མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཟའ་མིག་དམར་སྟེང་སླེབས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་རྒྱ་གར་གྱི་མཁའ་དབྱངས་ཚན་རྩལ་ལྟེ་གནས་ཤིག་གིས་འདས་པའི་ཟླ་བཅུའི་གོང་ནས་བཏང་བའི་མིས་བཟོས་འཕྲུལ་སྐར་དེ་བདེ་ལེགས་ངང་གཟའ་ཆེན་མིག་དམར་སྟེང་བབ་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༡ པའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཨན་ཌིར་མངའ་སྡེའི་ནང་ཡོད་པའི་སཱ་ཊེ་ཞི་ཟླ་བན་བར་སྣང་བསྟི་གནས་ཁང་ (Satish Dhawan Space centre) དུ། རྒྱ་གར་བར་སྣང་ཞིབ་འཇུག་ཚོགས་པ་ (ISRO) ཡིས། གཟའ་ཆེན་མིག་དམར་གྱི་འཁོར་ལམ་འགྲུལ་བཞུད་ (MOM) དམ་མན་གྷེལ་ཡན་ (Mangalyaan) མི་བཟོས་འཕྲུལ་སྐར་ཞེས་པ་ཞིག་བཏང་ཡོད་པ་དེས་ཉིན་ ༣༠༠ རིང་སྤྱི་ལེ་ས་ཡ་ ༦༥༠ ལྷག་འཕུར་སྐྱོད་བྱས་ཏེ། ཕྱི་ཚེས་ ༢༤ ཉིན་གཟའ་ཆེན་མིག་དམར་སྟེང་འབྱོར་ནས་ལེགས་འགྲུབ་བྱུང་ཡོད་འདུག

སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་གཙོས་འབྲེལ་ཡོད་བློན་ཆེན་ཁག་ཅིག་བར་སྣང་བསྟི་གནས་སུ་འཛོམས་ཏེ་གཟིགས་ཞིབ་དང་རྟེན་འབྲེལ་ཞུས་ཡོད་པ་དང་། གཞན། ཨ་རིའི་ནཱ་སཱ་ཚོགས་པ་གཙོས་འཛམ་གླིང་ནང་གི་བར་སྣང་ཞིབ་འཇུག་ཚོགས་པ་དང་ཚན་རིག་པ་མང་པོས་རྒྱ་གར་གྱི་ཚན་རིག་པ་ཚོར་གདེང་འཇོག་ཆེན་པོ་བྱས་ཡོད་པ་དང་རྒྱ་ ནག་གཞུང་གིས་ཀྱང་འཚམས་འདྲི་བྱས་ཡོད་འདུག

སྲིད་བློན་མུ་དྷི་ཡིས་ “དེ་རིང་རྒྱ་གར་གྱིས་ལོ་རྒྱུས་གསར་བ་ཞིག་བཟོས་པ་རེད། ལོ་རྒྱུས་ཀྱི་ཉིན་མོར་ཚན་རིག་པ་ཚོ་དང་མི་མང་ལ་རྟེན་འབྲེལ་ཞུ་བཞིན་ཡོད། གལ་སྲིད་ང་ཚོས་ལྐོག་གྱུར་འཚོལ་ཞིབ་ལ་ཉེན་ཁར་འཛེམས་ན་མིའི་རིགས་ལ་ཡར་རྒྱས་མེད། ད་ལྟ་ང་ཚོར་རླབས་ཆེན་གྱི་བྱས་རྗེས་ཡོད་སྟབས། ང་ཚོས་ངེས་པར་དུ་འཛམ་གླིང་མི་མང་ལ་འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་དགོས”ཞེས་བརྗོད་འདུག

བར་སྣང་ཞིབ་འཇུག་ཁང་གི་འགན་འཛིན་ར་རྡ་ཀུ་རེ་ཞི་ནན་ (Dr K Radhakrishnan) ལགས་ཀྱིས་དགའ་སྤྲོ་ཆེན་པོས་ཚན་རིག་པ་ཚོར་བསྔགས་བརྗོད་དང་འབྲེལ། རྒྱ་གར་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཚོའི་ཁྲོད་གཟའ་མིག་དམར་སྟེང་སྐྱོད་མཁན་ཐོག་མ་ཆགས་པ་དང་། གཟའ་མིག་དམར་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ཨང་ ༤ པ་ཆགས་ཡོད་ཅེས་བརྗོད་འདུག

ད་ལྟའི་བར་ཨ་རིའི་བར་སྣང་ཞིབ་འཇུག་ཚོགས་པ་ནཱ་སཱ་ (NASA) དང་ཨུ་རུ་སུའི་བར་སྣང་མནའ་འབྲེལ་ཚོགས་པ། ཡུ་རོབ་བར་སྣང་ཞིབ་འཇུག་ཚོགས་པ་བཅས་ཀྱིས་མ་གཏོགས་གཟའ་མིག་དམར་ཐོག་མིས་བཟོས་འཕྲུལ་སྐར་གཏོང་ཐུབ་ཀྱི་མེད་ཀྱང་། ཐེངས་འདིར་རྒྱ་གར་བར་སྣང་ཞིབ་འཇུག་ཚོགས་པས་རང་རྐྱ་ཐུབ་པའི་ཐོག་གཟའ་མིག་དམར་ཐོག་མི་བཟོས་འཕྲུལ་སྐར་བཏང་ནས་རྒྱ་གར་གྱི་ཚན་རིག་ལག་རྩལ་བདེན་དཔང་བྱས་ཡོད་པ་མ་ཟད། ཨ་སྒོར་ས་ཡ་ ༧༤ ཡི་འགྲོ་གྲོན་བཏང་བ་དེ་ནི་ཨ་རིའི་ནཱ་སཱའི་འགྲོ་གྲོན་གྱི་ལྡབ་བཅུ་ལས་ཆུང་བ་ཡོད་འདུག

ལྡི་ལིར་རྟེན་གཞི་བྱས་པའི་བར་སྣང་ཞིབ་འཇུག་པ་ར་ཇཱ་གྷོ་པཱ་ལན་ (Rajesswari P Rajagopalan)ལགས་ཀྱིས། ད་རེབ་ཀྱི་ལས་དོན་དེས་རྒྱལ་ཁབ་གཞན་དག་ལ་གནས་ཚུལ་གསར་བ་མཁོ་སྤྲོད་བྱ་ཐུབ་པ་མ་ཟད། རྒྱ་གར་གྱིས་སོ་སོའི་ཚན་རྩལ་གྱི་ནུས་སྟོབས་ཡོད་པ་རྒྱ་ནག་ལ་ར་སྤྲོད་བྱས་པ་རེད་ཅེས་བརྗོད་ཡོད་འདུག ༢༠༡༡ ལོར་རྒྱ་ནག་གིས་གཟའ་མིག་དམར་སྟེང་མི་བཟོས་འཕྲུལ་སྐར་གཏོང་བར་འབད་བརྩོན་ བྱས་ཀྱང་བར་སྣང་ནས་ཆགས་སྐྱོན་ཤོར་ཡོད་འདུག

མན་གྷེལ་ཡན་ (Mangalyaan) མི་བཟོས་འཕྲུལ་སྐར་འདི་མི་འགྱང་བར་ཨ་རིས་གཟའ་མིག་དམར་སྟེང་བཏང་བའི་མི་བཟོས་འཕྲུལ་སྐར་མཱ་བན་ (Maven) དང་ཨོ་ཌིས་སེད་ (Odyssey) རེ་ཁོན་ནིན་སེན་སེ་ (Reconnaissance) ཡུ་རོབ་ཀྱི་མཱར་སི་གཟའ་མིག་དམར་གྱི་ཕོ་ཉ་བཅས་ཀྱི་འཁོར་ལམ་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese