ཉིན་འདི་གར་དྷ་རམ་ས་ལར་རང་དབང་གི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གནང་གི་ཡོད་ཅིང་། སང་ཉིན་གཟའ་ཉི་མའི་དགོང་དྲོར་དྷ་ས་ཟློས་གར་ཚོགས་ཁང་དུ་མཐའ་མའི་འགྲན་བསྡུར་གནང་རྒྱུ་ཡིན་འདུག
འགྲན་བསྡུར་ཁྲོད་བུ་མོ་ ༥ མཉམ་ཞུགས་བྱས་ཡོད་པ་དག་ནི། འབྲུག་ཐིམ་ཕུག་ནས་བུ་མོ་གཉིས་ཡོད་པ་ནི། བུ་མོ་ཟླ་བ་བདེ་མ་ (Dawa Dema)རང་ལོ་ ༢༢ དང་། བུ་མོ་ཀུན་བཟང་ཆོས་སྒྲོན་ (Kuensang Choden)རང་ལོ་ ༢༣ ། གཞན། དྷ་ས་བྷག་སུ་ནས་ཡིན་པའི་བུ་མོ་ཇོབ་ཊི་ཌོབ་ར་ (Jyoti Dogra)རང་ལོ་ ༢༢། དྷ་ཤོད་ནས་ཡིན་པའི་བུ་མོ་ཞེ་ཀཱ་ཞཱར་མ་ (Shika Sharma)རང་ལོ་ ༢༢། ཧི་མ་ཅལ་མངའ་སྡེའི་བྷེ་ལ་ས་པུར་ (Bilaspur)རྫོང་ནས་ཡིན་པའི་བུ་མོ་པུ་རེ་ཡང་ཀཱ་ (Priyanka Dogra)རང་ལོ་ ༢༤ བཅས་ཀྱིས་འགྲན་བསྡུར་བྱ་རྒྱུ་ཡིན་འདུག
སང་ཉིན་ཕྱི་དྲོའི་ཆུ་ཚོད་ ༦།༣༠ སྟེང་འགྲན་བསྡུར་གྱི་ལས་རིམ་དང་པོར། འགྲན་ཞུགས་བུ་མོ་སོ་སོས་རང་ཉིད་ངོ་སྤྲོད། རིམ་པ་གཉིས་པ། སྲོལ་རྒྱུན་རིག་གཞུང་སྐོར་འཁྲབ་སྟོན། ལས་རིམ་གསུམ་པ། བཅར་འདྲི་བྱས་ཏེ་མཐའ་མའི་ཕྱོགས་སྡོམ་གྱིས་ཨང་དང་པོར་ཧི་མ་ཡའི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་འབུམ་གཅིག་ ༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠། ཨང་གསུམ་པར་ཧིན་སྒོ་ ༢༥༠༠༠ བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།