མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ ༦ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་དར་མེར་བསྲེཊ་ཀྱི་ཉེས་མིང་འོག་ནགས་ཤོད་འབྲི་རུ་རྫོང་ཝ་ཐང་འབྲོང་ངུར་དགོན་པའི་གྲྭ་པ་དྲུག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། འདིའི་ལོའི་ཕྱི་ཟླ་ ༩ བའི་ཟླ་མཇུག་ཙམ་ལ་ནགས་ཤོད་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ། ཝ་ཐང་འབྲོང་ངུར་དགོན་བཀའ་བརྒྱུད་འཕེལ་རྒྱས་གླིང་གི་གྲྭ་པ་དྲུག་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་པར་མ་ཟད། ད་ཆར་དགོན་པ་དམག་གིས་བསྐོར་ཏེ་ས་གནས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་གྲྭ་བ་དེ་དག་འཛིན་བཟུང་བྱེད་དོན། ཁོང་ཚོས་རྒྱ་གཞུང་གིས་དགོན་པའི་འདུ་ཁང་སོགས་ཀྱི་ཡང་སྟེང་དུ་བསྒྲེངས་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབས་ཏེ་མེར་བསྲེཊ་བཏང་བའི་དབང་གིས་ཡིན་འདུག་ལ། ཉེ་བའི་ཆར་གྲྭ་པ་དེ་དག་ལས་གཉིས་ཝ་ཐང་གྲོང་ནས་ཡིན་པ་དང་། གཅིག་གི་ཕ་མིང་ལ་མ་ནེ་དགྲ་འདུལ་དང་། གཅིག་གི་ཕ་མིང་ལ་འབྱུང་གནས་ཟེར་གྱི་ཡོད་པ་ཤེས་ཡོད་པ་ལས། གྲྭ་པ་གཞན་བཞིའི་མིང་དང་གྲོང་ཚོ་གང་ནས་ཡིན་མིན་སོགས་ཀྱི་གནས་ཚུལ་མ་ཤེས་པར་ལྷག་ཡོད་འདུག་ལ། ད་ལྟ་དགོན་གྲོང་གཉིས་ཀར་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་བྱས་ཏེ་དམ་དྲག་འོག་ལྷག་ཡོད་འདུག

ཝ་ཐང་འབྲོང་ངུར་དགོན་ནི། ཕྱི་ལོ་ ༡༢༥༨ ལོར་འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱིས་ཕྱག་བཏབ་པའི་བཀའ་རྒྱུད་ཀྱི་དགོན་རྙིང་ཞིག་ཡིན་འདུག ༡༩༦༩ ལོར་རྒྱ་ནག་གཞུང་གིས་དགོན་པ་རྩ་གཏོར་བཏང་ཡོད་པ་མ་ཟད། དགོན་བདག་འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་འབྲི་རུ་རྫོང་གི་ཟིང་འཁྲུག་སློང་མཁན་ཡིན་པའི་ཉེས་མིང་གཡོགས་ཏེ། ༡༩༧༠ ལོར་བླ་མར་འབྲི་རུ་རྫོང་དུ་སྲོག་ཁྲིམས་བཅད་ཡོད་འདུག ༡༩༨༠ ལོར་དགོན་པ་སླར་ཡང་ཉམས་གསོ་ཐུབ་པ་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

སྐར་མ ༤༡ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༢ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese