་མ་ཞུས་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་ཀྲོག་ཀྲོག་དང་རྫིག་པོ་མ་བྱེད་ཟེར་བ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese