མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་ཧོང་ཀོང་མི་མང་དང་མཉམ་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་དགོང་མོ་དྷ་རམ་ས་ལར་བོད་མི་ཚོས་ཧོང་ཀོང་མི་མང་གི་དམངས་གཙོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་མར་མེ་ཁྲོམ་སྐོར་གནང་སོང་།

དེ་རིང་ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༠༠ ཡས་མས་སུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་རླངས་འཁོར་འབབ་ཚིགས་སུ། ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་དབུས་དང་ས་གནས་གཉིས་ཀྱི་རྒྱུན་ལས་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི། ཧོང་ཀོང་དང་ཐའེ་ཝན། རྒྱ་ནག་སྐམ་ས་བཅས་ནས་ཕེབས་པའི་རྒྱ་རིགས་དང་ཕྱི་རྒྱལ་བ། བཞུགས་སྒར་གནས་སྡོད་བོད་མི་བཅས་མི་ ༡༠༠ ལྷག་འཛོམས་འདུག

ལས་འགུལ་སྐབས་མི་མང་གིས་ལག་ཏུ་ཧོང་ཀོང་ལ་མང་གཙོ། བོད་ལ་རང་བཙན། དེ་རིང་གི་ཧོང་ཀོང་། སང་ཉིན་གྱི་བོད། ཅེས་པ་དང་། ཧོང་ཀོང་ལ་རང་དབང་། བོད་ལ་རང་བཙན། འཛམ་གླིང་མི་མང་གིས་ཧོང་ཀོང་གི་དམངས་གཙོ་ལ་རོཊ་འདེཊ་གནང་རོཊ་སོཊ་འཕྲེད་དར་འདྲ་མིན་འཕྱར་བཞིན་མེག་ལོར་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་བཅས་གནང་སོང་ལ། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཚོཊ་གཙོ་བསྟན་འཛིན་འཇིཊ་མེད་ལཊ་ཀྱིས་དེ་རིང་གི་ལས་འགུལ་གྱི་དམིཊ་ཡུལ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། དེ་རིང་གཞོན་ནུ་ལྷན་ཚོཊ་ཀྱིས་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་དོན། ཉེ་བའི་དུས་ནས་ཧོང་ཀོང་མི་མང་གིས་ཁོང་ཚོར་དམངས་གཙོ་དང་རང་དབང་དགོས་ཞེས་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དེར་བོད་མི་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད་པའི་བརྡ་ལན་སྤྲོད་རྒྱུ་གལ་ཆེན་པོར་མཐོང་སྟེ་ལས་འགུལ་སྤེལ་ཡོད་པ་དང་། དམིགས་བསལ་ད་ལྟའི་བོད་ནང་གི་གནས་སྟངས་དང་ཧོང་ཀོང་གནས་སྟངས་གཅིག་མཚུངས་ལྟ་བུ་ཆགས་ཡོད་སྟབས། བོད་མི་ཚོའི་ངོས་ནས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གཏམ་བཤད་གནང་སོང་།

རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་ཝང་ལགས་ཀྱིས། ང་ལ་མཚོན་ན་དེ་རིང་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་ནང་ཞུགས་ཐེངས་ཐོག་མ་ཡིན། ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་སྐམ་སར་འདི་འདྲའི་གནས་ཚུལ་རིགས་ཚང་མ་བཀག་སྡོམ་བྱས་ཡོད་པ་རེད། ལས་འགུལ་འདིར་མཉམ་ཞུགས་གནང་སྐབས་ང་རང་སེམས་འགུལ་ཐེབས་ཡོང་གི་འདུག ཁ་དཔེར། འབད་པ་ཅན་ལ་ལེགས་འགྲུབ་དང་། ལེ་ལོ་ཅན་ལ་ཕམ་ཉེས་ཞེས་པ་ལྟར། རྒྱ་ནག་སྐམ་སར་མཚོན་ན་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་འོག་མི་མང་གིས་མི་རིགས་གནད་དོན་དང་འབྲེལ་བའི་འཐབ་རྩོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གི་གནས་སྟངས་ལ་བལྟས་ཡོང་སྐབས་ངས་ཧོང་ཀོང་མི་མང་ལ་རེ་བ་ཞིག་མཐོང་གི་འདུག་ལ། ཁོང་ཚོའི་ལས་དབང་ཡག་པོ་འདུག་བསམ་གྱི་ཡོད། ཁོང་ཚོར་འཛམ་གླིང་གི་སྙན་གྲགས་ཅན་གྱི་མི་སྣ་མང་པོས་རྒྱབ་སྐྱོར་འདུག་སྟབས་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད། གཙོ་བོ་ཧོང་ཀོང་དམངས་གཙོ་གཞུང་གིས་རྒྱ་ནག་གཞུང་ལ་རེ་སྐུལ་བྱས་ཏེ། མི་མང་ལ་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་། མི་རིགས་དང་རྒྱལ་ཁབ། དད་མོས་སོགས་ཀྱི་རང་དབང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་རྒྱ་ནག་སྐམ་ས་ནས་ཡོང་བའི་གཞོན་སྐྱེས་ཤིག་གི་རེ་བ་ཡིན། ཞེས་བརྗོད་བྱུང་།

དེ་རིང་གི་ལས་འགུལ་སྐབས་གསར་འགོད་པས་རྒྱ་རིགས་བུད་མེད་ཁྲིན་པེ་ཞི་ལགས་སུ་ཧོང་ཀོང་གི་ལས་འགུལ་ཐད་སེམས་ཚོར་གང་འདྲ་ཡོད་མེད་བཅར་འདྲི་བྱས་པར་ཁོ་མོས། ང་རང་ཧོང་ཀོང་གི་མི་སེར་ཞིག་ཡིན། ཧོང་ཀོང་ལ་མཚོན་ན་ ༡༩༩༧ ལོར་རྒྱ་ནག་གི་རྒྱལ་ཁོངས་སུ་བཅུག་པ་རེད། ༢༠༠༧ ལོ་ནས་བཟུང་ང་ཚོར་མིང་དོན་མཚུངས་པའི་དམངས་གཙོའི་སྲིད་ཇུས་ལག་བསྟར་བྱས་པ་རེད། སྐབས་དེ་དག་ཏུ་ང་ཚོས་མི་ ༡༢༠༠ གྲུབ་པའི་ཚོགས་ཆུང་གིས་འོས་བསྡུའི་ལམ་ནས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འོས་འདེམས་ཀྱི་ཡོད་པ་རེད། ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་བསྡུའི་སྐོར་ལ་ཐེ་ཇུས་བྱས་པ་དང་། ང་ཚོའི་འོས་བསྡུ་རྒྱ་ནག་གཞུང་འབྲེལ་གྱི་བཀོད་མངགས་ལས་དམངས་གཙོའི་ལམ་སྲོལ་ལྟར་འགྲོ་ཐུབ་ཀྱི་མེད་སྟབས། ང་ཚོའི་མང་ཚོགས་ཀྱིས་ཞི་བའི་ལམ་ནས་དམངས་གཙོའི་དགེ་འདུན་འདོན་གྱི་ཡོད་པ་རེད། ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་གི་ཡོད་པ་མ་རེད། ད་ལྟའི་བར་འཛམ་གླིང་གི་རྒྱལ་ཁབ་ཁག་དང་དབུ་ཁྲིད་མང་པོས་རྒྱབ་སྐྱོར་གནང་ཡོད་པ་རེད། དེ་རིང་དྷ་རམ་ས་ལར་བཙན་བྱོལ་བོད་མི་ཚོས་ཀྱང་རྒྱབ་སྐྱོར་གནང་གི་འདུག ང་རང་ལ་མཚོན་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་པ་ཤེས་ཀྱི་ཡོད། ཐེངས་འདིར་བོད་མི་ཚོས་ཧོང་ཀོང་མི་མང་དཀའ་ངལ་འཕྲད་བཞིན་པའི་སྐབས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར། ཐུགས་ཁུར་གནང་བར་ངས་སྙིང་ཐག་པ་ནས་རྗེ་ཆེ་ཞུ་བ་ཡིན་ཞེས་བརྗོད་བྱུང་།

ཐའེ་ཝན་ནས་ཡོང་བའི་རྒྱ་རིགས་བུད་མེད་ཡྰང་ལེ་ཕིན་ལགས་ཀྱིས། སྤྱིར་བཏང་ཐའེ་ཝན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་ང་ཚོར་ཡང་དཀའ་ངལ་མང་དག་ཅིག་འཕྲད་བསྡད་ཡོད་པ་རེད། ངས་ཐེངས་འདིའི་ཧོང་ཀོང་གི་ལས་འགུལ་བལྟས་ཡོང་སྐབས། ཧོང་ཀོང་གི་མི་མང་ཧ་ཅང་སྙིང་སྟོབས་ཆེན་པོ་རེད་བསམ་གྱི་འདུག ཁོང་ཚོས་རང་ཉིད་ཀྱི་ཐོབ་ཐང་ཆེད་དགོས་འདུན་འདོན་ཐུབ་ཀྱི་འདུག ཐའེ་ཝན་ལ་མཚོན་ན་གནད་དོན་འདི་འདྲའི་ཆེད་མི་མང་པོ་འཛོམས་རྒྱུ་ཧ་ཅང་ཁག་པོ་རེད། ད་ཆར་ཧོང་ཀོང་མི་དམངས་ལ་མཚོན་ན་གནད་འགག་གི་དུས་སྐབས་ཤིག་ལ་བསླེབ་ཡོད་པ་རེད་བསམ་གྱི་འདུག གལ་སྲིད། ཁོང་ཚོས་མི་མཐུད་ངོ་རྒོལ་བྱ་མ་ཐུབ་ཚེ། ཁོང་ཚོའི་དགེ་འདུན་འགྲུབ་མིན་བཤད་ཁག་པོ་རེད། ད་ལྟའི་ཆར་ཧོ་ཀོང་གི་ལས་འགུལ་ལ་འཛམ་གླིང་མི་མང་གི་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་པ་ལྟར། བཙན་བྱོལ་བོད་མི་ཚོས་ཀྱང་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་གནང་བཞིན་པ་འདིར་ང་རང་རྒྱ་རིགས་ཤིག་ཡིན་པའི་ངོས་ནས་སེམས་འགུལ་ཐེབས་སོང་། ཐའེ་ཝན་ལ་མཚོན་ན་འདི་ལྟར་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཧ་ཅང་དཀོན་པོ་རེད། ཅེས་བརྗོད་བྱུང་།

བོད་རིགས་བུད་མེད་ཚེ་ལྷ་ལགས་ཀྱིས། ང་རང་གི་ངོས་ནས་ཧོང་ཀོང་མི་མང་གི་ངོ་རྒོལ་གྱི་བྱུང་རྐྱེན་གཙོ་བོ། རྒྱ་ནག་གིས་ཧོང་གི་སྲིད་ཇུས་ལ་ཐེས་བྱུས་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་རང་བོད་མི་ཞིག་ཡིན་པ་དང་། རྒྱ་ནག་ང་ཚོས་དགྲ་ཡིན་པའི་ཆ་ནས། ངས་ང་ཚོ་ལ་རང་དབང་དགོས་པ་དང་། ཧོང་ཀོང་མི་མང་ལ་དམངས་གཙོ་དགོས་པ་གཅིག་མཚུངས་ཆགས་འདུག་བསམ་གྱི་ཡོད། ད་རེབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་ཚོགས་པ་མང་པོ་ཞིག་གིས་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་འདི་ཧ་ཅང་ཡག་པོ་མཐོང་བྱུང་། རྒྱ་ནག་གི་སྲིད་ཇུས་འོག་ང་ཚོ་གཅིག་པུ་མིན་པར་ཐའེ་ཝན་དང་ཧོང་ཀོང་སོགས་ལ་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ང་ཚོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པ་འདིས་ཧོང་ཀོང་མི་མང་ལ་སེམས་ཤུགས་དང་སྤོབས་པ་སྤྲོད་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. ཐོ་རེངས། says:
    ལོ་ 12 སྔོན།

    སྤྱིར་བོད་མི་ཚོས་ཧང་ཁང་མི་མང་ལ་རྒྱབ་སྐྱོར་བྱེད་ཁུལ་བྱེད་རྒྱུ་འདི་ཡག་པོ་རེད། འོན་ཀྱང་གཙོ་བོ་བོད་མི་རང་གི་ཀླད་པ་མགུལ་བསྐྱོད་ཅུང་ཙམ་ཨེ་ཤེས་བལྟས་ནས་བསྒྲིག་འཛུགས་ཞིག་ཡོད་དགོས་པ་རེད་མ་གཏོགས་གཞན་གྱི་རྐུབ་ལ་རྒྱུགས་སྐྱང་བྱས་པ་ཙམ་གྱི་བྱ་བ་གང་ཡང་འཇོན་གྱིན་མ་རེད། དེས་སང་འཛམ་གླིང་གང་སར་བོད་མིའི་རིན་ཐང་ཅེ་ཞན་ཏུ་འགྲོ་བཞིན་པའི་རྒྱུ་མཚན་ཡང་། འཛམ་གླིང་གང་སར་འཁྱམས་པའི་བོད་མི་ཚོའི་ཁ་བཤད་སྐྱང་པ་མ་གཏོགས་ལག་ལེན་མེད་པ་དང་། རང་གི་ཀླད་པ་བེད་མེད་དུ་བཞག་ནས་གཞན་གྱི་རྐུབ་རྒྱུགས་དྲགས་པས་རེད།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཞིན་ཅིན་ཕིན་གྱི་རྒྱ་རིགས་ཆེན་པོ་རིང་ལུགས་ལ་ང་རྒོལ་ཟེར་པའི་གཡོ་ཚིག་སྤེལ་ཡོད་ཚུལ་འདུག་གལ་ཏེ་དེ་འདྲ་ཡིན་ཚེ་བོད་ཁུལ་དམ་དྲག་མེད་པར་རྒྱ་མི་ཚོའ་འགྲོ་འདུག་སྤྱོད་གསུམ་རང་དབང་ཡོད་པ་ནང་བཞིན་བོད་ཁུལ་ལ་ལྷོད་ཡངས་སྤྲོད་རོགས་རྒྱ་ནག་་རང་གི་གྲོང་ཁྱེར་ཆེ་ཁག་ལ་མེད་པར་བོད་ཁུལ་ལ་སྐར་ལྔ་དར་ཆ་དང་དམར་ཤོག་མགོ་ཁྲིད་ཚོའི་པར་ཁྱིམ་ཚང་སོ་སོའི་ཁང་ཐོག་སྒྲེང་དང་ནང་བཤམས་བྱེད་དགོས་པ་ཕྱིན་ཐེན་བྱས་ན་བདེན་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese