མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཚོགས་པ་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་འཇུག་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་རྒྱལ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འཇུག་དགོས་མིན་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དགོངས་འཆར་བསྡུས་མཐར། སྔར་རྒྱུན་བཞིན་འཇོག་རྒྱུ་དང་བོད་རིགས་ཚོགས་པ་ཚོས་དོན་གཅོད་ལ་འབྲེལ་ལམ་སྔར་ལྷག་བྱེད་དགོས་པའི་གྲོས་ཆོད་བཞག་སོང་།

གཟའ་མིག་མར་ཉིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། དེ་སྔོན་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་བཙུགས་ཏེ། ཕྱི་རྒྱལ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་བཅུག་དགོས་མིན་ཞིབ་འཇུག་བྱས་པའི་སྙན་ཐོ་གྲོས་ཚོགས་ནང་སྒྲོགས་སྦྱང་གནང་བའི་ཐོག སྤྱི་འཐུས་མང་པོ་ཞིག་གིས་བགྲོ་གླེང་གནང་མཐར་ཚེས་ ༢༤ ཉིན་གྲོས་ཆོད་ཅིག་བཞག་སྟེ། ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་འགྲོ་སྟངས་སྔར་རྒྱུན་བཞིན་གནས་རྒྱུ་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་འབྲེལ་ལམ་སྔར་ལྷག་གོང་འཕེལ་གཏོང་དགོས་པ་བཅས་སྤྱི་མོས་གཏན་འབེབས་གནང་སོང་།

དེ་ནི་སྔར་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་བཙན་བྱོལ་བོད་མིའི་བཅའ་སྒྲིག་གི་སྒྲོམ་གཞིའི་ནང་བཅུག་དགོས་མིན་ཐད་མི་ ༥ ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་བརྒྱུད་རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་དགོངས་འཆར་བསྡུས་ཡོད་འདུག

ད་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་ཕྱི་རྒྱལ་བོད་རིགས་ཚོགས་པ་ ༡༤ ཙམ་གྱིས་བསམ་འཆར་ཡིག་ཐོག་ནས་འབྱོར་བའི་ནང་། ཚོགས་པ་ ༨ ཙམ་གྱིས་གནས་ཡུལ་རྒྱལ་ཁབ་ལ་དེབ་སྐྱེལ་བྱས་ཡོད་སྟབས་དེ་ལ་དོ་ཕོག་མི་འགྲོ་བའི་ཆེད་དང་། ཚོགས་པ་སོ་སོའི་སྒྲིག་གཞིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལ་བརྩི་བཀུར་ཞུ་རྒྱུ་འཁོད་ཡོད་པ་བཅས་ལ་བརྟེན་ཏེ། སྔར་རྒྱུན་བཞིན་གནས་ལ་ལེགས་པའི་དགོངས་འཆར་བཏོན་ཡོད་པ་དང་། ཚོགས་པ་ ༦ ཙམ་གྱིས་བཙན་བྱོལ་བོད་མིའི་བཅའ་སྒྲིག་གི་ཆ་རྐྱེན་འོག་ཆ་རྐྱེན་བསྐྲུན་ན་ལེགས་པའི་དགོངས་ཚུལ་གསུངས་ཡོད་འདུག

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཚོགས་ཆུང་ནས་ཀྱང་ཚོགས་པ་དེ་དག་གི་འོས་བསྡུའི་མཚོན་པའི་ལས་དོན་འགའ་རེའི་ཐོག་འགྲོ་གྲོན་ཆེན་པོ་ཡོང་ཉེན་བཅས་ལ་བརྟེན་ཏེ། མཐའ་མར་ཚོགས་པ་དེ་དག་བཅའ་ཁྲིགས་འོག་ཆ་རྐྱེན་སྐྲུན་མི་དགོས་བར་སྔར་རྒྱུན་བཞིན་གནས་ན་ལེགས་པ་དང་། བོད་རིགས་ཚོགས་པ་ཁག་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གི་བར་འབྲེལ་ལམ་སྔར་ལྷག་ཡོང་དགོས་པ་ཚུལ་སོགས་སྙན་ཐོ་དེའི་ནང་འཁོད་འདུག

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོ་དེ་གྲོས་ཚོགས་ནང་སྒྲོགས་སྦྱང་གནང་རྗེས། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བརྗོད་དོན། རང་ཉིད་ཀྱིས་གནད་དོན་དེ་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་གཏན་སྡོད་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མིའི་གནས་སྟངས་ཀྱང་ཛ་དྲག་འོག་གནས་ཡོད་སྟབས། བོད་ནང་གི་བོད་མི་ཚོས་རེ་བའི་མིག་འབུར་གཏོད་ས་དེ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་དག་ཆགས་ཡོད། ང་ཚོ་ཡུལ་ལུང་གང་འདྲ་ཞིག་ནང་གནས་ཀྱང་། ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་དགོས་པ་མ་ཟད། སོ་སོའི་གོམས་གཤིས་དང་ཆས་གོས། ཁྱད་ཆོས་ལྡན་པའི་རིག་གཞུང་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུའི་འགན་དེ་ང་ཚོར་ཡོད།ད་ལྟའི་ཆར་བོད་མི་དེ་དག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་ཞེན་དང་རྒྱབ་སྐྱོར། ཡིད་ཆེས།བློ་གཏད་བཅོལ་བཞིན་ཡོད་སྟབས། མ་འོངས་པར་དེ་ཚོ་མུ་མཐུད་གནས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ང་ཚོའི་འབྲེལ་བ་གནང་སྟངས་དེ་ཨ་མ་ཡིན་ཤག་དང་ནུ་མ་བསྣུན་ཤག་བྱས་ཏེ་འགྲོ་བཞིན་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་གི་འཁོར་རྒྱའི་ནང་གནས་མ་ཐུབ་པ་ཡིན་ན། མ་འོངས་པར་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་ལམ་གང་འདྲ་ཆགས་མིན་དང་། མ་འོངས་པར་དེ་དག་གོང་བུ་གཅིག་སྒྲིལ་ཐོག་གནས་ཐུབ་མིན་སྐོར་ལ་བློ་དོགས་ཤིག་ཡོང་གི་ཡོད་སྟབས།ཚོགས་པ་དེ་དག་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་ལམ་དེ་ལྕགས་འཐག་གིས་འཆིང་པ་ལྟར་དགོས་ཀྱི་འདུག ཚོགས་པ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཡིག་འོག་ཚུད་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། ཕྱི་རྒྱལ་ཁག་ཏུ་བོད་རིགས་ཚོགས་པ་མང་པོ་ཡོད་ཡོད་ཁོངས་ནས་དགོངས་ཚུལ་རྟོག་ཐུབ་པ་སྤྱི་མཐུན་ཚོགས་པ་༡༤ཙམ་རེད། སྤྱི་མཐུན་ཚོགས་པ་ ༨ ཀྱིས་བཅའ་སྒྲིག་གི་ཆ་རྐྱེན་བསྐྲུན་དགོས་ཀྱི་མེད་པ་དང་། ༦གིས་དགོས་ཀྱི་འདུག་ཅེས་བརྗོད་ཡོད་སྟབས།བརྒྱ་ཆར་བརྩིས་ན་ཉུང་ཉུང་ཞིག་གི་བསམ་ཚུལ་ལས་ཚུད་མེད་ཀྱང་། ཉུང་ཤས་དེ་ལས་ཀྱང་མང་ཆེ་བས་སོ་སོའི་ཡུལ་ལུང་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཆགས་ཡོད་སྟབས། ད་ལྟ་རང་འཇགས་གནས་ན་འགྲིག་གི་འདུག་ཅེས་བཀའ་ཤག་གིས་ཞུས་པ་ཡིན། ཨ་རིར་མཚོན་ན། དེབ་སྐྱེལ་བྱས་པའི་ཚོགས་པ་གང་འདྲ་ཞིག་ཡིན་ཡང་ཨ་རིའི་མི་སེར་གྱི་བདེ་སྡུག་ལྟ་ཆེད་བཙུགས་པ་ཞིག་ཡིན་སྟབས་ཁོ་ཚོར་མི་སེར་དང་འབྲེལ་བའི་གནད་དོན་གང་ཡིན་ཡང་ཐེ་ཇུས་བྱེད་དབང་ཡོད་ཀྱང་།ཕྱིའི་རྒྱལ་ཁབ་ཀྱིས་ཨ་རིར་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ལ་ཐེ་ཇུས་བྱེད་དབང་མེད་པ་ཁྲིམས་སྒྲིག་ནང་གསལ་སྟབས། བཀའ་ཤག་གིས་ཐེ་ཇུས་བྱས་ཚེ་དེབ་སྐྱེལ་བྱས་པའི་ཚོགས་པ་དག་ལ་གནོད་ཀྱི་ཡོད་སྟབས། བཀའ་ཤག་གིས་ཐེ་ཇུས་མ་གནང་ལ་ལེགས་པའི་ཐག་གཅོད་བྱས་ཡོད། ཅེས་གསུངས་ཏེ་ཕྱི་དྲིལ་འོག་བོད་རིགས་ཚོགས་པ་ཁག་གི་ཐོ་གཞུང་ཡང་དགོས་མཁོ་མེད་ཚུལ་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཡོངས་ནས་གསལ་བཤད་གནང་དོན། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ནས་བོད་རིགས་མང་པོ་ཞིག་ནུབ་ཕྱོགས་དང་ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་འགྲོ་བཞིན་ཡོད་པ། བོད་མིའི་སྤྱི་ཚོགས་འདི་ཁ་འཐོར་ནས་འགྲོ་བཞིན་ཡོད་པའི་གནས་སྟངས་འོག བོད་མིའི་སྒྲིག་འཛུགས་དང་ས་ཕྱོགས་གང་སར་གནས་པའི་བོད་རིགས་དག་འབྲེལ་བ་དམ་ཟབ་ཅིག་ཡོང་ཆེད། ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འཇུག་དགོས་མིན་ལ་ཚོགས་ཆུང་འདི་བཙུགས་པ་རེད། ད་ལྟའི་ང་ཚོའི་འཐབ་རྩོད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བལྟ་སྐབས་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་ཀྱང་རུང་མ་གནས་ཀྱང་རུང་གང་ལྟར་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་དམ་ཟབ་ད་ལྟ་ཡོད་པ་རེད་ལ། མ་འོངས་པར་ཡང་དེ་ལས་ལྷག་ཅིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ད་ལྟའི་ཆར་ཕྱི་རྒྱལ་དོན་གཅོད་དང་སྤྱི་འཐུས་བར་ལས་དོན་བྱེད་ཕྱོགས་ཐོག་དཀའ་ངལ་འཕྲད་ཀྱིན་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་བཞིན་བོད་རིགས་ཚོགས་པ་དེ་ཚོས་ཚོགས་འདུ་ཚོགས་སྐབས་ཕྱི་རྒྱལ་གྱི་སྤྱི་འཐུས་དེ་ཚོ་སྐད་བཏང་ཡོད་མེད་སོགས་ཀྱི་གནས་སྟངས་ཡོང་གི་ཡོད། དེ་ཚོར་འགྲོ་ལུགས་འགྲོ་སྟངས་ལམ་སྟོན་གསལ་བོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད།

སུད་སི་ལྟ་བུར་མཚོན་ན་འགྲོ་སྟངས་མ་འདྲ་བ་ཞིག་རེད། ཁོ་རང་ཚོར་ཕྱི་དྲིལ་དང་རིག་གཞུང་། དཔལ་འབྱོར་སོགས་སྡེ་ཚན་མང་པོ་ཞིག་འདུག དཔལ་འབྱོར་གྱི་གནས་སྟངས་ཐོག་ལའང་ཁོ་རང་ཚོས་སྟངས་འཛིན་བྱས་ཏེ་འགྲོ་བཞིན་འདུག ཁོ་རང་ཚོས་ཇི་ནེ་ཝའི་དོན་གཅོད་དེ་ས་གནས་མགོ་འཛིན་གྱི་མཚན་ཐོག་ནས་ཡོང་དགོས་ཀྱི་འདུག་གསུང་གི་འདུག དེ་ལ་ཚོགས་གཙོས་ངོས་ནས་གསལ་བོར་ཞུས་པ་ཡིན། དོན་གཅོད་དེ་ས་གནས་མགོ་འཛིན་ཡོང་གི་མ་རེད། གང་ཡིན་ཟེར་ན། བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ལ་ཁྱབ་པའི་སྲིད་བྱུས་ཤིག་འཛིན་དགོས་སྟབས། བྱང་ཨ་རི་གཅིག་པུར་བོད་རིགས་ཚོགས་པ་ ༣༠ ཡས་མས་ཤིག་ཡོད་ས་རེད། དོན་གཅོད་ཚོགས་འདུ་རྐྱང་རྐྱང་ལ་བཅར་ནས་སྡོད་དགོས་ཆགས་ཡོང་གི་རེད། གཉིས་པ་སུད་སིར་མཚོན་ན། དོན་གཅོད་ས་གནས་མགོ་འཛིན་གྱི་ངོ་བོའི་ཐོག་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུར་བཅར་ཡང་དོན་གཅོད་ཀྱིས་འཛིན་སྐྱོང་གི་འགན་དེ་འཁུར་དགོས་ཀྱི་མི་འདུག ས་གནས་འཐུས་ཚོགས་ཁོ་རང་ཚོས་འགན་ཆ་ཚང་འཁུར་འདུག སུད་སིའི་ས་གནས་མཐུན་ཚོགས་ཀྱིས་འོས་བསྡུའི་ལས་རིམ་སོགས་འགྲོ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པའི་ས་གནས་འཐུས་ཚོགས་ཡིན་གསུང་གི་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ངོས་བཞེས་གནང་གི་ཡོད་པ་རེད། དེར་བརྟེན། གལ་སྲིད་ཁོ་ཚོར་ས་གནས་མགོ་འཛིན་དགོས་པ་ཡིན་ན། ཁོ་རང་ཚོས་ནང་ཁུལ་ནས་འོས་བསྡུ་བྱས་ཏེ་ས་གནས་མགོ་འཛིན་ཞིག་འདེམས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ལམ་སྟོན་ཞུས་པ་ཡིན། ད་ལྟའི་ཆར་འོས་བསྡུའི་བརྒྱུད་རིམ་གཅིག་གི་ནང་དུ་བོད་རིགས་ཚོགས་པ་དང་ས་གནས་འཐུས་ཚོགས་གཉིས་ཀའི་འགན་འཁུར་གྱི་ཡོད་སྟབས། དེ་འགྲིག་གི་ཡོད་པ་མ་རེད། དང་པོ་སྒྲིག་འཛུགས་གཉིས་དགོས་མིན་དང་། གལ་སྲིད་དགོས་ན་དེ་གཉིས་ཁ་ཁ་བཟོས་ཏེ། ལས་དོན་བྱེད་ཕྱོགས་དང་འགྲོ་ལུགས་འགྲོ་སྟངས་དབྱེ་མཚམས་བཟོ་དགོས་པ་རེད། ཅེས་གསུངས་སོང་།

ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་ཁོང་གིས། སྤྱི་འཐུས་ལྷན་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ལ་ཚོགས་པ་ཁ་ཤས་མ་གཏོགས་བསམ་ཚུལ་བསླེབས་ཡོད་པ་མ་རེད། སྙན་ཐོ་དེའི་ནང་བལྟས་པ་ཡིན་ན་ད་ལྟའི་དོན་གཅོད་རྣམ་པས་ཐུགས་འགན་དེ་ཙམ་བཞེས་མེད་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་འདུག ཚོགས་གཙོ་དོན་གཅོད་ཀྱི་ཚོགས་འདུར་བཅར་སྐབས་གསལ་བོར་ཞུས་ཡོད། ང་ཚོའི་ཚོགས་ཆུང་གི་ཚོགས་མི་དག་རྒྱལ་ཁབ་རེ་རེའི་ནང་ཕེབས་ཏེ་ཞིབ་འཇུག་གནང་རྒྱུ་ཁག་པོ་རེད། འཛིན་སྐྱོང་གིས་བཀོད་ཁྱབ་བཏང་བའི་ཐོག་ནས་དོན་གཅོད་ཁག་ནས་བོད་རིགས་ཚོགས་པ་ཁག་གི་བསམ་ཚུལ་བསྡུ་དགོས་པ་ཞིག་ཆགས་ཡོད་ཀྱང་། དེ་ཙམ་ཚགས་ཚུད་པོ་ཞིག་བྱུང་མེད་པའི་གནས་སྟངས་ཆགས་འདུག་སྟབས། མ་འོངས་པར་གལ་སྲིད་ཚོགས་ཆུང་འདི་རིགས་ཚུགས་པ་ཡིན་ན་འཛིན་སྐྱོང་དང་དོན་གཅོད་ངོས་ནས་ཐུགས་འགན་ཆེ་ཙམ་བཞེས་དགོས་པ་ཆགས་འདུག ཅེས་སོགས་གསུངས་སོང་།

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་དག་ནི། མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།ཚོགས་མི་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས།སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས།སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཡིན་འདུག 

གསར་འགོད་པ།དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese