མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་བོད་མི་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཉེ་ལམ་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ཡུལ་དེར་ཕེབས་རྒྱུར་ཐོངས་མཆན་ཕུལ་མེད་པར་སྐྱོན་བརྗོད་དང་། བོད་མི་ཚོས་འཚེ་མེད་ཞི་བའི་ཐོག་ནས་རང་དབང་འཐབ་རྩོད་བྱེད་ཀྱིན་ཡོད་པར་བསྔགས་བརྗོད་བཅས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སང་ཉིན་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཏེ། བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་བསྟུན་ཏེ། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ (Shirin Ebadi)མཆོག་དང་། ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝུ་ལེམ་(Jody Williams) མཆོག བུད་མེད་ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ (Nobel Women’s Initiative)ཞེས་པའི་འགན་འཛིན་ལི་ཛི་བྷེན་སི་ཌིན་(Liz Bernstein)ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

བུད་མེད་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ལི་ཛི་བྷེན་སི་ཌིན་ལགས་ཀྱིས་གཏམ་བཤད་གནང་དོན། བུད་མེད་ཀྱི་ཞི་བདེའི་ལྷན་ཚོགས་ཞེས་པ་ནི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་བུད་མེད་ཚོས་གསར་འཛུགས་ཞུས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། དྲང་བདེན་སོགས་ལ་འཐབ་རྩོད་གནང་མཁན་ཚོར་རྒྱབ་སྐྱོར་ཆེད་བཙུགས་པ་ཞིག་ཆགས་ཡོད། དེ་སྔོན་ང་ཚོར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་གྱི་འཚོ་བ་རོལ་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ལ་མགྲོན་འབོད་བྱས་པ་ལྟར་བཅར་ཐུབ་པ་བྱུང་བ་མ་ཟད། ད་རེབ་ཀྱང་ང་ཚོར་གོ་སྐབས་འདི་འདྲ་ཞིག་གནང་བར་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་ཅིག་ཕེབས་ཐུབ་མེད་ཀྱང་། དེའི་ནང་ནས་ཡ་མན་ནས་ཡིན་པའི་ལྕམ་སྐུ་ཀར་མན་(Tawakkol Karman) མཆོག་ཕེབས་འཆར་ཡོད་ཀྱང་། བདུན་ཕྲག་སྔོན་མའི་ནང་ཡ་མན་ནང་དམག་འཁྲུག་ལངས་ཏེ་རྒྱལ་ཁབ་ནང་བརྟན་ལྷིང་མེད་པ་མ་ཟད། ཡུལ་མི་མང་པོ་ཞིག་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་སྟེ་ཁོ་མོ་ཕེབས་ཐུབ་མེད་ཀྱང་། ཁོ་མོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག འདི་ལོའི་ཕྱི་ཟླ་ ༦ ནང་ང་ཚོ་ཁོ་མོར་ཐུག་སྐབས་ཁོ་མོས་ང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་མགྲོན་འབོད་ཐེངས་མང་བྱས་ཀྱང་། ༧གོང་ས་མཆོག་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཕྱིན་མེད་སྐོར་བརྗོད་བྱུང་། ད་རེབ་དྷ་རམ་ས་ལར་ཕེབས་མ་ཐུབ་པ་གཞན་ཞིག་ནི། ལེ་བྷེར་རི་ཡ་ནས་ཡིན་པའི་ལྕམ་སྐུ་ལི་མཱ་ (Ms. Leymah Gbowee)མཆོག་རྒྱལ་ཁབ་ནང་ཨི་བྷོ་ལ་ནད་ཡམས་ཁྱབ་བརྡལ་ཕྱིན་ཡོད་སྟབས། ཁོ་མོས་ད་ལྟ་ལྷོ་སུ་ཌན་ནང་ཞི་བདེ་དང་བརྟན་ལྷིང་ཡོང་བར་ཕྱག་ལས་གནང་གི་ཡོད། ད་རེབ་ང་ཚོས་ཁྱེད་ཅག་གིས་ལག་བསྟར་བྱེད་བཞིན་ཡོད་པའི་འཚེ་མེད་ཞི་བ་དང་། དམངས་གཙོའི་ལྟ་གྲུབ་དག་ལ་སློབ་སྦྱོང་བྱས་ཏེ་སོ་སོའི་རྒྱལ་ཁབ་ལ་འཁྱེར་ཐུབ་པ་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

དེའི་རྗེས་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་གིས་གསུང་བཤད་གནང་དོན། ཕྲན་རང་འདིར་ཡོང་བ་ཐེངས་དང་པོ་མིན། ལོ་ལྔའི་༧གོང་ས་མཆོག་གིས་ཕྲན་ལ་མགྲོན་འབོད་མཛད་པ་ལྟར་བཅར་རྒྱུ་བྱུང་། ངོས་ནི་༧གོང་ས་མཆོག་ལ་དད་གུས་ཞུ་མཁན་ཞིག་དང་། འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་སེལ་མཁན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ལོ་ ༨ གོང་ཀོ་སོ་རི་ཀའི་གཞུང་གིས་ཀོ་སོ་ཌ་རི་ཀ་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཞིག་བསྐྱང་རྒྱུའི་ཐག་གཅོད་དང་། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་མང་དག་ཅིག་གདན་ཞུ་བྱས་ཡོད་ཀྱང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཀོ་སོ་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག ༧གོང་ས་མཆོག་གི་གདན་ཞུ་ཕྱིར་ཐེན་བྱས་ཡོད་སྟབས། ང་ཚོས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་དང་བོད་མི་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་ཐུབ་ཆེད་ལྷན་ཚོགས་དེར་མཉམ་བཞུགས་བྱས་མེད། གང་ཡིན་ཞེ་ན། ཁྱེད་ཚོས་འཚེ་མེད་ཞི་བའི་ཐོག་ནས་དྲང་བདེན་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་སྟབས། དྲང་བདེན་ལ་དུང་བའི་རྒྱལ་སྤྱིའི་མང་ཚོགས་ཚོས་ཁྱེད་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད། སྟབས་མ་ལེགས་པ་ཞིག་ལ། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཐེངས་གསུམ་ཙམ་ལ་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུ་ཐོངས་མཆན་སྤྲད་མེད་སྟབས། ང་ཚོས་རྒྱལ་ཁབ་དེའི་ནང་གི་ཞི་བདེའི་ལྷན་ཚོགས་སུ་བཅར་རྒྱུ་ཁས་ལེན་བྱས་མེད། ད་ཐེངས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པ་དེར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོས་ངོ་རྒོལ་གནང་ཡང་། ཌ་སི་མོན་ཌི་ཀྲུ་ཌོ་(Desmond Tutu) མཆོག་གིས་གླེང་སློང་མ་གནང་བར་ཁ་རོག་གེར་བཞུགས་པ་དེར་ང་ཧང་སང་ བྱུང་། དབང་ཆ་སྒེར་འཛིན་པར་རྒྱབ་སྐྱོར་བྱས་ཏེ་ཁ་ཁུ་སིམ་མེར་སྡོད་མཁན་ནི་རྒྱབ་འགལ་བྱེད་མཁན་ཞིག་ཆགས་ཡོད་སྟབས། ངས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཁ་རོག་མ་བསྡད་པར་བདེན་དོན་རྩོད་བཞིན་ཡོད་པ་དེར་གུས་བརྩི་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཁོ་མོས་མུ་མཐུད་གསུངས་དོན། རྒྱ་ནག་ནང་མི་འབོར་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་མི་མང་མང་ཆེ་བ་ཁ་རོག་གེར་བསྡད་པར་བརྟེན་སྙན་ངག་དང་རྩོམ་རིགས་བྲིས་ཏེ་བདེན་དོན་རྩོད་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལེའུ་ཞོ་པོ་བཙོན་འཇུག་བྱས་ཡོད། ཨི་རན་ཡང་རྒྱ་ནག་ལྟ་བུ་ཡིན་སྟབས། ངའི་ལག་འོག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་སྙན་ངག་པ། ལས་འགུལ་བ་སོགས་གང་བྱུང་འཇུ་བཟུང་བྱས་ཏེ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་སྟབས། ཨི་རན་དང་བོད་པའི་གནས་སྟངས་འདྲ་པོ་ཡིན་པར་བརྟེན། ཨི་རན་མི་མང་དང་རྒྱལ་སྤྱིའི་ཐོག་སྡུག་སྦྱོང་མནར་གཅོད་མྱོང་མཁན་ཚོས་བོད་མི་ཚོའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ང་འདིར་ཁྱེར་ཚོར་རྒྱབ་སྐྱོར་བྱེད་བར་ཡོང་བ་ཙམ་མིན་པར། ༧གོང་ས་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་དང་བོད་མི་ཚོའི་ད་བར་ལོ་ ༥༠ ལྷག་སྐྱབས་བཅོལ་གྱི་འཚོ་བ་རོལ་ཐུབ་པའི་གནས་སྟངས་དག་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ཞེས་སོགས་གསུངས་སོང་།

ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝུ་ལེམ་(Jody Williams) མཆོག་གིས་གསུང་བཤད་གནང་དོན། ད་རེབ་ཙམ་མིན་པར་ལྷོ་ཨ་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་ཐེངས་མང་བྱུང་ཡོད་པ་མ་ཟད། ཌ་སི་མོན་ཌི་ཀྲུ་ཌོ་(Desmond Tutu) མཆོག་དགུང་ལོ་ ༨༠ ཕེབས་པའི་གྱ་སྟོན་འཁྲུངས་སྐར་སྲུང་བརྩིའི་ཉིན་མོར་༧གོང་ས་མཆོག་མགྲོན་འབོད་གནང་བར་ཡང་ཆོག་མཆན་སྤྲད་མེད་སྟབས། ང་ཚོས་གོ་སྒྲིག་ཚོགས་ཆུང་དང་ཐེངས་མང་གྲོས་མོལ་བྱས་པ་ཡིན། ང་ཚོ་བུད་མེད་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོས་གྲོང་ཁྱེར་གཞུང་ལམ་ཐོག་ཐོན་ཏེ་ངོ་རྒོལ་བྱ་དགོས་བསམ་ཡང་། ངོ་རྒོལ་དེའི་རྐྱེན་གྱིས་ཞི་བདེའི་ལྷན་ཚོགས་དེ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། ང་ཚོས་གོ་སྒྲིག་ཚོགས་ཆུང་ལ་སྙན་ཞུ་ཕུལ་ཏེ་གསལ་བོར་ཞུས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་མིའི་རང་དབང་རྩོད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ལྡོག་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་བཞིན་ཡོད། ང་ཚོའི་ཚོགས་པའི་ལས་འགན་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆགས་ཡོད་སྟབས། ཐེངས་འདིའི་ཞི་བདེ་ལྷན་ཚོགས་ནང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་བྱས་པ་ཡིན། ང་ཚོའི་གསལ་བསྒྲགས་དེར་ནུས་པ་ཐོན་ཏེ་ད་ལྟ་སྐུ་མགྲོན་གཞན་མང་པོ་ཞིག་ཀྱང་ཕྱིར་འཐེན་བྱས་ཡོད་སྟབས། ད་ལྟ་ཞི་བདེ་ལྷན་ཚོགས་དེའང་ཕྱིར་འཐེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། ད་རེབ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝུ་ལེམ་(Jody Williams) མཆོག་དང་ལྕམ་སྐུ་ལི་མཱ་(Ms. Leymah Gbowee)མཆོག་རྣམ་གཉིས་གདན་འདྲེན་ཞུ་དགོས་དོན་ནི། བཀའ་ཤག་གིས་འདི་ལོ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢ ཉིན་བདག་ཉིད་ཆེན་མོ་གྷན་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་༧གོང་ས་མཆོག་ལ་ ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དངོས་གནས་འབུལ་དགོས་ས་དེ་གྷན་དྷི་མཆོག་ཆགས་ཀྱི་ཡོད་སྟབས། ནོ་བྷེལ་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གི་སྒྲིག་གཞི་ལྟར་འདས་གྲོངས་སུ་ཕྱིན་པའི་མི་སྣ་དག་ལ་འབུལ་ལམ་ཞུ་གི་མེད་སྟབས། གྷན་དྷིའི་འཁྲུངས་སྐར་ཉིན་མོར་དུས་དྲན་འདི་སྲུང་བརྩི་བྱས་ཚེ། ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་ས་གཙོ་བོ་གཅིག་གྷན་དྷི་མཆོག་ཆགས་ཀྱི་ཡོད་རེད་ཅེས་བརྡ་ལན་ཞིག་སྤྲད་ན་བསམ་པ་ཞིག་དང་། ཁོང་གིས་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་བརྩད་པ་དེ་དག་འཛམ་གླིང་སྤྱི་ཡོངས་ནང་ཁས་ལེན་དང་ལག་བསྟར་གནང་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་བདེན་མཐའ་སེལ་ཐབས་བྱེད་བཞིན་ཡོད་པའི་དམ་བཅའ་བརྟན་པོ་འཆང་གི་ཡོད་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 1

  1. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    ཞི་བདེའི་དེད་དཔོན་རྣམས་གཉིས་ཕེབས་པ་འཚམས་འདྲི་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese