མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བའི་ངོ་གདོང་ངོ་མ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕལ་བའི་མི།

IlhamTohti ཟེར་བའི་རུས་པ་མཁྲེགས་པོ་ཅན་གྱི་ཡུ་གུར་བའི་ཕོ་ཁྱོ་ག་ཞིག་དྲན་པ། ཁྱོད་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་གསར་འགྱུར་དེ་ངས་ད་ལྟ་རང་དབྱིན་ཇིའི་རྒྱང་བསྒྲགས་བརྙན་འཕྲིན་ལས་མཐོང་སོང་། གསར་འགྱུར་དེས་ང་ལ་བསམ་ཡུལ་ལས་འདས་པའི་ཚོར་བ་དམིགས་བསལ་བ་ཅང་སྤྲད་མ་སོང་། དེ་ནི་ལོ་ངོ་འདི་ཚོའི་རིང་སྲིད་གཞུང་གིས་བོད་དང་ཡུ་གུར་བ་རྩ་མེད་བཟོ་བཞིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་དེའི་ཆ་ཤས་ཙམ་ཡིན་པས་རེད། ད་ལྟ་ངས་འདང་བརྒྱབ་ན་ཁྱོད་ཀྱང་རྒྱབ་རྩ་མེད་པའི་བོད་མི་ཞིག་དང་འདྲ་བར་ཧ་ཅང་ལས་ངན་ཞིག་རེད།

འོད་ཟེར་གྱིས་ང་ལ་ཡུ་གུར་དུ་རུས་པ་མཁྲེགས་པོ་ཅན་གྱི་ཕོ་ཁྱོ་ག་ཞིག་ཡོད་པ་ཤེས་རྟོགས་བྱུང་དུ་བཅུག་པར་བརྟེན། ལོ་ངོ་འདི་ཚོའི་རིང་ངས་འོད་ཟེར་གྱི་ཟིན་བྲིས་བརྒྱུད་ནས་ཁྱོད་ཀྱི་སྐོར་ལ་དོ་སྣང་བྱས་པ་ཡིན། དེ་ནི་ཡུར་གུར་བ་དང་བོད་པ་གཉིས་ཀྱི་ལས་དབང་ལ་ཧ་ཅང་འདྲ་བའི་ཆ་ཡོད་པས་ཡིན། འོན་ཀྱང་། ཁྱོད་ཀྱི་རྩོམ་ཡིག་དག་གིས་བདག་ལ་ཁྱོད་ནི་ཡུ་གུར་རང་བཙན་གྱི་ལམ་འཁྲིད་པ་ཞིག་ཡིན་པར་བཤད་མ་སོང་ལ། ཁྱོད་ཀྱི་སྐད་ཆས་ཀྱང་ཁྱོད་དེ་ལྟར་ཡིན་པའི་བདེན་དཔང་ཅི་ཡང་བྱས་མ་སོང་།

ངས་འོད་ཟེར་གྱིས་བྲིས་པའི་རྩོམ་ཡིག་ཅིག་ལས་གང་ཞིག་ཤེས་པ་དེ་ནི་ཁྱོད་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་པ་ཙམ་རེད་ལ། ད་དུང་དེའི་ཐོག་ལ་འཐོལ་པ་གཅིག་ཤེས་ཡོད་པའི་དབང་དུ་བཏང་ན་དེ་ནི་ཁྱོད་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཞིག་ཡིན་པ་ཙམ་རེད།

དོན་དངོས་ཐོག་བཤད་ན། ཡུ་གུར་གྱི་གནད་དོན་ཡིན་ན་འདྲ། བོད་ཀྱི་གནད་དོན་ཡིན་ན་འདྲ། སོག་པོའི་གནད་དོན་ཡིན་ན་འདྲ། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་བརྒལ་བའི་གནད་དོན་ཞིག་ཡིན་ལ། དེ་ནི་རྒྱ་སྐྱེད་རིང་ལུགས་པས་དྲག་ཤུགས་སྤྱད་ནས་རྒྱལ་ཁབ་ཅིག་ལ་བཙན་འཛུལ་བྱས་པའི་གནད་དོན་ཞིག་ཡིན། འོན་ཀྱང་། བདག་གིས་ཤེས་གསལ་ལྟར་ན། ཁྱོད་ཀྱིས་དེའི་ཐད་ལ་རྩོད་གླེང་ཟུར་ཙམ་མམ། ཡང་ན། རྩོད་གླེང་གཏན་ནས་བྱས་མེད་ཅེས་ལབ་ནའང་ཆོག་པ་ཡིན།

དོན་དངོས་ཐོག་ཁྱོད་ཀྱིས་ཅི་ཞིག་རྩོད་གླེང་བྱས་པ་དེ་ནི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ཙམ་རེད། དེ་ལྟ་ནའང་། དེས་ཏག་ཏག་ཁྱོད་ཀྱིས་ཚེ་བཙོན་གྱི་ཉེས་ཆད་ལྗིད་མོ་འཁུར་དགོས་ཐུག་པར་བརྟེན། ངས་ཁྱོད་རང་ཡང་ང་ཚོ་བོད་མི་ཞིག་དང་འདྲ་བར་ཧ་ཅང་ལས་ངན་ཞིག་ཅེས་ཁ་ནས་རང་དབང་མེད་པར་ཤོར་སོང་།

ཇི་ལྟར་བསམ་ན་དེ་ལྟར་ཁྱོད་མི་ལས་ངན་ཞིག་རེད། གལ་སྲིད་ཁྱོད་ཀྱིས་དངོས་གནས་ཡུ་གུར་རང་བཙན་གྱི་ལམ་དུ་ཁྲིད་ཡོད་པའི་དབང་དུ་བཏང་ཞིང་དེ་ཡང་དབྱིན་ཡུལ་དུ་ཡིན་པའི་བཏང་ན། དེ་ནི་ནག་ཉེས་ཤིག་གཏན་ནས་ཡིན་མི་སྲིད་པའམ་ནག་ཉེས་ཤིག་ཏུ་གཏན་ནས་འགྱུར་མི་སྲིད་པ་ཡིན་ལ། ཡང་གཅིག་བཤད་ན། ཁྱོད་ཀྱི་ངོ་གདོང་དེ་རྒྱ་མི་ཞིག་གི་ངོ་གདོང་ཡིན་ཚེ། ཁྱོད་ཀྱི་རྩོམ་ཡིག་གམ་ཁྱོད་ཀྱི་སྐད་ཆ་དེས་ཁྱོད་ཀྱིས་ཚེ་བཙོན་གཏན་ནས་འཁུར་དགོས་མི་སྲིད། འོན་ཀྱང་། ཁྱོད་ཀྱི་ངོ་གདོང་དེ་ནི་ཡུ་གུར་བའི་ངོ་གདོང་ངོ་མ་ཞིག་ཡིན་སྟབས། ཁྱོད་ཀྱི་སྐད་ཆ་དེས་ཁྱོད་ཚེ་བཙོན་དུ་བརྫངས་པ་རེད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 1

  1. གནས་ཚང་། says:
    ལོ་ 11 སྔོན།

    ལྗགས་རྩོམ་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese